ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།པར་རིས།
མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ཟླ1ནས8པའི་བར་དུ་བྱུང་མང་བའི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་བཅུ་བསྒྲགས་འདུག
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-09-21 15:12:00

རང་རེའི་དྲ་བའི་འཕྲིན། འགྲིམ་འགྲུལ་གྱི་སྒྲིག་རིམ་ཇེ་ལེགས་སུ་གཏང་ཆེད། ཉེ་སྔོན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་རླངས་འཁོར་ཁ་ལོ་པའི་འགྲོ་འོང་ཁྱད་ཆོས་གཞིར་བཟུང་བ་དང་། འགྲིམ་འགྲུལ་ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་ཞིབ་བཤེར་ཐག་གཅོད་བྱས་པའི་གནས་ཚུལ་སྦྱར་ནས་ཟླ1ནས8པའི་བར་ཞིང་ཆེན་ཡོངས་སུ་བྱུང་མང་བའི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ཆེན་པོ་བཅུ་ལེགས་སྒྲིག་བྱས་པ་གཤམ་གསལ།

རླངས་འཁོར་གྱི་མྱུར་ཚད་ལས་བརྒལ་པའི་འགྲིམ་འགྲུལ་བྱ་སྤྱོད238154དང་བཀག་སྡོམ་ལམ་ཐིག་ལ་འགལ་བའི་བྱ་སྤྱོད69530བྱུང་། རླངས་འཁོར་ནང་གི་འགྲུལ་པའི་སྐྱོབ་ཐག་བརྒྱབ་མེད་པ61492ཞིབ་བཤེར་ཐག་གཅོད་བྱས།  འགྲིམ་འགྲུལ་བརྡ་རྟགས་དང་འགལ་བའི་བྱ་སྤྱོད38267དང་། ལམ་རྟགས་བརྒྱབ་པའི་རླངས་འཁོར་ལམ་ཐིག་ལྟར་མི་བགྲོད་པའི་བྱ་སྤྱོད37564། སྒྲིལ་འགལ་གྱིས་ཆེད་སྤྱོད་རླངས་འཁོར་གྱི་ལམ་ཐིག་སྤྱོད་པའི་བྱ་སྤྱོད29516བཅས་བྱུང་། དེ་མིན་རླངས་འཁོར་ཁ་ལོ་པའི་སྐྱོབ་ཐག་བརྒྱབ་མེད་པའི་བྱ་སྤྱོད27857ཞིབ་བཤེར་ཐག་གཅོད་བྱས།  རླངས་འཁོར་གྱི་བདེ་འཇགས་ལ་དུས་ལྟར་ཞིབ་བཤེར་མ་བྱས་པར་སྐོར་བཞིན་པའི་རླངས་འཁོར26381དང་།  ལམ་གྱི་ལྡོག་ཕྱོགས་སུ་རླངས་འཁོར་སྐོར་བའི་བྱ་སྤྱོད20853། བཀག་སྡོམ་ལམ་རྟགས་ལ་འགལ་བའི་བྱ་སྤྱོད20430བཅས་ཞིབ་བཤེར་ཐག་གཅོད་བྱས་ཡོད་པས།  རྒྱ་ཆེའི་རླངས་འཁོར་ཁ་ལོ་པ་རྣམས་ཀྱིས་འགྲིམ་འགྲུལ་གྱི་གོམས་གཤིས་ངན་པ་འདི་རིགས་རང་རྟོགས་སྒོས་དོར་ནས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་གཏན་འགོག་དང་།  ཡ་རབས་ཚུལ་མཐུན་དང་སྒྲིག་རིམ་ཅན་གྱི་འགྲིམ་འགྲུལ་ཁོར་ཡུག་ཅིག་མཉམ་བསྐྲུན་མཉམ་སྤྱོད་བྱ་རྒྱུ་གལ་ཆེའོ། །  

ལོ་ཙཱ་བ། ལྷ་ཆེན་རྒྱལ།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ཟླ1ནས8པའི་བར་དུ་བྱུང་མང་བའི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་བཅུ་བསྒྲགས་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།