ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
མཚོ་སྔོན་མྱུར་བགྲོད་གཞུང་ལམ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིས་བཏང་བའི་གསལ་བསྒྲགས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-09-21 09:53:00

ལས་འཚོལ་པ་རྣམས་ལ་ཞུ་རྒྱུར།

ཉེ་ཆར། ཁྲིམས་འགལ་པས་མཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིའི་མིང་ཐོག་ནས། ལས་དོན་བཀོད་སྒྲིག་ཁས་ལེན་ཐོག་ངོ་སྤྲོད་གྲོན་དངུལ་འབོར་ཆེན་གཡོ་ལེན་བྱེད་བཞིན་ཡོད་སྟབས། ངེད་ཀུང་སི་དང་རྒྱ་ཆེའི་ལས་འཚོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆེད་ངེད་ཀུང་སིས་ཆེད་དུ་གསལ་བསྒྲགས་འདི་སྤེལ་པ་ཡིན།

1. ངེད་ཀུང་སིའི་ལས་བསྡུའི་ཆ་འཕྲིན་ཚང་མ་གཞུང་ཕྱོགས་དྲ་ཚིགས(//www.qhjkjt.com青海交控集团)དང་ཁྲིམས་མཐུན་གྱི་ཕྱོགས་གསུམ་པའི་ལས་ཁུངས་ཀྱི་དྲ་ཚིགས(https://www.cebpubservice.com)སྟེང་སྤེལ་ཡོད་པས། ལས་འཚོལ་པ་དག་གིས་གཞུང་ཕྱོགས་སམ་ངེད་ཀུང་སིའི་ཡིག་ཟམ་དུ་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་བསྐུར་བའམ་ཀུང་སིའི་འབྲེལ་ཡོད་མི་སྣར་འབྲེལ་གཏུག་བརྒྱུད་ལས་བསྡུའི་གནས་ཚུལ་དོན་དངོས་ཡིན་མིན་ཐད་ར་སྤྲོད་བྱེད་ཆོག

2. ངེད་ཀུང་སིས་ལས་བསྡུ་སྐབས་སུ་ལས་འཚོལ་པའི་གཏའ་དངུལ་དང་མིང་ཐོ་འགོད་རིན། འགྲོ་ལུགས་གྲོན་དངུལ། འགན་ལེན་དངུལ་སོགས་ཀྱི་གྲོན་དངུལ་གང་ཡང་བསྡུ་མི་སྲིད།

3. ངེད་ཀུང་སི་དང་ཀུང་སིའི་མི་སྣར་བརྫུས་ཏེ་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་ཚེ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏང་རྒྱུ།

4. རྒྱ་ཆེའི་ལས་འཚོལ་པས་དོགས་ཟོན་ནན་མོ་དང་བདེན་རྫུན་གསལ་འབྱེད་ཀྱི་སྒོ་ནས་སྒེར་གྱི་ཆ་འཕྲིན་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ། མགོ་སྐོར་ལ་གཟབ་རོགས། གལ་སྲིད་མགོ་སྐོར་ཐེབས་ཚེ་འཕྲལ་མར་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་དགོས།

ཁྱེད་ཀྱིས་ངེད་ཀུང་སིའི་འབྲེལ་ཡོད་ལས་བསྡུའི་བྱ་འགུལ་གྱི་གནས་ཚུལ་ལ་གཞུང་ཕྱོགས་ནས་རྒྱུས་ལོན་དང་བློ་འདྲི་བྱ་རྒྱུ་གལ།

གཞུང་ཕྱོགས་ཀྱི་དྲ་ཚིགས།

//www.qhjkjt.com青海交控集团

གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས། 青海交控;青海高速

མཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སི།

2023ལོའི་ཟླ་9ཚེས་19ཉིན།

ལོ་ཙཱ་བ། གཡང་སྐྱིད།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་མྱུར་བགྲོད་གཞུང་ལམ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིས་བཏང་བའི་གསལ་བསྒྲགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།