ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
མཚོ་སྔོན་ཞིང་ཆེན་དང་ཧྭ་ཞཱ་དངུལ་ཁང་གིས་མཉམ་ལས་གྲོས་མཐུན་བཀོད།
ཡོང་ཁུངས། གངས་ལྗོངས་མེ་ལོང་།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-09-21 09:47:13

ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཧྭ་ཞཱ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིས་ཟི་ལིང་ནས་མཉམ་ལས་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཧྭ་ཞཱ་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ལིས་མེན་ཅི་སོགས་ལ་ཐུག་འཕྲད་བྱས་པར་མ་ཟད་མཉམ་ལས་གྲོས་མཐུན་བཀོད་པར་བདེན་དཔང་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་ཧྭ་ཞཱ་དངུལ་ཁང་གི་མགོ་བ་གཞོན་པ་ཀའོ་པོ་ཐུག་འཕྲད་ལ་ཞུགས་པར་མ་ཟད་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་ཆིངས་ཡིག་བཀོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་གྲོས་ཚོགས་ལ་ཞུགས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ལིས་མེན་ཅི་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཧྭ་ཞཱ་དངུལ་ཁང་གིས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་རྟེན་འབྲེལ་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་བྱེད་ཅིང་། མཚོ་སྔོན་ལ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐབས་ལམ་བསྟན་ཡོད། མིག་སྔའི་མཚོ་སྔོན་ཧ་ཅང་གལ་ཆེ་བའི་འཕེལ་རྒྱས་དུས་སྐབས་ཤིག་ཏུ་གནས་ཡོད་ཅིང་། མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་ཁྱད་དུ་འཕགས་པ་དང་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་ལ་འཕེལ་རྒྱས་བྱུང་ཡོད་ལ། སྐྱེ་ཁམས་གནས་སྐོར་ལ་འཕེལ་རྒྱས་སྦས་ཤུགས་ཆེན་པོ་ཡོད། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་མདུན་ལྗོངས་རྒྱ་ཆེ། ཧྭ་ཞཱ་དངུལ་ཁང་གི་ཚོང་ར་ཅན་གྱི་ཚད་གཞི་མཐོ་བ་དང་མ་འོངས་པའི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ཡོད་ལ། གསར་དར་ཁྱབ་ཁོངས་ཀྱི་ཚོར་སྐྱེན་དྲག་པོ་ལྡན་པས། ཐེངས་འདིའི་གྲོས་མཐུན་བཀོད་པ་གོ་སྐབས་སུ་བྱས་ནས་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་ཐུན་མོང་ལྟ་ཚུལ་ཇེ་དྲག་ཏུ་བཏང་སྟེ། རྒྱུན་ཆད་མེད་པར་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མཉམ་དུ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་དང་ཐོབ་དཀའ་བའི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ལིས་མེན་ཅི་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧྭ་ཞཱ་དངུལ་ཁང་གི་མཚོ་སྔོན་གྱི་བྱེད་སྒོའི་འཕེལ་རྒྱས་ལ་དོ་སྣང་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས། ཁོས་བསྟན་དོན། ཧྭ་ཞཱ་དངུལ་ཁང་གིས་ཐུན་མིན་གྱི་ཁྱད་སྟོབས་འདོན་སྤེལ་བྱས་ཤིང་། ལྷད་མེད་དངུལ་ལོར་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱེད་པ་དང་། མཚོ་སྔོན་གྱིས་མཐོ་ས་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་བྱ་བའི་ཁྲོད་ཟབ་ཞུགས་བྱས་ཏེ། ཧུར་ཐག་སྒོས་ཚོགས་ཁག་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་། ཤུགས་ཆེན་པོས་མཚོ་སྔོན་ནས་རྒྱུན་མཐུད་དང་གཏན་འཇགས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་མངོན་འགྱུར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་ཞིང་ཆེན་དང་ཧྭ་ཞཱ་དངུལ་ཁང་གིས་མཉམ་ལས་གྲོས་མཐུན་བཀོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།