ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
རྒྱལ་ཡོངས་དམངས་ཆེན་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཀླུ་མོ།  
སྤེལ་དུས། 2023-09-20 16:39:51

  རང་རེའི་དྲ་བའི་འཕྲིན། ཟླ9པའི་ཚེས14ཉིན་ནས་ཚེས19ཉིན་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་པུའུ་ཞའོ་ལིན་གྱིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ། མཚོ་སྔོན་དུ་ཡོང་ནས་ཡང་བསྐྱར་བེད་སྤྱོད་བྱེད་ཆོག་པའི་ནུས་ཁུངས་འདོན་སྤྲོད་ཕྱོགས་བསྡུས་མ་ལག་འཛུགས་སྐྲུན་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས་པ་རེད།

  རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་ལ་སོང་ནས་ཡུལ་དངོས་སུ་རྟོག་ཞིབ་བྱས་པར་མ་ཟད། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་དམངས་ཆེན་གྱི་འཐུས་མི། ཁེ་ལས་ཀྱི་འགན་ཁུར་མི་སྣ་བཅས་དང་བཞུགས་མོལ་བྱས་ཤིང་། རང་ཞིང་གི་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་གསར་སྤེལ་བེད་སྤྱོད་དང་མཉམ་སྤྱོད་སྐྱེལ་འདྲེན། ཐོན་ཁུངས་བཀོད་སྒྲིག། ཚོང་ར་ཅན་གྱི་ཉོ་ཚོང་གནས་ཚུལ། ཞིང་བཀོལ་འགན་སྲུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲིད་ཇུས་སྦྲེལ་མཐུད། ནུས་གསོག་སྒྲིག་ཆས་འཆར་འགོད་འཛུགས་སྐྲུན། ཐོན་ལས་ཕྲེང་འབྲེལ་གོང་འོག་མཉམ་ལས་སོགས་ཁྱབ་ཁོངས་དུ་གནས་པའི་དཀའ་ཁག་དང་གནད་དོན་ལ་ཞིབ་ཏུ་རྒྱུས་ལོན་བྱས།

  ལོ་མང་རིང་གི་འཕེལ་རྒྱས་བརྒྱུད། དྭངས་གཙང་ནུས་ཁུངས་དེ་མཚོ་སྔོན་གྱི“གསེར་བྱང་གསར་པར”འགྱུར་བཞིན་ཡོད།     2023ལོའི་ཟླ8པའི་ཟླ་མཇུག་བར། མཚོ་སྔོན་གྱི་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི4717.3ལ་སླེབས་པའི་ཁྲོད། ནུས་ཁུངས་གསར་པའི་ཆན་ཝ་ཁྲི3059.3ཟིན་པ་དེས64.85%བཟུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

  རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཐོན་ཁུངས་དང་གློག་འཕྲིན། གློག་འདོན་བཅས་གཞི་གཅིག་དང་གླིང་ཁུལ་གྱི་ལྷད་མེད་གློག་འདོན་སོགས་ཁྱབ་གདལ་གཏོང་བ་བརྒྱུད་དེ། རང་ས་གནས་ཀྱི་ནུས་ཁུངས་གསར་བ་ཕྱོགས་བསྡུས་ནུས་པ་མཐོར་འདེགས་གཏོང་བ་དང་། གློག་གིས་རྡོ་སོལ་གྱི་ཚབ་བྱེད་པ་དང་གློག་གིས་སྣུམ་གྱི་ཚབ་བྱེད་པ། གློག་གིས་སོལ་རླངས་ཀྱི་ཚབ་བྱེད་པའི་རྫས་འགྱུར་རྡོ་སྣུམ་འཛད་སྤྱོད་ཚབ་བྱེད་དང་ཚུལ་སྒྱུར་རིམ་སྤོར་ལག་བསྟར་བྱས་ནས། དག་གཙང་ནུས་ཁུངས་དེ་རིམ་པ་བཞིན་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་འདེགས་སྐྱོར་རྒྱུ་རྐྱེན་དུ་འགྱུར་བར་བྱེད་དགོས།

  ཐེངས་འདིའི་རྟོག་ཞིབ་བརྒྱུད་དེ། གནད་དོན་ལ་དམིགས་ནས་བྱེད་ཐབས་ལ་ཞིབ་འཇུག་དང་བཀོལ་སྤྱོད་ཆོག་པའི་གྲོས་གཞི་འདོན་པ། ཡང་བསྐྱར་བེད་སྤྱོད་ཆོག་པའི་ནུས་ཁུངས་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱས་ཏེ། ནུས་ཁུངས་བདེ་འཇགས་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏིས་ཆིན་ཡུན་རྟོག་ཞིབ་ཁྲོད་ཞུགས།

  ཀླུ་མོས་བསྒྱུར།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
རྒྱལ་ཡོངས་དམངས་ཆེན་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ།