ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
མཚོ་སྔོན་ཞིང་ཆེན་གྱིས་སྒོར་དུང་ཕྱུར35.72བཏང་ནས་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་བ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཀླུ་མོ།  
སྤེལ་དུས། 2023-09-20 16:38:52

རང་རེའི་དྲ་བའི་འཕྲིན།    ཟླ9པའི་ཚེས18ཉིན་གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་པ་ལྟར་ན།    གཙོ་དོན་སློབ་གསོ་སྤེལ་བ་ནས་བཟུང་ཞིང་ཆེན་སློབ་གསོ་ཐིང་གིས་བྱ་སྤྱོད་དངོས་ཀྱི་སྟེང་ནས་མཚོ་སྔོན་གྱི་སློབ་གསོ་སྤུས་ཚད་མཐོན་པོས་སྒོ་ནས་འཕེལ་རྒྱས་སུ་གཏོང་རྒྱུར་སྐུལ་འདེད་བཏང་

ཟླ9པའི་ཚེས18ཉིནཟི་ལིང་གྲོང་ཁྱེར་ནན་ཁྲོན་སློབ་འབྲིང་གི་འཛུགས་སྐྲུན་ཡུལ་དངོས་སུ་འཕྲུལ་ཆས་ཀྱི་སྒྲ་གྲགས་པ་དང་ལས་དོན་མི་སྣས་ལས་སྣོན་དང་དུས་ཚོད་དམ་འཛིན་གྱིས་ཁང་བའི་ཕྱི་རོལ་གྱི་སྤྱིའི་ཇུས་འགོད་དང་བཟོ་སྐྲུན་ལ་འབད་བཞིན་ཡོད།     དེ་ནི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5.47དང་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ་ཁྲི6.25ལྷག་ཟིན་པའི་ཆ་ཚང་སློབ་འབྲིང་ཞིག་རེད།     གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན་སློབ་ཁྲིད་ཐོག་ཁང་དང་ཕྱོགས་བསྡུས་ཐོག་ཁང་།    ཚོད་ལྟའི་ཐོག་ཁང་སོགས་བཟོ་སྐྲུན་གཙོ་བོ་ལེགས་གྲུབ་བྱུང་ཡོད།

ཟི་ལིང་གྲོང་ཁྱེར་ནན་ཁྲོན་ཁུལ་གྱི་མཁར་རྙིང་སྒྱུར་བཀོད་དང་གྲོང་རྡལ་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུནཉེ་འཁོར་གྱི་ཟི་ལིང་ཝན་ཁུ་གྲོང་དང་།    ཧུང་ཤིན་ཐེཔའོ།    ཧྲེན་ཅ་ཀྲེ་གྲོང་གསར།    པའེ་ཡུན་ཧྭ་ཅུ་གཞིས་ཁུལ་སོགས་སྔ་རྗེས་སུ་བསྐྲུན་ས་ཉེ་འགྲམ་དུ་སློབ་འབྲིང་ཤིག་བཙུགས་ནས་བྱིས་པ་སློབ་གྲྭར་སྐྱོད་རྒྱུར་སྟབས་བདེ་བསྐྲུན་པ་ལ་ཀུན་གྱིས་རེ་སྒུག་བྱེད་བཞིན་ཡོད།     སློབ་གསོའི་བཀོད་སྒྲིག་གྲུབ་ཆ་སྔར་ས་ཇེ་ལེགས་སུ་གཏོང་ཆེད།    ཟི་ལིང་གྲོང་ཁྱེར་གྱིས་ནན་ཁྲོན་ཁུལ་དུ་ནན་ཁྲོན་སློབ་འབྲིང་གི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་དུ་བསྟར་རྒྱུ་ཐག་བཅད

 ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་ཡི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།     རྣམ་གྲངས་དེ་ནི2020ལོའི་ཟླ་བཅུ་པ་ནས་ལས་འགོ་ཚུགས་པ་དང་སྔོན་དཔག་བྱས་ན2023ལོའི་ལོ་མཇུག་ཏུ་ལས་གཞི་ཡོངས་རྫོགས་མཇུག་འགྲིལ་ནས2024ལོར་བེད་སྤྱོད་གཏོང་འཆར་ཡོད།    དེ་ནི་ཆ་ཚང་སློབ་འབྲིང་ཞིག་ཡིན་ཞིང་རྣམ་གྲངས་དེ་བསྐྲུན་རྗེས་འཛིན་གྲྭ54ཤོང་ཐུབ་པ་དང་སློབ་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེནན་ཁྲོན་ཁུལ་གྱི་མི་འབོར་འཕར་ནས་སློབ་གསོའི་ཐོན་ཁུངས་དཀོན་པའི་གནས་ཚུལ་སྔར་ས་ཞི་ལྷོད་དུ་གཏང་རྒྱུ་རེད།

སྲང་ལམ་བྱང་མའི་སློབ་ཆུང་གི་བྱེད་ནུས་ཁང་དང་བྱེད་སྒོ་སྤེལ་ཡུལ་མི་འདང་བའི་གནས་ཚུལ་ཞི་ལྷོད་དུ་གཏོང་བ་དང་སློབ་མ་རེའི་ཆ་སྙོམས་སློབཁང་གི་རྒྱ་ཁྱོན་དང་དེ་བཞིན་སློབ་མ་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་ཆེ་རུ་བཏང་ནས་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད།    ཟི་ལིང་གྲོང་ཁྱེར་སྲང་ལམ་བྱང་མའི་སློབ་ཆུང་སྒྱུར་བཀོད་རྒྱས་སྐྲུན་རྣམ་གྲངས་ལག་ལེན་དུ་བསྟར་ཞིང་།    རྣམ་གྲངས་བསྐྲུན་རྗེས་སློབ་ཆུང9གསར་དུ་བཙུགས་པ་དང་སླབ་གནས405གསར་དུ་བསྣན་ནས སྲང་ལམ་བྱང་མའི་སློབ་ཆུང་གི་བྱེད་ནུས་ཁང་དང་བྱེད་སྒོ་སྤེལ་ཡུལ་མི་འདང་བའི་གནད་དོན་ཐག་བཅད་ནས།མཐའ་འཁོར་གྱི་སློབ་ལོ་ལོན་པའི་བྱིས་པའི་སྤུས་ལེགས་སློབ་གསོའི་དགོས་མཁོ་བསྐངས་ནས་གྲོང་ཁྱེར་ནང་གི་སློབ་གསོའི་འཕེལ་རྒྱས་་སྐུལ་འདེད་གཏོང་ཆེད་རྨང་གཞི་བཏིང་ཡོད་པ་རེད།     

རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི་སློབ་གྲྭའི་དེ་སྔའི་སྒྲ་གཏོང་སློབ་ཁང་རྙིང་བ་དང་སྐས་རིམ་སློབ་ཁང་།    ཐོག་བརྩེགས་ཁང་བཅས་གཤིག་ནས།སྨི་གྲུ་བཞི་མ5738ཡོད་པའི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་བརྩེགས་རིམ5དང་དེ་བཞིན་ལུས་རྩལ་ཐང་ཆེན་བསྐྲུན་རྒྱུ་རེད།   ་སྔར་རྣམ་གྲངས་ཀྱི་གཙོ་བོའི་ཆ་འགྲུབ་ནས་བཟོ་སྐྲུན་བྱེད་བཞིན་ཡོད་པས་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུའི་འཆར་གཞི་ཡོད

ལོ་ངོ་འདི་དག་གི་རིང་། ཞིང་ཆེན་སློབ་གསོ་ཐིང་གིས་སློབ་གསོའི་རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྒྱལ་ཁབ་པུའུ་ཨུ་དང་ཞིང་ཆེན་ནང་ཁུལ་གྱི་འཕེལ་སྒྱུར་དང་ནོར་སྲིད་སྡེ་ཚན་དབར་འབྲེལ་མཐུད་བྱ་རྒྱུར་རང་འགུལ་ངང་ཤུགས་བསྣན་སྟེ།ལོ་རེར་ཆ་སྙོམས་སློབ་གསོའི་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར30ཡན་དོན་འཁྱོལ་བྱས་པ་དང་ ད་ལོ་མ་དངུལ་སྒོར་དུང་ཕྱུར35.72དོན་འཁྱོལ་བྱས་པས་མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་ཆེད་མ་དངུལ་གྱི་རམ་འདེགས་གང་ལེགས་བྱས་ཡོད།  

རྣམ་གྲངས་བཀོད་སྒྲིག་བྱེད་སྟངས་ཇེ་ལེགས་སུ་བཏང་ནས་མ་དངུལ་སྒོར་དུང་ཕྱུར10.29དོན་འཁྱོལ་བྱས་ནས།   འཛུགས་སྐྲུན་རྣམ་གྲངས158བཀོད་སྒྲིག་བྱས་པ་དང་ནོར་སྲིད་ཀྱི་ཐབས་ལམ་བརྒྱུད་དེ་སྐོར་ཁག་གཉིས་་མ་དངུལ་སྒོར་དུང་ཕྱུར་25.43དོན་འཁྱོལ་བྱས་ཤིང་།འཛུགས་སྐྲུན་རྣམ་གྲངས538བཀོད་སྒྲིག་དང་ལག་བསྟར་བྱས་ཡོད།     ལག་བསྟར་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་སློབ་འགོ་ཚུགས་པའི་ཞིབ་བཤེར་དང་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད་ས་གནས་སོ་སོ་ལ་རྣམ་གྲངས་ལག་བསྟར་གྱི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཞིང་།    ཟླ3པར་མཚོ་སྔོན་ཞིང་ཆེན་གྱི་རྣམ་གྲངས་གལ་ཆེན་གཅིག་སྡུད་ཐོག་ལས་འགོ་ཚུགས་པ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་རྣམ་གྲངས་ལས་འགོ་ཚུགས་ཚད74%སླེབས་པ་དང་ཞིང་ཆེན་རིམ་པའི་གཙོ་གནད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར7.4བཏང་ཡོད།     ནུས་ཤུགས་ཡོད་རྒུསདམངས་ཚིས་་ལེགས་སུ་བཏང་སྟེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་སློབ་གསོའི་ཁྱབ་ཁོངས་ཀྱི་དམངས་ཚིས་བྱ་བ་དངོས་ཀྱི་བཟོ་སྐྲུན་དོན་འཁྱོལ་བྱ་རྒྱུར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དང་།    དངོས་གཞིའི་ཚན་ཁག་གི་མཐོ་སློབ3གྱི་སློབ་མའི་ཉལ་ཁང་དང་ཟ་ཁང་བསྐྲུན་རྒྱུར་རྒྱབ་སྐྱོར་དང་།    རྨང་གཞིའི་སློབ་གསོའི་སློབ་གྲྭ60གསར་སྐྲུན་དང་བསྐྱར་སྐྲུན་བྱས་ཏེ།འཛུགས་སྐྲུན་རྒྱ་ཁྱོན་སྨིགྲུ་བཞི་མཁྲི21ལ་སླེབས་པ་དང་སྔོན་དཔག་གི་དུས་ཚོད་ལྟར་འགྲུབ་རྒྱུའི་རེ་བ་ཡོད།

ཀླུ་མོས་བསྒྱུར།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་ཞིང་ཆེན་གྱིས་སྒོར་དུང་ཕྱུར35.72བཏང་ནས་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ།