2024ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་རྒྱུགས་གཞིར་མིང་ཐོ་འགོད་པའི་དུས་ཚོད།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-09-19 09:15:56

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། སློབ་གསོ་པུའུ་ཡིས་《2024ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་དོ་དམ་སྐོར་གྱི་གཏན་འབེབས》(གཤམ་ནས《གཏན་འབེབས》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ། ས་ཁུལ་སོ་སོའི་སློབ་བསྡུ་ལས་ཁུངས་ཀྱིས་2024ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་བྱ་བ་བཀོད་སྒྲིག་བྱས།
《གཏན་འབེབས》ཀྱིས་བཏོན་པའི་བླང་བྱ་ལྟར་ན། ས་གནས་སོ་སོའི་སློབ་བསྡུ་ལས་ཁུངས་ཀྱིས་རྒྱུགས་སྤྲོད་སློབ་མ་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུགས་སྤྲོད་སློབ་མར་སྔར་ལས་སྟབས་བདེ་བའི་ཞབས་ཞུ་གདོན་སྤྲོད་བྱ་དགོས། རྒྱུགས་གཞིའི་ཐོན་ཁུངས་འགན་སྲུང་ལ་ཤུགས་བསྣན་ཏེ་རྒྱུགས་གནས་དང་རྒྱུགས་གཞིའི་ལས་བྱེད་མི་སྣ་བཀོད་སྒྲིག་གང་ལེགས་བྱ་དགོས། ཆ་རྐྱེན་ལྡན་པའི་ཞིང་ཆེན་གྱིས་ས་གནས་དེ་གའི་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་འདོན་སྤྲོད་དང་མཁོ་ཐོག་ཞབས་ཞུ་འདོན་པར་འགན་ལེན་བྱ་དགོས། སློབ་བསྡུ་ལས་ཁུངས་ཀྱིས་སློབ་མ་རྣམས་ལ་ཁ་རྒྱུགས་བརྡ་ཐོ་སོགས་སྤེལ་དུས་སློབ་མའི་སློབ་སྦྱོང་དང་ལས་ཀ ངལ་གསོའི་དུས་ཚོད་སོགས་ལ་གཞིགས་ནས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། སློབ་མའི་ངོས་འཛིན་བྱེད་པའི་དུས་ཚོད་འདང་ངེས་ཞིག་སྟེར་དགོས། དེ་མིན་དུས་ལྟར་ངོས་འཛིན་བྱས་མེད་པའི་སློབ་མར་འབྲེལ་གཏུག་གྱིས་ངོས་འཛིན་བྱེད་དུ་འཇུག་དགོས་པ་ལས། “དུས་དེ་ལས་འདའ་ཚེ་དང་ལེན་མི་བྱེད་པར་རང་འདོར་ལ་བརྩི་ངེས”ཞེས་སྟབས་བདེའི་ལྟར་ཐག་གཅོད་བྱ་མི་རུང་ངོ། །
ཡིག་རྒྱུགས་ལེན་པའི་དུས་ཚོད། 2023ལོའི་ཟླ12པའི་ཚེས23ནས25ཉིན་བར།
དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད། 2023ལོའི་ཟླ10པའི་ཚེས8ནས་ཟླ10པའི་ཚེས25ཉིན་བར།
སྔོན་ལ་མིང་ཐོ་འགོད་པའི་དུས་ཚོད། 2023ལོའི་ཟླ9པའི་ཚེས24ནས་ཟླ9པའི་ཚེས27ཉིན་བར།
བློ་འདྲི་བྱེད་པའི་དུས་ཚོད། 2023ལོའི་ཟླ9པའི་ཚེས18ནས22ཉིན་བར“ཀྲུང་གོའི་ཞིབ་འཇུག་སློབ་མའི་དྲ་ཚིགས”(https://yz.chsi.com.cn)བརྒྱུད་ནས་བློ་འདྲི་བྱ་ཆོག་གོ །