ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།བརྡ་སྦྱོར།
མཚོ་སྔོན་ཞིང་ཆེན་མི་དོན་ཡིག་རྒྱུགས་ལྟེ་གནས་ཀྱི་བརྡ་ཐོ་གསར་པ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-09-13 14:24:43

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱིས“བློ་འདྲིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར”བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ།

མི་དོན་རྒྱུགས་ལེན་ཞབས་ཞུའི་ཆུ་ཚད་ཏན་ཏིག་ངང་མཐོ་རུ་གཏོང་བ་དང་། རྒྱུགས་སྤྲོད་སློབ་མས་མིང་ཐོ་འགོད་པ་སོགས་ཀྱི་བློ་འདྲིའི་དགོས་མཁོ་སྔར་ལས་ལེགས་པོའི་སྒོ་ནས་སྐོང་ཆེད། མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱིས2023ལོའི་ཟླ9པའི་ཚེས12ཉིན་ནས་བཟུང་བློ་འདྲིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར“8258589དང་8258591”དེ“12333”ལ་བསྒྱུར་པ་རེད། གཞུང་ཞབས་པའི་ལས་བསྡུའི་རྒྱུགས་ལེན་དང་། དོན་ལས་ལས་ཁུངས་ཀྱི་ལས་བསྡུའི་རྒྱུགས་ལེན། ཆེད་ལས་ལག་རྩལ་པའི་ཐོབ་ཐང་རྒྱུགས་ལེན། སྤྱི་ཚོགས་སྟེང་གི་རྒྱུགས་ལེན་གཞན་དག་སོགས་ཀྱི་ལག་རྩལ་རྒྱབ་སྐྱོར་གྱི་འབྲེལ་ཡོད་གནད་དོན་དང་རིགས་སོ་སོའི་འཛིན་ཡིག་སྤྲོད་པའི་ལས་སྒོ་ཚང་མ“བློ་འདྲིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར”12333ལ་བཏང་ཆོག་པ་རེད།

“བློ་འདྲིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར”12333གྱི་ལས་ཀའི་དུས་ཚོད་ནི། ལས་ཞུགས་ཉིན་གྱི་སྔ་དྲོའི་ཆུ་ཚོད8:30ནས་ཆུ་ཚོད12:00བར་དང་། ཕྱི་དྲོའི་ཆུ་ཚོད14:30ནས་ཆུ་ཚོད18:00བར་ཡིན། དེ་སྔའི་བློ་འདྲིའི་ཁ་པར་ཨང་གྲངས8258589དང8258591གཉིས་ཟླ9པའི་ཚེས12ཉིན་ནས་བཟུང་སྤྱོད་མཚམས་བཞག་ཟིན་པས། ཆེད་དུ་ཁྱབ་བསྒྲགས་འདི་སྤེལ་བ་ཡིན། 

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས།

2023ལོའི་ཟླ9པའི་ཚེས12ཉིན།   

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་ཞིང་ཆེན་མི་དོན་ཡིག་རྒྱུགས་ལྟེ་གནས་ཀྱི་བརྡ་ཐོ་གསར་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།