མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གིས་སྤྱི་ཚོགས་ཡོངས་སུ་ཁ་ཕྱོགས་ནས་སྡེ་ཁུལ་གྱི་ལས་དོན་པ་བསྡུ་བའི་བརྡ་སྦྱོར།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།
སྤེལ་དུས། 2023-09-11 15:33:43
སྡེ་ཁུལ་གྱི་ལས་དོན་པ་འགྱུར་ལྡོག་བྱུང་བར་དམིགས་ནས། ཆབ་ཆ་གྲོང་རྡལ་གྱི《སྡེ་ཁུལ་གྱི་ལས་དོན་པ་ལས་བསྡུ་བྱ་བའི་སྐོར་གྱི་ལག་བསྟར་ཇུས་གཞི》གཞིར་བཟུང་ནས། ཕུལ་བྱུང་ཤེས་ལྡན་པ་སྡེ་ཁུལ་དུ་ལས་ཀ་བྱེད་པར་་ལྕག་སྐུལ་དང་། སྡེ་ཁུལ་གྱི་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་སྔར་ལས་ཆ་ཚང་བར་གཏོང་སླད། ཆབ་ཆ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྡེ་ཁུལ་གྱི་ལས་དོན་པ་བསྡུ་རྒྱུ་གཏན་འབེབས་བྱས། འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།
01.ལས་བསྡུའི་མི་གྲངས།
སྡེ་ཁུལ་གྱི་ལས་སྒྲུབ་པ12(དེའི་ནང་ཀྲུང་གུང་ཏང་ཡོན4འདུས།)བསྡུ་རྒྱུ་རེད།
02.ལས་བསྡུའི་ཁྱབ་ཁོངས་དང་ཐོབ་ཐང་ཆ་རྐྱེན།
1.མེས་རྒྱལ་ལ་དགའ་ཞེན་དང་། ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ།
2.གསེར་ཆེན་རྫོང་གི་ཁྱིམ་ཐོ་ཡིན་པ་དང་། ལོ40ཡི་མན(1983ལོའི་རྗེས་ནས་སྐྱེས་པ)ཡིན་པ།
3.ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཆེད་སྦྱོང་སློབ་གྲྭ་ཆེན་མོ་དང་དེའི་ཡན་གྱི་ཡོན་ཚད་ལྡན་དགོས།
4.ཆབ་ཆ་གྲོང་རྡལ་དང་གྲོང་ཚོ། སྡེ་ཁུལ་དུ་ལས་ཀ་བྱས་ནས་ལོ་གཅིག་ཡན་འགོར་ཡོད་ན་སྤྱིའི་སྐར་གྲངས་སྟེང་སྐར་མ2སྣོན་རྒྱུ།
5.ལུས་པོ་བདེ་ཐང་དང་། འགན་འཁྲི་འཁུར་སེམས་ཆེ་བ། སྡེ་ཁུལ་གྱི་ལས་ཀ་འགན་ལེན་ཐུབ་དགོས།
6.རྩོམ་འབྲིའི་ནུས་པ་ངེས་ཅན་ཞིག་ལྡན་དགོས། Wordདངexcelསོགས་ཀྱི་གཞུང་ལས་མཉེན་ཆས་བེད་སྤྱོད་བྱེད་ཤེས་དགོས།
03. མིང་ཐོ་འགོད་པའི་དུས་ཚོད། 2023ལོའི་ཟླ9པའི་ཚེས11ཉིན་ནས་ཚེས15ཉིན་བར་ཡིན། (ཆུ་ཚོད8:30ནས18:00བར།)
མིང་ཐོ་འགོད་ས། ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་ཐོག་བརྩེགས་གསུམ་པའི་ཕྱོགས་བསྡུས་མཐུན་སྦྱོར་ཁོའོ།
04. བློ་འདྲིའི་ཁ་པར་ཨང་གྲངས། 0974-8518801
ཀྲུང་གུང་ཆབ་ཆ་གྲོང་རྡལ་ཨུ་ཡོན་ལྷན་ཁང་།
2023ལོའི་ཟླ9པའི་ཚེས7ཉིན།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།