ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།བརྡ་སྦྱོར།
2023ལོའི་རེབ་གོང་གྲོང་ཁྱེར་གྱིས་སྤྱི་ཚོགས་ཡོངས་སུ་ཁ་ཕྱོགས་ནས་སྒྲིག་ཁོངས་ཕྱིའི་དགེ་རྒན་བསྡུ་བའི་བརྡ་སྦྱོར།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-09-07 15:40:58

རེབ་གོང་གྲོང་ཁྱེར་གྱི་སློབ་གསོ་འཕེལ་རྒྱས་དང་སློབ་གསོ་སློབ་ཁྲིད་ལས་དོན་གྱི་གཟེངས་བསྟོད་ཚོགས་ཆེན་དང《རེབ་གོང་གྲོང་ཁྱེར་གྱི་སློབ་གསོ་སྤུས་ལེགས་འཕེལ་རྒྱས་གཏོང་བའི་བྱ་ཐབས་འགའ་ཞིག》གི་ཡིག་ཆའི་དགོངས་དོན་ལ་གཞིགས་ཏེ། རང་རེའི་གྲོང་ཁྱེར་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་། སློབ་གསོ་དོ་སྙོམས་ལ་སྤུས་ལེགས་པོར་འཕེལ་རྒྱས་ལ་ཤུགས་བསྣན་ཆེད། སྤྱི་ཚོགས་ཡོངས་སུ་ཁ་ཕྱོགས་ནས་སྒྲིག་ཁོངས་ཕྱིའི་དགེ་རྒན7བསྡུ་རྒྱུ་ཡིན་ལ། འབྲེལ་ཡོད་དོན་ཚན་ཞིབ་ཕྲ་གཤམ་གསལ།     

གཅིག བསྡུ་བྱའི་ལས་གནས་དང་མི་གྲངས།

གཉིས། ཚང་དགོས་པའི་ཆ་རྐྱེན།

(གཅིག)རྨ་ལྷོ་ཁུལ་གྱི་ཁྱིམ་ཐོ་ཡིན་དགོས། 

(གཉིས།)རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་སྤྱོད་ལམ་བཟང་དགོས། ཁ་དན་ཚིག་གནས་དང་ལུས་སེམས་བདེ་ཐང་། ཏང་གི་སློབ་གསོའི་བྱ་གཞག་ལ་བློ་དཀར་བ། རེབ་གོང་སློབ་གསོར་ཞབས་འདེགས་ཞུ་འདོད་ཡོད་པ། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ལས་དོན་དང་འཚམ་པ། རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་ཐུབ་པ་ཞིག་ཡིན་དགོས།    

(གསུམ།)མིང་ཐོ་འགོད་ཡུལ་ལས་གནས་ཚང་མ་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་བསླབ་གནས་ལྡན་དགོས།

(བཞི།)ལུས་པོ་བདེ་ཐང་ཡིན་ལ། ལས་གནས་ཀྱི་བླང་བྱ་དང་མཐུན་དགོས། 

(ལྔ།)ལོ་ཚད་ལོ35མན་ཡིན་དགོས། (1988ལོའི་ཟླ8པའི་ཚེས31ཉིན་གྱི་རྗེས་སུ་སྐྱེས་པ་དང་། དེའི་ནང་ཟླ8པའི་ཚེས31ཉིན་ཚུད།)

(དྲུག)མིང་ཐོ་འགོད་ཡུལ་ལས་གནས་དང་འདྲ་བའམ་ཡང་ན་གཅིག་མཚུངས་ཡིན་པའི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ཡོད་དགོས།

(བདུན།)ལས་གནས་ལ་མཁོ་བའི་ཆ་རྐྱེན་གཞན་དག་འཛོམས་དགོས།

གཅིག 2023ལོའི་ཟླ9པའི་ཚེས2ཉིན་གྱི་ཆུ་ཚོད9:00ནས2023ལོའི་ཟླ9པའི་ཚེས8ཉིན་གྱི་ཆུ་ཚོད24:00བར་མིང་ཐོ་འགོད་དགོས།

གཉིས། 2023ལོའི་ཟླ9པའི་ཚེས2ཉིན་གྱི་ཆུ་ཚོད9:00ནས2023ལོའི་ཟླ9པའི་ཚེས9ཉིན་གྱི་ཆུ་ཚོད18:00བར་ཞིབ་བཤེར་བྱ་རྒྱུ་ཡིན།

གསུམ། 2023ལོའི་ཟླ9པའི་ཚེས2ཉིན་གྱི་ཆུ་ཚོད9:00ནས2023ལོའི་ཟླ9པའི་ཚེས10ཉིན་གྱི་ཆུ་ཚོད18:00བར་གྲོན་དངུལ་སྤྲད་དགོས།     

4.མིང་ཐོ་འགོད་སྟངས།ཐེངས་འདིའི་ལས་བསྡུའི་ཡིག་རྒྱུགས་ལ་དྲ་ཐོག་ནས་མིང་ཐོ་འགོད་དགོས་པ་དང་། མིང་ཐོ་འགོད་མཁན་གྱིས་གློག་ཀླད་ཀྱི་སྣེ་ནས་ཁུ་ནུ་ཤེས་ལྡན་པའི་དྲ་བའི་རྒྱུགས་ལེན་ཐོ་འགོད་ལྟེ་གནས(www.klycw.cn)སུ་མིང་ཐོ་འགོད་དགོས། 

ལྔ། བློ་འདྲིའི་ཁ་པར་དང་ས་གནས།     

མིང་ཐོ་འགོད་ས་མཚོ་སྔོན་ལས་བསྡུ་མི་ཤུགས་ཐོན་ཁུངས་ཁྲོམ་ར་ཚད་ཡོད་ཀུང་སི་ཡིན།

མིང་ཐོ་འགོད་པའི་བློ་འདྲིའི་ཁ་པར་ཨང་གྲངས། 0971-6361279    0971-6361285

ལྟ་སྐུལ་ལས་ཁུངས། རེབ་གོང་གྲོང་ཁྱེར་སློབ་གསོ་ཅུའུ།  

ལྟ་སྐུལ་ལས་ཁུངས་ཀྱི་ཁ་པར་ཨང་གྲངས། 0973-8722213

རེབ་གོང་གྲོང་ཁྱེར་སློབ་གསོ་ཅུའུ། 

2023ལོའི་ཟླ8པའི་ཚེས15ཉིན།  

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
2023ལོའི་རེབ་གོང་གྲོང་ཁྱེར་གྱིས་སྤྱི་ཚོགས་ཡོངས་སུ་ཁ་ཕྱོགས་ནས་སྒྲིག་ཁོངས་ཕྱིའི་དགེ་རྒན་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།