མཚོ་སྔོན་ཁའེ་ཧྥང་སློབ་ཆེན་གྱི་སྟོན་དུས་སློབ་བསྡུའི་བརྡ་ཐོ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-08-23 08:58:36
མཚོ་སྔོན་ཁའེ་ཧྥང་སློབ་ཆེན་ནི1979ལོར་བཙུགས་ཞིང་། དེ་སྔའི་མིང་ལ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་ཟེར། དེ་ནི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བསྒྲུབས་པ་དང་ཞིང་ཆེན་སློབ་གསོ་ཐིང་གིས་དོ་དམ་གཙོ་གཉེར་བྱེད་ཀྱི་ཡོད། རྒྱལ་ཁབ་ཁའེ་ཧྥང་སློབ་ཆེན་གྱིས་ལས་སྒོར་མཛུབ་སྟོན་གནང་སྟེ་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་བཙུགས་པའི་སྐུད་ཐོག་སྐུད་འོག་ཟུང་འབྲེལ་གྱི་སློབ་གསོ་ལག་བསྟར་བྱེད་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་རྣམ་པ་གསར་པའི་མཐོ་རིམ་སློབ་ཆེན་ཞིག་ཡིན།
གཅིག བསྡུ་བྱའི་སློབ་མར་ཚང་དགོས་པའི་ཆ་རྐྱེན། དངོས་གཞིའི་སྐོར།
1.རྒྱལ་དམངས་སློབ་གསོའི་རིགས་སམ་ཆེད་ལས་དང་ཉེ་བའི་མཐོ་རིམ་ཆེད་སྦྱོང་ཡན་གྱི་བསླབ་གནས་ལྡན་དགོས།
2.སྨན་ཞབས་རིག་པའི་ཆེད་ལས་ཀྱི་བསྡུ་བྱའི་སློབ་མ་ནི། སྨན་ཞབས་ལས་རིགས་ཐོབ་ཐང་དཔང་ཡིག་ཡོད་པའི་ལས་ཞུགས་པ་ཡིན་དགོས། རྒྱལ་ཁབ་ཁའེ་ཧྥང་སློབ་ཆེན་གྱི་སྨན་ཞབས་རིག་པའི་ཆེད་ལས་ཀྱི་ཆེད་སྦྱོང་བསླབ་གནས་ཡོད་པའི“ཆེད་སྦྱོང་དངོས་འཕར”གྱི་སློབ་མ་གསར་པ་ཡིན་ན། ལས་རིགས་དཔང་ཡིག་སོགས་ཀྱི་འབྲེལ་ཡོད་རྒྱུ་ཆ་འདོན་སྤྲོད་བྱ་མི་དགོས།
3.སྨན་རྫས་རིག་པའི་ཆེད་ལས་ཀྱི་བསྡུ་བྱའི་སློབ་མ་ནི་སྨན་རྫས་འཕྲོད་བསྟེན་སོགས་ཀྱི་འབྲེལ་ཡོད་ལས་རིགས་ཀྱི་ལས་ཞུགས་པ་ཡིན་དགོས།
གཉིས། ཆེད་སྦྱོང་གི་སྐོར།
1.མཐོ་འབྲིང་དང་ལས་རིགས་མཐོ་འབྲིང་། ལག་རྩལ་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་མཐར་ཕྱིན་སློབ་མ་ཡིན་དགོས།
2.སྨན་ཞབས་རིག་པའི་ཆེད་ལས་ཀྱི་བསྡུ་བྱའི་སློབ་མ་ནི། འབྲིང་རིམ་ཆེད་ལས་སློབ་གྲྭའི་མཐར་ཕྱིན་སློབ་མའམ་ཡང་ན་སྨན་ཞབས་ལས་རིགས་ཐོབ་ཐང་གི་དཔང་ཡིག་ཡོད་དགོས།
3.སྨན་རྫས་རིག་པའི་ཆེད་ལས་ཀྱི་བསྡུ་བྱའི་སློབ་མ་ནི། སྨན་རྫས་འཕྲོད་བསྟེན་སོགས་ཀྱི་འབྲེལ་ཡོད་ལས་རིགས་ཀྱི་ལས་ཞུགས་པ་ཡིན་དགོས།
གསུམ། མིང་ཐོ་འགོད་པའི་དུས་ཚོད་དང་ས་གནས།
མིང་ཐོ་འགོད་པའི་དུས་ཚོད། 2023ལོའི་ཟླ9པའི་ཚེས19ཉིན་བར་ཡིན།
3.ཡུལ་དངོས་ནས་མིང་ཐོ་འགོད་སྐབས་གྲ་སྒྲིག་བྱ་དགོས་པའི་རྒྱུ་ཆ་ནི། མཐར་ཕྱིན་འཛིན་ཡིག་དང་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དང་བསྐྱར་དཔར། མ་གདན་སྔོན་པོའི་གློག་རྡུལ་པར་ཆུང་གཅིག་དང་ཚུན་གཅིག་ཅན་གྱི་པར་ཆུང4གྲ་སྒྲིག་བྱ་དགོས།
4.སྐད་འཕྲིན་སྟེང་གི་མིང་ཐོ་འགོད་སྟངས། “国家开放大学招生”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་པ་བརྒྱུད། འབྲེལ་ཡོད་ཆ་འཕྲིན་བསྐང་རྗེས་མིང་ཐོ་དགོད་ཆོག
5.མིང་ཐོ་འགོད་སའི་ས་གནས། མཚོ་སྔོན་ཁའེ་ཧྥང་སློབ་ཆེན་གྱི་སློབ་མའི་ཞབས་ཞུ་ཚོམས་ཆེན།(西宁市城西区五四西路7号,学校大门向东30米)
དེ་མིན་ཁུལ་དང་རྫོང་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་ནས་མིང་ཐོ་དགོད་ཆོག
བཞི། བློ་འདྲི་བྱ་ཡུལ།
0971-6368258ཡང་ན0971-6365538ཡིན།
