མཚོ་ནུབ་ཝུའུ་ལམ་རྫོང་གིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་འཛུགས་སྐྲུན་བྱས།
ཡོང་ཁུངས། གཡེར་མོ་ཐང་འཕྲིན་སྟེགས།
རྩོམ་སྒྲིག་པ། ཀླུ་མོ།
སྤེལ་དུས། 2023-07-17 16:50:16

ཚེས17ཉིན་གྱི་སྔ་དྲོར།རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་གསར་འགོད་པ་40ལྷག་དང་འགྲོགས་ནས་ཝུའུ་ལམ་ཕྱོགས་སུ་བསྐྱོད་དེ་ཆུ་ཚོད་11ཡས་མས་སུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལམ་རྫོང་དུ་འབྱོར།རྒྱུས་ལོན་བྱུང་བ་ལྟར་ན།ད་ལོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་འབྲུ་རིགས་ཀྱི་མཁོ་འདོན་དང་། ཐོན་ལས་ཀྱི་ཡོང་སྒོ། གྲོང་གསེབ་ཀྱི་འཛུགས་སྐྲུན། ཞིང་སྡེའི་བཅོས་སྐྱོང་། ཚན་རྩལ་གཞོགས་འདེགས། བཅོས་བསྒྱུར་གསར་གཏོད་བཅས་ཀྱི་ཐད་ཤུགས་བསྣན་ནས། ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

མཚོ་ནུབ་ཁུལ་གྱིས་ལས་གནས་ཀྱི་རྨང་གཞི་དང་རྩལ་ནུས་གསོ་སྦྱོང་། ཆེད་ལས་ཅན་ལས་ཞུགས་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཐོན་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། འདེབས་འཛུགས་ཀྱི་གྲུབ་ཆ་ཇེ་ལེགས་སུ་བཏང་། 2023ལོར་རྫོང་ཡོངས་སུ་ཞིང་ལས་སྐྱེ་དངོས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི10.2ཟིན་པ་དེ་ན་ནིང་དང་བསྡུར་ན་དོ་སྙོམས་ཡིན་པ་དང་།དེའི་ཁྲོད་འབྲུ་རིགས་ས་མུའུ་ཁྲི5.92ཟིན་པ་དེ་ལོ་སྔོན་མ་ལས5.15%ཉུང་དུ་ཕྱིན། སྣུམ་རྒྱུ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ས་མུའུ་ཁྲི0.78ཟིན་པ་དེ་ལོ་སྔོན་མ་ལས47.17%འཕར་བ་དང། སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་ས་མུའུ་ཁྲི0.18ཟིན་ལ་དེ་ནི་ལོ་སྔོན་མ་དང་གཅིག་མཚུངས་རེད། རྫོང་ཡོངས་ཀྱི་ཤ་རིགས་ཐོན་སྐྱེད་ཚད་ཏུན854.43དང་། སྒོ་ང་ཏུན2.49།འོ་མ་ཏུན34.25བཅས་ཟིན། ལས་གཞི་འདེགས་སྐྱོར་ལ་ཤུགས་སྣོན་པ་སྟེ། འཆར་གཞི་ལྟར་ན། གཙོ་གནད་ལས་གཞིའི་གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་ལས་སྦྲེལ་ཐག་གི་གཙོ་གནད་ལས་གཞི5ལ་མ་དངུལ་སྒོར་དུང་ཕྱུར1.36གཏོང་རྒྱུ་ཡིན་པ་དང་། ད་ལྟ་ཝུའུ་ལན་རྫོང་ཤིས་ལི་ཀོའུ་གྲོང་རྡལ་བཤས་གཏོང་ལས་སྣོན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལས་གཞི་དང་། ཝུའུ་ལན་རྫོང་ཆིང་ཞང་བཤའ་ལུག་གསོ་ཚགས་རྟེན་གཞིའི་འཛུགས་སྐྲུན་ལས་གཞི2འཛུགས་སྐྲུན་བྱེད་བཞིན་ཡོད་ལ།
གནོད་མེད་བཅུད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་དཔེ་སྟོན་ཁུལ་གསར་སྐྲུན་དང་། ཞིང་ཕྱུགས་ཁྱད་ལྡན་དགེ་མཚན་ཐོན་ལས་གསོ་སྐྱོང་བྱས།
གསར་འགོད་པ། ཤ་མོ་འཚོ།


