མཚོ་སྔོན་གྱི་ཚྭ་མཚོའི་མ་རྐང“ཀྲུང་གོའི་རྫས་འགྱུར་ལུད་རྫས་ཁེ་ལས་སྟོབས་ཆེན་བརྒྱའི”མིང་ཐོར་ཚུད།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-12-29 10:50:00
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། ཉེ་ལམ་ཀྲུང་གོའི་རྫས་འགྱུར་བཟོ་ལས་ཆ་འཕྲིན་ལྟེ་གནས་དང་། ཀྲུང་གོའི་རྫས་འགྱུར་བཟོ་ལས་གསང་འཕྲིན་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་དང་། ཀྲུང་ཀོའི་རྫས་འགྱུར་ལུད་རྫས་ཆ་འཕྲིན་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བའི་སྐབས་བཅོ་ལྔ་བའི་ཀྲུང་གོའི་རྫས་འགྱུར་ལུད་རྫས་སྟོབས་ལྡན་བརྒྱ་དཔྱད་འདེམ་ཁྱབ་སྒྲོག་དང་། ཀྲུང་གོའི་རྫས་འགྱུར་ལུད་རྫས་ཐོན་ལས་སྤུས་ལེགས་གོང་སྤེལ་མཐོ་རིམ་གླེང་སྟེགས་སྟེང་དུ། “2022ལོའི་ཀྲུང་གོའི་རྫས་འགྱུར་ལུད་རྫས་སྟོབས་ལྡན་བརྒྱ”ཡི་མིང་ཐོ་ཁྱབ་སྒྲོག་བྱས་ཤིང་། ཚྭ་མཚོའི་མ་རྐང་ནི་མིང་ཐོ་ལས་ཨང་བརྒྱད་པ་ཟིན་པའི་མཚོ་སྔོན་གྱི་རྒྱལ་ཁོངས་རྫས་འགྱུར་ཁེ་ལས་གཅིག་པུར་གྱུར།