ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།པར་རིས།
དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་རྒྱུགས་སྤྲོད་ལ་མིང་ཐོ་འགོད་པའི་དུས་ཚོད་བསྒྲགས་འདུག
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-12-28 09:24:00

མིང་ཐོ་འགོད་པའི་དུས་ཚོད།

2023ལོའི་ཟླ1པའི་ཚེས13ནས16ཉིན་བར།

རྒྱུགས་སྤྲོད་འཛིན་ཡིག་ལེན་པའི་དུས་ཚོད།

2023ལོའི་ཟླ3པའི་ཚེས6ནས11ཉིན་བར།

ཡིག་རྒྱུགས་ལེན་པའི་དུས་ཚོད།

2023ལོའི་ཟླ3པའི་ཚེས11ཉིན།

ཆ་རྐྱེན།

1.རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་ལས་འཁྱུར་ངལ་གསོའི་ལོ་ཚད་དང་སླེབས་མེད་པའི་སྤྱི་དམངས།

2.རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་ཅིང་། སློབ་གསོའི་ལས་དོན་ལ་དགའ་བ།

3.《དགེ་རྒན་གྱི་བཅའ་ཁྲིམས》ཀྱིས་གཏན་འཁེལ་བྱས་པའི་བསླབ་གནས་ཀྱི་ཆ་རྐྱེན་ལྡན་པ།

4.བྱིས་གཉོར་ཁང་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལ་མིང་ཐོ་དགོད་པར་འབྲིང་རིམ་བུ་བཅོལ་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་པའམ་དེའི་ཡན་གྱི་བསླབ་གནས་ལྡན་དགོས།

5.སློབ་ཆུང་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལ་མིང་ཐོ་དགོད་པར་འབྲིང་རིམ་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་པའམ་དེའི་ཡན་གྱི་བསླབ་གནས་ལྡན་དགོས།

6.དམའ་འབྲིང་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལ་མིང་ཐོ་དགོད་པར་ཆེད་སྦྱོང་དང་དེའི་ཡན་གྱི་བསླབ་གནས་ལྡན་དགོས།

7.སློབ་འབྲིང་དང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལ་མིང་ཐོ་དགོད་པར་དངོས་གཞི་དང་དེའི་ཡན་གྱི་བསླབ་གནས་ལྡན་དགོས།

8.འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་དངོས་སྦྱོང་མཛུབ་སྟོན་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལ་མིང་ཐོ་དགོད་པར། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའམ་དེའི་ཡན་གྱི་བསླབ་གནས་ལྡན་དགོས་པར་མ་ཟད། ལས་རོགས་བཟོ་སྐྲུན་པ་དང་དེའི་ཡན་གྱི་ཆེད་ལས་ལག་རྩལ་གྱི་ལས་གནས་སམ་འབྲིང་རིམ་དང་དེའི་ཡན་གྱི་ལག་རྩལ་རིམ་པ་ལྡན་དགོས།

ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭའི་ལོ་རིམ་གསུམ་པ་དང་དེའི་ཡན་གྱི་དངོས་གཞི་སློབ་མ་དང་། སློབ་གྲྭའི་ཆེས་མཐའ་མཇུག་གི་སློབ་ལོ་ལོན་པའི་ཆེད་སྦྱོང་སློབ་མ་ཚང་མས་མིང་ཐོ་དགོད་ཆོག་གོ །

ལོ་ཙཱ་བ། ལྷ་ཆེན་རྒྱལ།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་རྒྱུགས་སྤྲོད་ལ་མིང་ཐོ་འགོད་པའི་དུས་ཚོད་བསྒྲགས་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། སུང་ཆི།