ཀྲུང་གོ་ཞིང་བའི་ལོ་ལེགས་དུས་སྟོན་དང་མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྤེལ་གྲོས་ཚོགས་མཚོ་སྔོན་རྨ་ཙོང་སྐབས་བདུན་པའི་ཞིང་ལས་ཐོན་རྫས་འགྲེམ་སྤེལ་གྲོས་སྟོན་གྱི་མཛད་སྒོ་གཟབ་རྒྱས་ངང་སྤེལ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-12-21 12:19:00
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས18ཉིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་དང་མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། གཞོང་ཐང་རྫོང་ཏང་ཨུ། རྫོང་མི་དམངས་སྲིད་གཞུང་དང་མཚོ་ཤར་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་ཡིས་སྒྲུབ་འགན་ཁུར་ཡོད། གྲོང་ཁྱེར་དང་ཁུལ8གྱི་ཞིང་ལས་ཞིང་སྡེ་ལས་ཁུངས་ཟབ་ཞུགས་བྱས་ཤིང་། མཚོ་ཤར་གྲོང་ཁྱེར་གྱི་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་རྫོང་ཁག་སོ་སོའི་མི་དམངས་སྲིད་གཞུང་གིས་རོགས་སྒྲུབ་བྱས་པའི་ཀྲུང་གོའི་ལོ་ལེགས་དུས་སྟོན་དང་མཚོ་སྔོན་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་གྲོས་ཚོགས་མཚོ་སྔོན་རྨ་ཙོང་སྐབས་བདུན་པའི་ཞིང་ལས་ཐོན་རྫས་ཀྱི་འགྲེམས་སྤེལ་གྲོས་ཚོགས་དེ་གཞོང་ཐང་ཧོར་རིགས་ཧའེ་རིགས་རང་སྐྱོང་རྫོང་དུ་གཟབ་རྒྱས་ངང་སྤེལ་འགོ་བརྩམས།
ཞིང་ལས་ཐོན་རྫས་འགྲེམས་སྤེལ་ཚོགས་རའི་ནང་གི་འགྲེམས་སྟོན་ཚོམས་ཆེན།
ཞིང་ལས་ཐོན་རྫས་འགྲེམས་སྟོན་གྲོས་ཚོགས་ནང་གི་ཐོན་རྫས་ཕྱིར་འཚོང་ཐད་གཏོང་གི་ཡུལ་དངོས།
ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། རིམས་ནད་དང་གནོད་འཚེ་འཕར་མའི་ཤུགས་རྐྱེན་ཚབས་ཆེན་འོག་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་དམ་འཛིན་སྒོས། གྲོང་གསེབ་དར་སྤེལ་གྱི་ལས་འགུལ་ཆེན་པོ་བརྒྱད་དངོས་སུ་ལག་བསྟར་གཏིང་ཟབ་ངང་སྤེལ། ཐོན་རྫས་དང་ཡོང་སྒོ་འཕར་དུ་བཅུག ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཐུན་མོང་གི་འབད་བརྩོན་འོག་ད་བཟོད་ལོ་ལེགས་ཀྱི་དུས་སྟོན་ལོ་ཞིག་བསུ་ཐུབ་པ་བྱུང་། སྔོན་དཔག་ལྟར་ན། ལོ་ཧྲིལ་བོའི་ཐོན་སྐྱེད་ཀྱི་འཕར་ཚད4.5%ཡི་ཡན་ཡིན་ཞིང་། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ་ཡང5%ཡི་ཡན་ལ་སླེབས་ཡོད། འབྲུ་རིགས་སྤྱིའི་ཐོན་སྐྱེད་ཚད་གཞི་ཏུན་ཁྲི107.3དང་སྣུམ་རྒྱུའི་ཐོན་སྐྱེད་ཏུན་ཁྲི30.9 སྔོ་ཚོད་ཀྱི་ཐོན་སྐྱེད་ཏུའུ་ཁྲི154 ཤའི་རིགས་ཀྱི་ཐོན་སྐྱེད་ཏུན་ཁྲི44.37 འོ་མ་ཏུན་ཁྲི37 བྱ་སྒོང་ཏུན་ཁྲི1.55བཅས་ཡིན་ཞིང་། ལོ་སྔོན་མ་དང་སྡུར་ན་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད།
ཐེངས་འདིའི་ཞིང་བའི་ལོ་ལེགས་དུས་སྟོན་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་དེ་ནི་མཚོ་སྔོན་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་གྲོས་ཚོགས་མཚོ་སྔོན་རྨ་ཙོང་སྐབས་བདུན་པའི་ཞིང་ལས་ཐོན་རྫས་འགྲེམས་སྟོན་ཉོ་འཚོང་བརྗེ་རེས་ཀྱི་རྣམ་པའི་སྤེལ་བ་དང་། འགྲེམས་སྟོན་ཚོམས་ཆེན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2ཡོད་པས། གྲུབ་འབྲས་འགྲེམས་སྟོན་ཁུལ་དང་ཞིང་བའི་ལོ་ལེགས་ཉམས་ལེན་ཁུལ། གྲུབ་འབྲས་འགྲེམས་སྟོན་ཁུལ་བཅས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་འགྲེམས་སྟོན་ཁང་གསར་འཛུགས་བྱས་ཡོད་ལ། མཚོ་ཤར་གྲོང་ཁྱེར་གྱི་རྫོང་དྲུག་གི་འགྲེམས་སྟོན་ཁང་དང་ཚན་རྩལ་གསར་སྐྲུན་ཁང་། གཟུགས་འདས་རིག་གནས་འགྲེམས་སྟོན་ཁང་། གཙག་དྲུབ་འགྲེམས་སྟོན་ཁང་། ནས་ཆང་འགྲེམས་སྟོན་ཁང་སོགས་འགྲེམས་སྟོན་ཁང18ལ་ཁྱོན་བསྡོམས་པས་སྨི་གྲུ་བཞི་མ8350ཡོད། འགྲེམས་སྟོན་ཁང་གིས་ལྗོངས་ཕྱིའི་གུར་ཕུབ་པའི་རྣམ་པ་ལ་བརྟེན་ནས་ཞིང་བའི་ལོ་ལེགས་ཉམས་ལེན་ཁུལ་དང་རྨ་ཙོང་ཁྱད་ལྡན་ཟས་མཆོག་འགྲེམས་སྟོན་ཁུལ། མཚོ་སྔོན་གྱི་ཕྱེ་ཐུག་འགྲེམས་སྟོན་ཁུལ། ཉོ་འཚོང་ཁུལ། མི་རིགས་ཀྱི་ཁྱད་ལྡན་ཟས་མཆོག་རོལ་མྱོང་བྱེད་ས། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན་བྱེད་ཡུལ། ཞིང་ལས་ཐོན་རྫས་ཉོ་འཚོང་སོགས་ཀྱི་བྱེད་སྒོ་སྤེལ་ཡོད།
བྱ་འགུལ་གྱི་ཉིན་དེར་ད་རུང་དྭངས་གཙང་གི་མཚོ་སྔོན། མཐོ་སྒང་གི་ཁྱད་འཕགས་ཞེས་པའི2022ལོའི་མཚོ་སྔོན་གྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་སྤུས་ལེགས་ཞེས་པའི་རིམ་བསྟར་དཔྱད་འཇོག་བྱ་འགུལ་གྱི་ཚོང་རྟགས་ཁྱབ་སྒྲོག་གྲོས་ཚོགས་ཡང་བསྡུས། ཡུལ་དངོས་སུ་ཁེ་ལས་ཀྱི་ཚོང་རྟགས་འབུར་ཐོན20ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་གྱི་ཞིང་ལས་སྤུས་ལེགས100ཡི་ཐོན་རྫས་ཚོང་རྟགས་དང་འཕེལ་རྒྱས་ཀྱི་ནུས་པ་དྲག་པོ་ལྡན་པའི་ཁེ་ལས10ལ་ཁེ་ལས་ཚོང་རྟགས་ཀྱི་མ་འོངས་པའི་གྲགས་སྐར་ཞེས་པའི་མཚན་སྙན་གནང་།
ལྷ་དཔལ་སྐྱབས་ཀྱིས་བསྒྱུར།