ད་ལོ་རང་ཞིང་གིས་རྒྱལ་ཁོངས་ལྗང་སྒྱུར་གྱི་རྒྱ་ཁྱོན་མུའུ་ཁྲི525.5ལ་བུད་ཡོད།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-12-19 13:44:00
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས14ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་གསར་འགྱུར་ཁྱབ་སྤེལ་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་རྒྱལ་ཁོངས་ལྗང་སྒྱུར་རྒྱ་ཁྱོན་མུའུ་ཁྲི525.5ཡོངས་འགྲུབ་བྱས་ཤིང་། དེའི་ཁྲོད་ནགས་ཚལ་འཛུགས་སྐྲུན་གྱི་རྒྱ་ཁྱོན་མུའུ་ཁྲི267དང་རྩྭ་ཐང་གི་ས་ནག་སླར་གསོའི་བཅོས་སྐྱོང་མུའུ་ཁྲི258.5ཡོད་ལ། སོ་སོའི་ལོ་གཅིག་གི་ལས་འགན་གྱི143.5%དང100%ཡོངས་འགྲུབ་བྱས་ཟིན་པས་རྒྱལ་ཁོངས་ལྗང་སྒྱུར་ཐད་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།
ལྷ་དཔལ་སྐྱབས་ཀྱིས་བསྒྱུར།