ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།པར་རིས།
མཚོ་བྱང་ཁུལ་སྤྱི་བདེ་ཅུའུ་ཡིས་ཉེན་རྟོག་ལས་རོགས་པ30བསྡུ་རྒྱུ་རེད།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-12-17 10:34:00

རང་རེའི་དྲ་བའི་འཕྲིན། 《སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་རོགས་པ་དང་མི་དམངས་ཁྲིམས་ཁང་མི་དམངས་ཞིབ་དཔྱོད་ཁང་གི་གནས་སྐབས་གདན་ཞུའི་དྲུང་ཡིག་གི་ཕོགས་དངུལ་དོ་དམ་ཚད་ལྡན་དུ་གཏོང་བའི་ཐད་ཀྱི་བརྡ་ཐོ》(མཚོ་སྔོན་ནོར་སྲིད་བཅའ་ཁྲིམས་ཨང〔2020〕1524པ)དང《མཚོ་བྱང་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་རོགས་པ་དོ་དམ་གྱི་ཞིབ་ཕྲའི་སྲོལ་ཡིག》(མཚོ་བྱང་སྲིད་སྒྲུབ་ཨང〔2021〕27པ)སོགས་ཀྱི་ཡིག་ཆའི་དགོངས་དོན་གཞིར་བཟུང་སྟེ། མཚོ་བྱང་ཁུལ་སྤྱི་བདེ་ཅུའུ་ཡིས་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་ཉེན་རྟོག་ལས་རོགས་པ་བསྡུ་བའི་འབྲེལ་ཡོད་བརྡ་ཐོ་གཤམ་གསལ་ལྟར།

གཅིག བསྡུ་བྱའི་མི་གྲངས།

ཉེན་རྟོག་ལས་རོགས་པ30(སྐྱེས་པ)བསྡུ་རྒྱུ།

གཉིས། ཁྱབ་ཁོངས།

མཚོ་བྱང་ཁུལ་ལ་ཁ་གཏད་ནས་བསྡུ་རྒྱུ་ཡིན་ཞིང་། དེའི་ཁྲོད་མཚོ་བྱང་ཁུལ་གྱི་ཁྱིམ་ཐོ་ཡོད་པ་དང་མཚོ་བྱང་ཁུལ་ནས་གཞི་རིམ་གྱི་ལས་གཞི་ཅི་རིགས་སུ་ཞབས་ཞུ་བྱེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། ཁུལ་གྱིས་བཀོད་སྒྲིག་བྱས་པའི་རུ་འཁྱུར་དམག་མི་བཅས་ཡིན་དགོས།

གསུམ། ཆ་རྐྱེན།

1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱེད་པ། སྤྱི་བདེ་ལས་དོན་ལ་དགའ་ཞིང་སྤྱོད་ལམ་ལེགས་པ། ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་མེད་པ།

2.མཚོ་བྱང་ཁུལ་གྱི་ཁྱིམ་ཐོ་ཡོད་དགོས།

3.ལོ18ནས35བར། (1987.12.11—2004.12.11)

4.རྒྱལ་དམངས་སློབ་གསོའི་ཆེད་སྦྱོང་དང་དེའི་ཡན་གྱི་བསླབ་གནས་ལྡན་དགོས། རུ་འཁྱུར་དམག་མིའི་བསླབ་གནས་མཐོ་འབྲིང་དང་དེའི་ཡན་གྱི་བསླབ་གནས་ཡིན་དགོས།

5.གཟུགས་པོ་བདེ་ཐང་དང་དབང་བོ་སྐྱོན་ཅན་མིན་པ། ལས་སྟེང་དུ་ཁབ་གཙགས་རི་མོ་མེད་པ། དེ་མིན་གཟུགས་པོའི་ཆ་རྐྱེན་གཞན་དག་ཀྱང་ཚང་དགོས།

6.འདྲ་མཉམ་ཆ་རྐྱེན་འོག་གཤམ་གྱི་ཆ་རྐྱེན་འདི་དག་ཚང་ན་དམིགས་བསལ་ཡོད།

(1)སྤྱི་བདེའི་རིགས་སམ་སྲིད་ཁྲིམས་རིགས་ཀྱི་སློབ་གླིང་ནས་སློབ་མཐར་ཕྱིན་པའི་སློབ་མ།

(2)རུ་འཁྱུར་དམག་མི།

(3)བདེན་དོན་དཔའ་མི་དང་སྔོན་ཐོན་མི་སྣ།

(4)སྤྱི་བདེའི་སྔོན་གཤེགས་དཔའ་བོ་དང་གཞུང་དོན་ཆེད་སྐུ་གཤེགས་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་ཆ་རྐྱེན་དང་མཐུན་པའི་བཟའ་ཟླ་དང་བུ་ཕྲུག།

(5)ལས་ཐོག་སྤྱི་བདེའི་མི་དམངས་ཉེན་རྟོག་པའི་བཟའ་ཟླ་དང་བུ་ཕྲུག་བཅས་ཡིན་ན་དམིགས་བསལ་ཡོད།

བཞི། མིང་ཐོ་འགོད་པའི་དུས་ཚོད།

1.དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད།

2022ལོའི་ཟླ12པའི་ཚེས19—ཟླ12པའི་ཚེས23ཉིན།

2.དྲ་ཐོག་ནས་ཆ་འཕྲིན་དག་བཅོས་བྱེད་པའི་དུས་ཚོད།

2022ལོའི་ཟླ12པའི་ཚེས19—ཟླ12པའི་ཚེས24ཉིན།

3.ཞིབ་བཤེར་བྱེད་པའི་དུས་ཚོད།

2022ལོའི་ཟླ12པའི་ཚེས19—ཟླ12པའི་ཚེས25ཉིན།

4.གྲོན་དངུལ་སྤྲོད་པའི་དུས་ཚོད།

5.རྒྱུགས་སྤྲོད་འཛིན་ཡིག་ལེན་པའི་དུས་ཚོད།

2022ལོའི་ཟླ12པའི་ཚེས27—ཟླ12པའི་ཚེས30ཉིན།

6.མིང་ཐོ་འགོད་སའི་དྲ་ཚིགས།

//bm.cptae.com/tip/(གློག་ཀླད་སྟེང་ནས་ཁ་འབྱེད་དགོས)

ལྔ། གསོལ་ཐང་།

1.《སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་རོགས་པ་དང་མི་དམངས་ཁྲིམས་ཁང་མི་དམངས་ཞིབ་དཔྱོད་ཁང་གི་གནས་སྐབས་གདན་ཞུའི་དྲུང་ཡིག་གི་ཕོགས་དངུལ་དོ་དམ་ཚད་ལྡན་དུ་གཏོང་བའི་ཐད་ཀྱི་བརྡ་ཐོ》(མཚོ་སྔོན་ནོར་སྲིད་བཅའ་ཁྲིམས་ཨང〔2020〕1524པ)ལྟར་ལག་བསྟར་བྱ་རྒྱུ།

2.རྒན་གསོའི་འགན་སྲུང་དང་སྨན་བཅོས་འགན་སྲུང་། ལས་ཤོར་འགན་སྲུང་། ལས་རྨས་འགན་སྲུང་། ཁང་པའི་སྤྱི་གསོག་མ་དངུལ་བཅས་ལས་ཁུངས་ཀྱིས་སྤྲོད་པའི་གྲོན་དངུལ་ཕུད་མི་སྒེར་གྱིས་སྤྲོད་དགོས་པ་དག་སྒེར་གྱིས་འགན་འཁུར་དགོས་སོ། །

དྲུག བློ་འདྲི་བྱ་ཡུལ། 0970—8642310 13897108009 18309700140

ལོ་ཙཱ་བ། ལྷ་ཆེན་རྒྱལ།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་བྱང་ཁུལ་སྤྱི་བདེ་ཅུའུ་ཡིས་ཉེན་རྟོག་ལས་རོགས་པ30བསྡུ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། སུང་ཆི།