རྩོམ་པ་པོ་གྲགས་ཅན་ཉྭ་ནག་པ་བ་རེས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་པ་པོ་གྲགས་ཅན་ཉྭ་ནག་པ་བ་རེས།

1960—2025

ཉྭ་ནག་པ་བ་རེས། ཕོ། བོད་རིགས། 1960—2025། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དུ་སྐུ་འཁྲུངས། 1985ལོར་མཚོ་སྔོན་མི་རིགས་སློབ་གླིང་ནས་སློབ་མཐར་ཕྱིན། 1979ལོ་ནས་བཟུང་མཚོ་ནུབ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་དང་མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་དུ་ལོ་ངོ་སུམ་ཅུ་ལྷག་གི་རིང་སློབ་གསོའི་ལས་ཀ་གཉེར། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་འཛིན་ཡིན། 1986ལོ་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་མགོ་བརྩམས་ཤིང་། སྔ་རྗེས་སུ་“སྦྲང་ཆར་རྩོམ་རིག་བྱ་དགའ”དང“ཚྭ་འདམ་གཞོང་རྩོམ་རིག་བྱ་དགའ”སོགས་ཐོབ་མྱོང་། བརྩམས་ཆོས་ལ《སྔོན་མོ་སྤང་ལས་འཁྲུངས་པའི་སེམས་ཀྱི་རོལ་མོ》དང་《མཁའ་ལ་འཕྱོ་བའི་ཡིད་ཀྱི་བརྩེ་རླབས》《བརྩེ་མདངས་ལ་འཁྱུད་པའི་སྨོན་འདུན》《བརྩེ་ཞེན་གྱིས་བསླངས་པའི་འགྱུར་ཁུགས》《རྒྱང་ལྟའི་ཁྲོད་ཀྱི་ལྷ་རི》《མེ་ཏོག་སེར་ཆེན》《སྨིན་དྲུག་ཁ་ཆུ》《གཏེར་ལེན་ཁའི་ཟླ་བ》《རྩོམ་བསྡུས་བྱི་རུའི་དོ་ཤལ》《བོང་སྟག་ཞིབ་འཇུག》《བོང་སྟག་ཉྭ་ནག་གི་ཁྱིམ་རྒྱུད་ལོ་རྒྱུས》《བགྲོ་གླེང་དང་བསམ་གཞིག》《རྩོམ་བཤད་གཏམ་གསར་སྒོ་འབྱེད》སོགས་ཡོད།

ཉྭ་ནག་པ་བ་རེས་ཀྱི་ལྷུག་རྩོམ་དེབ་ཕྲེང་།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།