ནག་ཆུའི་དབྱར་རྩྭ་དགུན་འབུ་དྲ་ཐོག་འཚོང་བའི་ཐད་དྲན་སྐུལ་བྱས་དོན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

ཁ་སང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ནག་ཆུའི་དབྱར་རྩྭ་དགུན་འབུ་དྲ་སྦྲེལ་ཐད་གཏོང་བརྒྱུད་ཚོང་གཉེར་བྱེད་པའི་ཐད་དྲན་སྐུལ་ཞིག་སྤེལ་བ་དེའི་ནང་དོན་ཆ་ཚང་གཤམ་གསལ།

དྲ་བའི་ཐད་གཏོང་ཁེ་གཉེར་བ་དང་ཐད་གཏོང་ཚོང་གཉེར་བ་ཚོ།

དྲ་སྦྲེལ་ཐད་གཏོང་བརྒྱུད་ནག་ཆུའི་དབྱར་རྩྭ་དགུན་འབུ་ཚོང་གཉེར་བྱེད་པའི་བྱ་སྤྱོད་སྔར་བས་ཚད་ལྡན་བཟོ་བ་དང་། ནག་ཆུའི་དབྱར་རྩྭ་དགུན་འབུ་ཡི་ཚོང་རྟགས་ཀྱི་མཚན་སྙན་ལ་སྲུང་སྐྱོབ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ། ནག་ཆུའི་དབྱར་རྩྭ་དགུན་འབུའི་ཐོན་ལས་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ཆེད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གློག་རྡུལ་ཚོང་དོན་བཅའ་ཁྲིམས་དང་།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚམས་སྦྱོར་བརྡ་ཁྱབ་བཅའ་ཁྲིམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་》《དྲ་སྦྲེལ་ཐོག་གི་ཉོ་ཚོང་ལ་ལྟ་སྐུལ་དོ་དམ་བྱ་ཐབས་དྲ་སྦྲེལ་ཐད་གཏོང་ཚོང་གཉེར་ལ་དོ་དམ་བྱ་ཐབས་(ཚོད་ལྟར་སྤྱོད་རྒྱུ)ས་གཤིས་མཚོན་རྟགས་ཐོན་རྫས་སྲུང་སྐྱོབ་བྱ་ཐབས། ནག་ཆུ་གྲོང་ཁྱེར་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་དོ་དམ་སྲོལ་ཡིག་སོགས་ཁྲིམས་ལུགས་ཁྲིམས་སྲོལ་ལ་གཞིགས་ནས། དྲ་སྦྲེལ་ཐད་གཏོང་བརྒྱུད་ནག་ཆུའི་དབྱར་རྩྭ་དགུན་འབུ་འཚོང་བའི་བྱ་སྤྱོད་ཐད་དྲན་སྐུལ་ཞུ་དོན་གཤམ་གསལ།

གཅིག ལག་ཁྱེར་མེད་པར་ཚོང་གཉེར་བྱེད་པའི་རིགས་གཏན་འགོག་བྱ་དགོས། དྲ་སྦྲེལ་ཐད་གཏོང་བརྒྱུད་ནག་ཆུའི་དབྱར་རྩྭ་དགུན་འབུ་འཚོང་མཁན་རྣམས་ནས་ཁྲིམས་ལྟར་ལས་གཉེར་ལག་ཁྱེར་དང་། དབྱར་རྩྭ་དགུན་འབུ་བསྡུ་ཉོའི་ཆོག་འཐུས་ལག་ཁྱེར་སོགས་ལག་ཁྱེར་གཉེར་དགོས་པ་མ་ཟད། དྲ་སྦྲེལ་ཐད་གཏོང་ཁང་གི་མངོན་གསལ་དོད་སར་ལས་གཉེར་ལག་ཁྱེར་དང་འབྲེལ་ཡོད་སྲིད་འཛིན་ཆོག་འཐུས་ཆ་འཕྲིན་རྒྱུན་མཐུད་ངང་བཀྲམ་ནས། ཁེ་གཉེར་བྱེད་མཁན་གྱི་བྱེད་པོའི་ཐོབ་ཐང་དེ་ཁྲིམས་ལུགས་དང་སྒྲིག་སྲོལ་ལ་མཐུན་པར་ཁག་ཐེག་བྱ་དགོས།

གཉིས། ནག་ཆུའི་དབྱར་རྩྭ་དགུན་འབུ་མིན་ཡང་ནག་ཆུའི་དབྱར་རྩྭ་དགུན་འབུ་ཡིན་ཞེས་རྫུན་བཤད་ནས་འཚོང་བའི་རིགས་གཏན་འགོག་བྱ་དགོས། དྲ་སྦྲེལ་ཐད་གཏོང་བརྒྱུད་ནག་ཆུའི་དབྱར་རྩྭ་དགུན་འབུ་ཁེ་གཉེར་བྱེད་མཁན་དང་ཐད་གཏོང་བརྒྱུད་བྲིན་འཚོང་བྱེད་མཁན་ནས་མི་བཟོས་དབྱར་རྩྭ་དགུན་འབུའམ་ས་བབ་དམའ་བའི་ཁུལ་གྱི་དབྱར་རྩྭ་དགུན་འབུ་ནག་ཆུའི་དབྱར་རྩྭ་དགུན་འབུ་ཡིན་ཞེས་རྫུན་བཤད་ནས་འཚོང་མི་ཆོག་པ་དང་། རྫུན་བཟོ་དང་ལྷད་གཏོང་བ། རྫུན་མ་ངོ་མ་ཡིན་ཁུལ་བྱེད་པ། སྤུས་ཞན་སྤུས་ལེགས་སུ་རྫུ་བ་བཅས་ཀྱི་ཐོག་ནས་ནག་ཆུའི་དབྱར་རྩྭ་དགུན་འབུ་འཚོང་མི་ཆོག དྲ་སྦྲེལ་གྱི་ཤུགས་རྐྱེན་སྤྱད་ནས་ཚོང་གཉེར་བ་གཞན་གྱི་ཚབ་བྱས་ཏེ་ཐད་གཏོང་བརྒྱུད་ནག་ཆུའི་དབྱར་རྩྭ་དགུན་འབུ་འཚོང་མཁན་མི་སྣས་ངེས་པར་དུ་ཚོང་གཉེར་བ་གཞན་དེའི་ལས་གཉེར་ལག་ཁྱེར་དང་། དབྱར་རྩྭ་དགུན་འབུ་བསྡུ་ཉོའི་ཆོག་འཐུས་ལག་ཁྱེར་སོགས་དཔང་ཡིག་ལག་ཁྱེར་ལ་ཞིབ་བཤེར་ནན་པོ་བྱས་ནས། རང་ཉིད་ནས་འཚོང་བའི་དབྱར་རྩྭ་དགུན་འབུ་དེ་དག་ནག་ཆུའི་དབྱར་རྩྭ་དགུན་འབུ་ཡིན་པའི་ཁག་ཐེག་བྱ་དགོས། ཐད་གཏོང་ཁེ་གཉེར་བས་ཉོ་འཚོང་གི་རྩིས་ཁྲ་ཆ་ཚང་པོ་བཟོ་དགོས་པ་དང་། ནག་ཆུའི་དབྱར་རྩྭ་དགུན་འབུ་མིན་པ་དག་ནག་ཆུའི་དབྱར་རྩྭ་དགུན་འབུ་ཡིན་ཞེས་རྫུན་བཤད་དེ་དྲ་ཐོག་ནས་འཚོང་བའི་རིགས་གཏན་འགོག་བྱ་དགོས།

གསུམ། ཉོ་ཚོང་རྫུན་མ་བྱེད་པའི་རིགས་གཏན་འགོག་བྱ་དགོས། དྲ་སྦྲེལ་ཐད་གཏོང་བརྒྱུད་ནག་ཆུའི་དབྱར་རྩྭ་དགུན་འབུ་ཁེ་གཉེར་བྱེད་མཁན་དང་ཐད་གཏོང་བརྒྱུད་བྲིན་འཚོང་བྱེད་ཁན་མི་སྣས། བརྡ་ཁྱབ་རྫུན་མ་བྱེད་པ་དང་། ཉོ་ཚོང་བྱས་པའི་གནས་ཚུལ་རྫུན་བཟོ་བྱེད་པ། ཉོ་ཚོང་གནས་ཚུལ་འུད་སྒྲོག་བྱེད་པ། ཐོན་རྫས་ཀྱི་ནུས་པར་སྒྲོ་བཏགས་བྱེད་པ། དྲ་བའི་ཐོག་གི་བཞུར་ཚད་རྫུན་མ་སྤྱད་ནས་འཛད་སྤྱོད་པར་མགོ་སྐོར་གཏོང་བ་བཅས་བྱས་མི་ཆོག

བཞི། རིན་གོང་ཐད་ནས་མགོ་སྐོར་གཏོང་མི་ཆོག དྲ་བའི་ཐད་གཏོང་བརྒྱུད་ནག་ཆུའི་དབྱར་རྩྭ་དགུན་འབུ་ཁེ་གཉེར་བྱེད་མཁན་དང་བྲིན་འཚོང་བྱེད་མཁན་ཚོས་རིན་གོང་གསལ་པོ་འགོད་དགོས་པ་དང་། རིན་གོང་གང་བྱུང་ངང་སྤོར་མི་ཆོག་པ། གོང་ཚད་རྫུན་མ་རྒྱག་པ་དང་མགོ་སྐོར་གཡོ་ཇུས་བཤམས་ནས་འཛད་སྤྱོད་པར་ཐོན་རྫས་ཉོ་རུ་བཅུག་མི་ཆོག

ལྔ། ནག་ཆུའི་དབྱར་རྩྭ་དགུན་འབུའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་པའི་རིགས་གཏན་འགོག་བྱེད་དགོས། དྲ་བའི་ཐད་གཏོང་བརྒྱུད་ནག་ཆུའི་དབྱར་རྩྭ་དགུན་འབུ་ཁེ་གཉེར་དང་བྲིན་འཚོང་བྱེད་མཁན་གྱིས་དབང་ཆ་མ་ཐོབ་པའི་གནས་ཚུལ་འོག དྲ་སྦྲེལ་ཚོང་ཁང་དང་དྲ་སྦྲེལ་ཨང་ཐོའི་ཐོག་བོད་ལྗོངས་ནག་ཆུའི་དབྱར་རྩྭ་དགུན་འབུ་ཞེས་པའམ“西藏那曲冬虫夏草 ནག་ཆུའི་དབྱར་རྩྭ་དགུན་འབུ་ “那曲冬虫夏草”ཞེས་པ་སོགས་དེ་མིན་གྱི་ས་གཤིས་མཚོན་རྟགས་ཚོང་རྟགས་འཁོད་པའི་ཡི་གེ་འགོད་མི་ཆོག་པ། དབང་ཆ་མ་ཐོབ་པའི་གནས་ཚུལ་འོག བོད་ལྗོངས་ནག་ཆུའི་དབྱར་རྩྭ་དགུན་འབུ་“西藏那曲冬虫夏草”ཞེས་པའི་ས་གཤིས་མཚོན་རྟགས་ཐོན་རྫས་ཀྱི་ཆེད་སྤྱོད་མཚོན་རྟགས་སྤྱད་མི་ཆོག

དྲུག དྲིལ་བསྒྲགས་རྫུན་མ་བྱས་མི་ཆོག དྲ་བའི་ཐད་གཏོང་བརྒྱུད་ནག་ཆུའི་དབྱར་རྩྭ་དགུན་འབུ་ཁེ་གཉེར་བྱེད་མཁན་དང་བྲིན་འཚོང་བྱེད་མཁན་མི་སྣས་རང་ཉིད་ཀྱིས་འཚོང་བའི་ཚོང་ཟོག་གི་ངོ་སྤྲོད་སོགས་འབྲེལ་ཡོད་ཆ་འཕྲིན་ཁག་ཆ་ཚང་བ་དང་། བདེན་པ་བདེན་ཐུབ། གནད་ལ་འཁེལ་པོ་བཅས་ཀྱི་ཐོག་ནས་བརྗོད་དགོས་པ་དང་། ཚོང་ཟོག་ཐོན་སྐྱེད་བྱེད་ས་དང་། ཉར་ཚགས་ཆ་རྐྱེན། ཉེན་ཁ་དྲན་སྐུལ། བཙོངས་རྗེས་ཞབས་ཞུ་སོགས་ཀྱི་ནང་དོན་གསལ་པོ་འགོད་དགོས། 

ཁྲོམ་རའི་ལྟ་སྡོམ་སྡེ་ཁག་གིས་མུ་མཐུད་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། དྲ་སྦྲེལ་ཐད་གཏོང་བྱེད་སྐབས་རྫུན་མ་དང་སྤུས་ཞན་གྱི་ཐོན་རྫས་ཐོན་རྫས་ངོ་མ་དང་ཡག་པོར་རྫུས་ནས་འཚོང་བ་དང་། དྲིལ་བསྒྲགས་རྫུན་མ་བྱེད་པ། ཚོང་རྟགས་ལ་བཙན་གནོད་བྱེད་པ་སོགས་ཁྲིམས་འགལ་བྱ་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་ཡིན། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དེའི་ཐད་ཀྱི་ལྟ་སྐུལ་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་མཐོང་ཚེ། དཔང་རྟགས་ཉར་ཚགས་དང་ཆབས་ཅིག ཁ་པར་ཨང་གྲངས་12315འམ་3912315བརྒྱུད་ནས་ཐེར་འདོན་གནང་རོགས།

ནག་ཆུ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ནས།

2025ལོའི་ཟླ་5ཚེས་17ཉིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།