བོད་ལྗོངས་ཀྱི་ལུས་རྩལ་པ་གསུམ་འཛམ་གླིང་རྟགས་མའི་འགྲན་སྡུར་ནང་ཚུད།

ཡོང་ཁུངས། མདོ་ལ་བོད་ཡིག་ཚགས་པར།

ཟླ5པའི་ཚེས1ནས་ཚེས2ཉིན་བར། འཛམ་གླིང་རྟ་རྩལ་མདའ་འཕེན་མནའ་འབྲེལ(WHAF)དང་ཀྲུང་གོ་རྟ་རྩལ་མདའ་འཕེན་མནའ་འབྲེལ(CHAF)། ཨན་ཧུའེ་ཀྲེན་ལུང་རྟ་རྩལ་ཐོན་ལས་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་འཛམ་གླིང་རྟགས་མའི་ཡ་གླིང་འདེམས་སྒྲུག་འགྲན་སྡུར་དང་འབྲི་ཆུའི་འགག་གསུམ་རྟ་རྩལ་མདའ་འཕེན་འགྲན་སྡུར་ཆེན་མོ་ཨན་ཧུའེ་ཀོང་ཏིག་གྲོང་ཁྱེར་དུ་འཚོགས་པ་དང་། བོད་ལྗོངས་ཀྱི་ལུས་རྩལ་པ་འཇམ་དབྱངས་སྟོབས་ལྡན་དང་བསྟན་འཛིན་རྣམ་སྲས། བསྟན་འཛིན་བློ་གྲོས་གསུམ་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ཏེ་འགྲན་སྡུར་ནང་ཞུགས།

འབེན་གསུམ་དང་འགྱུར་གསུམ། གནམ་མདའ་ས་མདའ་བཅས་རྣམ་གྲངས་གསུམ་གྱི་འགྲན་སྡུར་ཁྲོད། བོད་ལྗོངས་ཀྱི་ལུས་རྩལ་པས་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ནས་ཚོགས་པའི་ཨང་གཉིས་པ་བླངས་ནས། འཛམ་གླིང་རྟགས་མའི་རྟིང་རྩོད་འགྲན་སྡུར་ལ་ཞུགས་ཆོག་པའི་ཐོབ་ཐང་བླངས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།