མཐའ་མཚམས་ཀྱི་དག་ཞིང་དུ་གནས་པའི་མེ་ཏོག་རྫོང་གི་མཛེས་མཉམ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

དགྱེ་གླིང་གྲོང་ཚོ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་དུ་གནས་ཤིང་། དེ་རུ་སྨི70ཡན་གྱི་འབྲུག་ཡུལ་གསོམ་སྡོམ་ཚོགས་མཐོང་ཐུབ་པ་མ་ཟད། གནམ་ལྕགས་འབར་བ་གངས་རི་ཚ་ཁུལ་ནགས་ཚལ་མཉམ་དུ་ཡོད་པ་དང་། ཡར་ཀླུང་གཙང་བོའི་སྨུག་པ་གྲོང་རོང་དུ་འཐུལ་པ་མཐོང་ཐུབ།

མེ་ཏོག་གྲོང་ཚོ་ནི་མེ་ཏོག་རྫོང་དང་ཉེ་བའི་གྲོང་ཚོ་ཞིག་ཡིན་ལ། གནས་དེར་འཆམ་འཆམ་འགྲོ་དུས་ཤིང་ཁང་དག་གིས་འདས་ཟིན་པའི་ལོ་ཟླ་མཚོན་པ་དང་། ཤིང་བརྐོས་ཀྱི་མདའ་གཡབ་དང་ཁང་མདུན་དུ་འདེབས་འཛུགས་བྱས་པའི་སྣ་མའི་མེ་ཏོག མེ་ཏོག་གི་གསེང་ནས་རྒྱུ་བཞིན་པའི་བྱི་ལ་བཅས་ཀྱིས་མེ་ཏོག་གྲོང་ཚོའི་མཛེས་སྡུག་གི་རྣམ་པ་མཚོན་བཞིན་ཡོད།

གཏེར་ཀོང་གྲོང་ཚོ་ནི་མེ་ཏོག་རྫོང་གི་མཐའ་མཚམས་གྲོང་ཚོ་ཞིག་ཡིན་ལ། གྲོང་ཚོའི་ནང་གྲལ་འགྲིག་པའི་ཐོག་ཁང་དམར་པོ་གྲོག་རོང་གི་ཐང་བདེ་ས་ནས་སྐྲུན་པ་དང་། གྲོང་ཚོ་ནང་འཆམ་འཆམ་འགྲོ་དུས་གྲོང་མི་ཚོས་བཏབ་པའི་སྣ་མའི་མེ་ཏོག་མཐོང་ཐུབ་པ་མ་ཟད། མདའ་གཡབ་སྟེང་བཀལ་ཡོད་པའི་རྨ་རྨོས་ལོ་ཏོག་སོགས་ཀྱི་གང་སར་ལྷིང་འཇགས་སུ་གནས་ཡོད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།