བཟོ་སྐྲུན་ཆེན་པོ་དྲུག་གིས་རང་ཞིང་གི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་རམ་འདེགས་བྱས།

མཚོ་སྔོན་གསར་འགྱུར་དྲ་བས་འཕྲིན། རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བཟོ་ལས་དཔལ་འབྱོར་མ་ལག་བསྐྲུན་ཆེད། ཉིན་ཤས་གོང་། ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱིས་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཀྱི“བཟོ་སྐྲུན་ཆེན་པོ་དྲུག”ལག་ལེན་དུ་བསྟར་བའི་ལས་ཀའི་ཇུས་གཞི(2022ལོ་ནས2025ལོ་བར)》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།

《ཇུས་གཞི》དེ་སྤྱིའི་བླང་བྱ་དང་། གཙོ་གནད་ལས་འགན། སྲིད་ཇུས་བྱེད་ཐབས།

རྩ་འཛུགས་འགན་ལེན་བཅས་ཁག་བཞི་ལས་གྲུབ་པ་ཞིག་ཡིན་ཞིང་། གཙོ་གནད་ཐོན་ལས་ཀྱི་སྣེ་ཁྲིད་དང་། མཐོ་སློབ་ཀྱི་འགག་སྒྲོལ་སྣེ་ཁྲིད། ལས་གཞི་གལ་ཆེན་གྱི་སྐུལ་འདེད། ཁེ་ལས་སྐས་རིམ་བཞིན་སྐྱེད་སྲིང་། གླིང་ཁུལ་གྱི་རིམ་པ་སྤོར་བ། ལག་རྩལ་གསར་གཏོད་རིམ་སྤོར་བཅས“བཟོ་སྐྲུན་ཆེན་པོ་དྲུག”ཁ་གསལ་བཟོས་ཡོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་སྐས་རིམ་བཞིན་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར། རྒྱུ་རྐྱེན་གཙོ་བོའི་དགོས་མཁོར་འགན་སྲུང་བྱེད་པར་ཤུགས་སྣོན། གསར་གཏོད་ལ་སྐུལ་མ་གཏོང་བའི་ནུས་པ་ཆེ་རུ་གཏོང་བ། གླིང་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དྲུག་བཏོན་ཡོད།

《ཇུས་གཞིའི》ཁྲོད། 2025ལོར་སླེབས་སྐབས་ཞིང་ཆེན་ཡོངས་སུ་སྒྲིག་སྲོལ་སྟེང་ནས་བཟོ་ལས་ཁེ་ལས་དུད་ཚང800ཙམ་ཟིན་པ་དང་སྒྲིག་སྲོལ་སྟེང་ནས་བཟོ་ལས་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5000ཙམ་ཟིན་ནས། རིན་ཐང་འཕར་མ་སྒོར་དུང་ཕྱུར1400ཡས་མས་ཟིན་ཏེ་སྤྱིར་བཏང་གི་བཟོ་ལས་མ་དངུལ་སྒོར་དུང་ཕྱུར1400ཡས་མས་འཇོག་རྒྱུ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། མདོག་ལྡན་ལྕགས་རིགས་བཙོ་སྦྱོང་བཅས་སྒོར་དུང་ཕྱུར་སྟོང་རིམ་པའི་ཐོན་ལས4གསོ་སྐྱོང་བྱ་དགོས་ཤིང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བཟོ་ལས་དཔལ་འབྱོར་མ་ལག་བསྐྲུན་ནས་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཞིབ་བསྡུར་གྱི་ལེགས་ཆ་བཅས་ལ་གཞི་ཚུགས་ཏེ་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། མདོག་ལྡན་ལྕགས་བཞུ། གཞི་གྲངས་ཆེན་མོ་བཅས་གཙོ་གནད་འཕེལ་རྒྱས་ཀྱི་ཐོན་ལས་ཆེ་གྲས་ལྔ་གསལ་སྟོན་བྱས་པ་རེད། གཙོ་གནད་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ཞིང་ཆེན་ཡོངས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་ཐུབ་ཡོད།

《ཇུས་གཞིའི》ཁྲོད། མཐོ་རིམ་ཇུས་འགོད་དང་བརྒྱུད་རིམ་ལྡན་པའི་ཇུས་འགོད་ལ་ཤུགས་སྣོན་པ་དང་། འཕེལ་རྒྱས་ཀྱི་གཙོ་གནད་དང་ཐབས་ལམ་ཁ་གསལ་བཟོ་བ། མཐུན་སྦྱོར་སྐུལ་འདེད་ལམ་སྲོལ་འཛུགས་པ་བཅས་བྱས་ནས་ཞིང་ཆེན(ཁུལ)མཉམ་འགུལ་དང་། སྡེ་ཚན་མཐུན་སྦྱོར། ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། སྐྱེ་ཁམས་སྲུང་སྐྱོང་གི་མཚམས་ཐིག་ནན་སྲུང་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་གཞི་བཅས་ནན་སྲུང་བྱས་ཏེ། ཐོན་ཁུངས་ཀྱི་རང་སྤུས་དང་། ཐོན་ལས་ཀྱི་རྨང་གཞི། ཅུང་དགེ་མཚན་བཅས་ལ་གཞི་ཚུགས་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤར་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཀྱི་འཁོར་ལོ་གཉིས་ལྡན་གྱི་སྐུལ་འདེད་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་མངོན་འགྱུར་བྱེད་དགོས།

《ཇུས་གཞིའི》ཁྲོད། ད་དུང་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་དང་འཚམ་པའི་དམིགས་ཚད་མ་ལག་དང་། བསྡོམས་རྩིས་མ་ལག ལས་རྗེས་ཚོད་སྐོར། དཔྱད་ཞིབ་བཅས་ཀྱི་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཀྱི་དཔྱད་ཞིབ་གདེང་འཇོག་བྱེད་ཐབས་བཟོས་ནས་དཔྱད་ཞིབ་གདེང་འཇོག་གི་འབྲས་བུ་དེ་ལས་ཀ་ལས་རྗེས་དཔྱད་ཞིབ་ཀྱི་ཁྱབ་ཁོངས་ནང་འཇུག་པ་དང་དཔྱད་ཞིབ་ཀྱི་གལ་ཆེའི་རང་བཞིན་ཆེ་རུ་གཏོང་དགོས། དུས་བཀག་མིན་པའི་སྒོ་ནས་གཙོ་གནད་ལས་ཀའི་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་ཞིབ་བཤེར་དང་བརྡ་ཁྱབ་གཏོང་བའི་ལམ་ལུགས་ལག་བསྟར་བྱེད་པ་དང་། རྗེས་འདེད་འདྲི་རྩད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་དམིགས་ཚད་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པ་སོགས་བསྟན་ཡོད།

བཟོ་སྐྲུན་ཆེན་པོ་དྲུག་གིས་རང་ཞིང་གི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་རམ་འདེགས་བྱས།

ཀླུ་མོས་བསྒྱུར།