མཚོ་སྔོན་པོའི་རང་བྱུང་སློབ་གསོའི་སློབ་ཚན་མ་ལག་ཕུན་སུམ་ཇེ་ཚོགས་སུ་ཕྱིན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒྱུས་ལོན་པ་ལྟར་ན། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འཛུགས་སྐྲུན་ལས་གཞི《རང་བྱུང་སློབ་གསོའི་སློབ་ཚན》ལ་ཆེད་ལས་མཁས་ཅན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོང་སྐྱེ་ཁམས་ཞབས་ཞུའི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།

《རང་བྱུང་སློབ་གསོའི་སློབ་ཚན》ནང་གཙོ་བོ《ཆུ་བྱའི་ཕ་ཡུལ》དང་། 《ཚེ་སྲོག་སྦྲུམ་སླད་ཕྱིར་ལོག་པ》《ཁྱིམ་དུ་ལོག་པའི་ཡུལ་སྐོར》《ཉིན་གཅིག་གི་སྐོར་གཡེང་བ》བཅས་སློབ་ཚན་བཞི་ཚུད་ཡོད། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་གསར་སྤེལ་བྱེད་པར་དམིགས་ནས་མཚོ་སྔོན་པོའི་ཁྱད་ཆོས་ལྡན་པའི་རང་བྱུང་སློབ་གསོའི་སློབ་ཚན་ཞིག་ཡིན། དེའི་དམིགས་ཡུལ་ནི་མཚོ་སྔོན་པོའི་ཆུ་བྱ། མཚོ་སྔོན་པོའི་གསེར་ཉ། སྐོར་ཞིབ་སྲུང་སྐྱོང་བཅས་ཀྱི་ལས་ཀ་གཙོ་བོར་འཛིན་པའི་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་གྱི་བྱེད་སྒོ་སྤེལ་བ་བརྒྱུད། ཕུན་སུམ་ཚོགས་པའི་སློབ་ཁྲིད་བྱེད་སྟངས་ལ་གཞོགས་འདེགས་བྱས་ནས་ཡུལ་སྐོར་དང་སྤྲོ་གསེང་ལྟ་སྐོར་བྱེད་པ་དང་ཆབས་ཅིག། སྤྱི་དམངས་རང་བྱུང་ཁམས་དང་ཉེ་བར་བཅར་བ། རང་བྱུང་ཁམས་ལ་རྒྱུས་ལོན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་དང་སྤྱི་དམངས་ཀྱིས་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་རྒྱུ་རེད།

གཞན་ཡང་། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དགོ་བའི་ཁྱུ་ཚོགས་སྲུང་སྐྱོང་གི་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་ལས་གཞི་སྟེ། དགོ་བའི་རང་བྱུང་སློབ་གསོའི་སློབ་ཚན་ཆ་ཚང་གསུམ་ལ་ཆེད་ལས་མཁས་ཅན་གྱིས་ཞིབ་དཔྱད་བྱས། སློབ་ཚན་གསུམ་ནི་བཙུགས་ཟིན་པའི་ཕུའུ་ཧྲེ་དགོ་བའི་སྐྱེ་ཁམས་སྐོར་གཡེང་ཉམས་ལེན་ལམ་ཐིག་གཉིས་ལ་བརྟེན་ནས་འཆར་འགོད་བྱས་པ་ཞིག་ཡིན། མིང་ལ《ཕུའུ་ཧྲེ་དགོ་བའི་ཁ་ཟས་ཅི་ཞིག་ཡིན་པ》དང་《ང་ནི་ཕུའུ་ཧྲེ་དགོ་བའི་སྲུང་སྐྱོང་བ་ཡིན》པ་དང་། དེའི་ཁྲོད། ནང་དོན་གཙོ་བོ་ནི་གཞོན་ནུ་ལོ་ཆུང་ཡིན་པ་དང་སློབ་ཚན་དེ་ཕུའུ་ཧྲེ་དགོ་སྲུང་སྐྱོང་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་བྱས་ནས་གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་སློབ་གསོའི་བར་སྟོང་ཕུན་སུམ་ཚོགས་སུ་གཏང་རྒྱུ་ཡིན་ནོ།།

《མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་བར་སྟོང་བཀོད་སྒྲིག་གི་འཆར་འགོད》དང་། 《མཚོ་སྔོན་པོའི་རང་བྱུང་སློབ་གསོ་དང་སྐྱེ་ཁམའ་ཉམས་ལེན་གྱི་འཆར་འགོད》སོགས་འབྲེལ་ཡོད་འཆར་འགོད་ཀྱི་དུས་འགོའི་ལས་དོན་སྤེལ་ནས་འདབ་ཆགས་གླིང་གི་འདབ་ཆགས་ལ་ལྟ་བའི་རྟེན་གཞི་དང་། ཕུའུ་ཧྲི་དགོ་བ་ཚན་ཞིབ་མྱུར་སྐྱོབ་ལྟེ་གནས། ཙོང་ཉ་བསྐྱར་རྐྱལ་གྱི་ལྟད་མོ་ལྟ་བའི་རྟེན་གཞི་བཅས་སྐྱེ་ཁམས་སློབ་གསོའི་རྟེན་གཞི་གསུམ་བསྐྲུན་འཆར་ཡོད་པ་འགོ་ཚུགས།བ་གསོའི་རྟེན་གཞི་གསུམ་བསྐྲུན་འགོ་ཚུགས་ཡོད་དོ།

ཀླུ་མོས་བསྒྱུར།