ཟླ11པའི་ཚེས21ཉིན། རྒྱལ་ཡོངས་ནས་པྲོག་གསར་ནད་པ2225ཡིས་ཇེ་མང་དུ་སོང་།

རང་རེའི་དྲ་བའི་འཕྲིན། ཟླ11པའི་ཚེས20ཉིན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་ལྟར་ན། ནད་རྟགས་ཐག་ཆོད་པའི་པྲོག་གསར་གློ་ཚད་ནད་པ2225ཡོད་པ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་འགོས་པའི་ནད་པ80དང་ནད་རྟགས་མེད་པའི་ནད་འགོས་མཁན་ལས་ནད་པ7གྱི་ནད་རྟགས་ངོས་འཛིན་བྱས། ས་གནས་ཅན་གྱི་ནད་པ2145ཡོད། དེའི་ཁྲོད་ནད་རྟགས་མེད་པའི་ནད་འགོས་མཁན592ཀྱི་ནད་རྟགས་ངོས་འཛིན་བྱས། གསར་དུ་འཕར་བའི་ཚེ་ལས་འདས་པའི་ནད་པ2ཡོད་པ་དང་གསར་དུ་འཕར་བའི་དོགས་ཡོད་ནད་པ་མེད།

ཉིན་དེར་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ1137ཡོད་པ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་འགོས་པའི་ནད་པ50དང་ས་གནས་ཅན་གྱི་ནད་པ1087ཡོད། ནད་པར་འབྲེལ་འདྲིས་ཟབ་པའི་མི153954ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག ། ནད་པ་ལྕི་མོ་ཉིན་སྔོན་མ་དང3གྱིས་འཕར་འདུག

ད་ལྟ་ཕྱི་རྒྱལ་ནས་འགོས་པའི་པྲོག་གསར་གློ་ཚད་ནད་པ690(ནད་པ་ལྕི་མོ་མེད)ཡོད་པ་དང་དོགས་ཡོད་ནད་པ་མེད། ཕྱི་རྒྱལ་ནས་འགོས་པའི་པྲོག་གསར་གློ་ཚད་ནད་པ་ཁྱོན་བསྡོམས27004དང་སྨན་ཁང་ལས་བུད་པའི་པྲོག་གསར་ནད་པ26314ཡོད་ཅིང་ཚེ་འདས་ནད་པ་མེད།

ཟླ11པའི་ཚེས21ཉིན་གྱི་ཆུ་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པ་ལྟར་ན། ད་ལྟ་ནད་པ23296ཡོད་ཅིང་། དེའི་ནང་ནད་པ་ལྕི་མོ110ཡོད། ད་ལྟའི་བར་ཁྱོན་བསྡོམས་པྲོག་གསར་གློ་ཚད་ནད་པ262260སྨན་ཁང་ནས་བུད་ཅིང་། དེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་ནད་པ5231ཡོད། ནད་རྟགས་ཐག་ཆོད་པའི་ནད་པ་ཁྱོན་བསྡོམས290787ཡོད་ལ། དོགས་ཡོད་ནད་པ་མེད། ནད་པར་འབྲེལ་འདྲིས་ཟབ་པའི་མི་ཁྱོན་བསྡོམས10428736ཡོད་ཅིང་། མི1246843ལ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པ་ལྟར་ན། ནད་རྟགས་མེད་པའི་གསར་བྱུང་པྲོག་གསར་ནད་པ25902ཡོད་ཅིང་། དེའི་ཁྲོད་ཕྱི་རྒྱལ་ནས་འགོས་པའི་ནད་པ148ཡོད། ས་གནས་ཅན་གྱི་ནད་པ25754ཡོད།

ཉིན་དེར་ནད་རྟགས་མི་གསལ་པའི་ནད་པ5689(ཕྱི་རྒྱལ་ནས་འགོས་པའི་ནད་པ85)སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག་པ་དང་ས་གནས་ཅན་གྱི་ནད་པ5604ཡོད། ཉིན་དེར་ནད་རྟགས་ངོས་འཛིན་བྱུང་བའི་ནད་པ599(ཕྱི་རྒྱལ་ནས་འགོས་པའི་ནད་པ7)ཡོད། ནད་རྟགས་མི་གསལ་པའི་པྲོག་གསར་ནད་པ228128(ཕྱི་རྒྱལ་ནས་འགོས་པའི་ནད་པ1194)ལ་མུ་མཐུད་དུ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་སུ་ཁྱོན་བསྡོམས་ནད་པ862624ཡོད་ཅིང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ450525(སྨན་ཁང་ལས་བུད་པའི་ནད་པ96407དང་ཚེ་འདས་ནད་པ10610)ཡོད། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ796(སྨན་ཁང་ལས་བུད་པའི་ནད་པ789ཚེ་འདས་ནད་པ6། )ཐེ་ཝན་ས་ཁུལ་དུ་ནད་པ8174903(སྨན་ཁང་ལས་བུད་པའི་ནད་པ13742དང་ཚེ་འདས་ནད་པ13991)ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།