རྨ་ལྷོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་ས་གཙང་སྲུང་སྐྱོང་བྱས་པ།

རང་རེའི་དྲ་བའི་འཕྲིན།ཉེ་ཆར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས2022ལོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས།ལོ་ངོ་བཅུའི་རིང་ཁུལ་དེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་ཕན་འབྲས་དང་2022ལོའི་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བ་ལེགས་སྒྲུབ་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།

ལོ་ངོ་བཅུའི་རིང་། རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་འཐབ་ཇུས་མཐའ་འཁྱོངས་ཀྱིས“རྨ་ལྷོའི་རི་ཀླུང་”ཁྱོན་ཡོངས་ནས་བསྐྲུན་ཏེ་ཞིང་ཆེན་ཡོངས་ཀྱི“རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ”གྱི་གྲོང་ཁྱེར་དང་ཁུལ། ཁུལ་དེའི་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གིས“རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ”བདེ་བླག་ངང་བཏོད་པའི་རྨང་གཞིའི་ཐོག་རྒྱལ་ཡོངས་ཀྱི“སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་ཁག་ལྔ་པར་སླེབས་པ་རེད།

2022ལོར་རྨ་ལྷོ་ཁུལ་གྱིས་ལས་གཞི་འདུན་ཞུ་དང་ལས་གཞིའི་མ་དངུལ་བརྩོན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས།ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ད་ལྟའི་བར་ཁུལ་དེས་སྐྱེ་ཁམས་ཁོར་ཡུག་ལས་གཞི9དོན་འཁྱོལ་བྱས་པ་དང་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར2.46དོན་འཁྱོལ་བྱས་པ་རེད། དེ་དང་ཆབས་ཅིག་རེས་སྐོར་གཉིས་ཀྱི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གནད་དོན་དག་ཐེར་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཟོན་དྲན་སྐུལ་པར་གཞིའི་ཐུན་མོང་རང་བཞིན་གྱི་གནད་དོན་དང་། ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱེད་རིང་ཚུར་ལན་བྱས་པའི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཡིག་ཆ། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་ཡོངས་ཀྱི་གནད་དོན176བཅས་ཁྱོན་ཡོངས་ནས་བཅོས་སྒྲིག་བྱས་ཏེ།གནད་དོན117བཅོས་སྒྲིག་བྱས་ནས་ལེགས་གྲུབ་བྱུང་ཚད66.4%ཟིན་ཡོད་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།