མཚོ་ནུབ་ཁུལ་གྱིས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་།

རང་རེའི་དྲ་བའི་འཕྲིན།ཐོན་རྫས་ཀྱི་སྣ་ཁ་དང་། སྤུས་ཚད། སྤུས་རྟགས། ཚད་གཞི་ཅན་བཅས་ནི་གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་འགག་རྩ་རེད། ད་ལོ་ནས་བཟུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གནད་འཁེལ་དང།སོན་བཟང་མུ་མཐུད་དུ་སྐྱེད་སྲིང་དང་། ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། ཁྱད་ལྡན་སྤུས་རྟགས་སྟོབས་ཆེར་གཏོང་བ། ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྔོན་ལ་དཔེ་སྟོན་ཁུལ་ཞིག་གཏོད་རོགས་བྱས་པ་རེད།

མཚོ་ནུབ་ཁུལ་གྱིས་ཚྭ་འདམ་གཤོངས་སའི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གི་ལེགས་ཆར་བརྟེན་ནས་གཏེར་ལེན་ཁ་དང་གཏེར་ལམ་དུ་དཔྱིད་གྲོ་དང་། ནས། ལི་གྲོ་བཅས་ཀྱི་འདེབས་འཛུགས་རྟེན་གཞི3བསྐྲུན་པ་དང་། ཐེམ་ཆེན་སོགས་སུ་འདེབས་འཛུགས་ར་བ9བཙུགས་ཡོད་པ་རེད། འདེབས་འཛུགས་ལས་རིགས་ཀྱི་ཁེ་ལས3སྐྱེད་སྲིང་བྱས་ནས།ལོ་རེར་གྲོའི་རིགས་སྤྱི་ཆིང་33.3བསྐྲུན་པ་དང་།ལོ་གཅིག་གི་ནང་ཞིང་ལས་སྐྱེ་དངོས་ཀྱི་མ་བཅོས་སོན་སྤྱི་རྒྱ་ཁྲི20ཐོན་སྐྱེད་བྱེད་ཀྱི་ཡོད། གྲོ་རིགས་ཀྱི་སོན་བཟང་ཞིང་ཁ་སྤྱི་ཆིང་1000བསྐྲུན་པ་དང་། ལོ་རེར་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་སྤྱི་རྒྱ་ཁྲི600ཐོན་སྐྱེད་བྱས། “ས་མཐོའི437”སོགས་སོན་བཟང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བས་གྲོ་དང་ནས་སོགས་ཞིང་ལས་སྐྱེ་དངོས་གཙོ་བོའི་སོན་བཟང་འདེབས་ཚད85%ཡན་ཟིན་ཡོད། ཞིང་སྨན་ལུད་རྫས་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་བཏང་ཞིང་། ལས་གཞིའི་སྤྱི་ཆིང་ཁྲི8.16ལག་བསྟར་བྱས་པ་དང་། ཞིང་སྨན་དང་ལུད་རྫས་སྤྱོད་ཚད་ཉུང་དུ་བཏང་ཡོད། རྒྱལ་ཁབ་རིམ་པའི་ཕྱིར་གཏོང་སྤུས་ཚད་བདེ་འཇགས་དཔེ་སྟོན་ཁུལ4དང་རྒྱལ་ཡོངས་ཀྱི་གནོད་མེད་བཟའ་བཅའི་མ་བཅོས་རྒྱུ་ཆ(འཕངས་འབྲས)ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི1བསྐྲུན་ཡོད། “ངོ་མཚར་ཆེ་བའི་ཚྭ་འདམ་གཤོངས་སའི”མཚོ་ནུབ་ཀྱི་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་ཁྱབ་བསྒྲགས་བྱས་པ་དང་འབྲེལ་སྤུས་རྟགས་ཀྱི་དབང་ཆ་སྤྲད་པ་དང་སྤུས་རྟགས་དོ་དམ་སྔར་བས་ཚད་ལྡན་དུ་བཏང་ཡོད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་བཅས་ལ་ཁ་ཕྱོགས་ནས་“ས་གནས་གསུམ་དང་སྟེགས་བུ་བརྒྱ་”འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ཀྲེ་ཅང་ཧང་ཀྲོའུ་རུ་“ངོ་མཚར་ཆེ་བའི་ཚྭ་འདམ་གཤོངས་སའི་”སྤུས་ལེགས་ཐོན་རྫས་ཆེད་སྒམ76བསྐྲུན་ཡོད།

ལོ་ཙཱ་བ། ཤ་མོ་འཚོ།