རང་ཞིང་གིས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སླད་ལས་ཞུགས་སླར་གསོ་ཐུབ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་གྲོང་གསེབ་དར་རྒྱས་ཅུའུ་བཅས་དང་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་ཞིབ་ཕྲའི་བྱེད་ཐབས་ཁག16བཏོན་ནས་གོ་རིམ་ལྡན་པའི་ངང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སླད་མར་ལས་ཀར་སྐྱོད་པའི་མཉམ་སྡེབ་བྱེད་ཐབས་ནུས་ཤུགས་ཡོད་རྒུས་སླར་གསོ་བྱས་ཏེ། རྒྱུན་མཐུད་ངང་ངལ་རྩོལ་པའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས་ཡོང་འབབ་ཇེ་མང་དུ་བཏང་།

གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འདོད་མོས་དང་ཁེ་ལས་གཙོ་བོའི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོར་ཁྱོན་ཡོངས་ནས་ཞིབ་བཤེར་དང་ཕྱིར་འབུད་བྱས་ཏེ། “ལས་མི་གཅིག་སྡུད་འགྲོ་འོང་གི་གསལ་ཐོ”དང“ཁེ་ལས་གཙོ་བོའི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོའི་གསལ་ཐོ”ཆགས་པར་བྱེད་དགོས། དྲ་ཐོག་དང་ཡུལ་དངོས་ཀྱི་ལས་ཞུགས་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་མཁོ་སྤྲོད་ཕྱོགས་གཉིས་ལ་ལས་གནས་སྦྲེལ་མཐུད་ཀྱི་ཐབས་ལམ་ཤར་གཏོང་ཐུབ་པ་བྱེད་དགོས། ཁ་གཏད་རོགས་སྐྱོར་ཞིང་ཆེན(གྲོང་ཁྱེར)མཐུན་སྦྱོར་བྱས་ཏེ་རང་ཞིང་གི་གྲོང་གསེབ་ཀྱི་ངལ་ནུས་ལས་ཞུགས་ལས་གནས་ལ་འཚམ་པོ་ཡོང་བ་བྱས་ནས་ཕྱིར་ལས་ཞུགས་བྱེད་འདོད་ཡོད་པའི་ཚོགས་སྤྱིར་ཕྱོགས་ཏེ་གནད་འཁེལ་འོས་སྦྱོར་བྱས་ཡོད། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་དང་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་སོགས་ཚོགས་སྤྱིར་ཕྱོགས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་དང་གྲོང་གསེབ་ཀྱི་དངོས་སྤྱོད་ལག་རྩལ་གསར་པའི་གསོ་སྦྱོང་གཞི་ཁྱོན་ཆེན་པོས་བྱས་ཏེ་རྩལ་ནུས་གསོ་སྦྱོང་དང་ཁེ་ལས་ཀྱི་ལས་གནས་དགོས་མཁོ་དང་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་ཤུགས་སྣོན་བྱ་དགོས།

ཞིང་འབྲེལ་ཁེ་ལས་དང་མཉམ་ལས་ཁང་སོགས་ཀྱིས་རོང་འབྲོག་མང་ཚོགས་དང་མཉམ་འབྲེལ་བྱས་ཏེ་ནོར་ལུག་གསོ་སྤེལ་བྱེད་རྒྱུར་ཁྲིད་སྟོན་བྱས་ནས་ཞིང་ལས་ཐོན་རྫས་ཆེ་རིགས་ཐོན་སྐྱེད་དང་བྲིན་ཚོང་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། “ཁེ་ལས་དང་། མཉམ་ལས་ཁང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་སྦྲེལ་བའི་བྱེད་ཐབས་སྤྱད་དེ། ལས་སྤྱོད་ལས་གནས་ཀྱི་གྲངས་ཀ་ཇེ་མང་དུ་གཏོང་དགོས། གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ཀྱི་སྣེ་ཁྲིད་པ་གསོ་སྐྱོང་བྱ་སྤྱོད་ལག་བསྟར་དང་། ལས་གཏོད་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ། ཚོགས་སྤྱི་རིགས་ཁག་གྲོང་གསེབ་ཏུ་ལོག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བཅས་བྱེད་དགོས། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་དང་། ཐད་གཏོང་ཟོག་ཁྲིད། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་ཀྱི་ལས་རྣམ་གསར་པར་འཕེལ་རྒྱས་བཏང་ནས“མཚོ་སྔོན་གྱི་འཐེན་ཐུག་”དང་“མཚོ་སྔོན་གྱི་འཚེམ་དྲུབ”སོགས་ངལ་ལས་གྲགས་ཅན་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ་སྔར་ལས་མང་བའི་རོང་འབྲོག་མང་ཚོགས་ ལས་གཏོད་ལས་ཞུགས་ཐུབ་རྒྱུའི་སྣེ་ཁྲིད་བྱེད་དགོས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་ལག་བསྟར་ཇེ་མགྱོགས་སུ་གཏོང་བ་དང་། གཞི་རིམ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གཉེར་ལས་གནས་མང་དུ་གཏོང་དགོས།

“གནས་ནས་གནས་བར”སྐྱེལ་འདྲེན་གྱི་སྔོན་གྲབས་ཞིབ་བཤེར་ཆོག་མཆན་འགོད་པའི་བྱ་བ་ལེགས་པར་བསྒྲུབས་ཏེ། གཅིག་བསྡུས་ཀྱིས་ཕྱིར་སྐྱོད་མི་སྣའི་སྐྱེལ་འདྲེན་ཞབས་ཞུའི་འགན་སྲུང་བྱ་དགོས། སྔོན་ནས་བདེ་ཐང་ལྟ་ཞིབ་ཚད་ལེན་དང་རིམས་ནད་འགོག་ཟོན་ཚན་རིག་ཁྱབ་གདལ་ཤེས་བྱ་སྒྲོག་འགྲེལ་སྔ་སྣུར་དུ་བྱས་ནས། འགན་འཁུར་གཅིག་ནས་གཅིག་ལ་ནན་འཛིན་བྱས་ནས་མངའ་ཁུངས་མི་སྤྱོད་ལས་ཁུངས་ཀྱི་རིམས་ནད་འགོག་ཟོན་ལས་བཟོའི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན། རླུང་རྒྱུག་དུག་སེལ་སོགས་ཀྱི་རིམས་ནད་འགོག་ཟོན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་པ་རེད། ཕྱིར་གཏོང་དང་འདྲེན་ཡུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་ཆ་འཕྲིན་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཕྱིརལས་ཀར་སྐྱོད་མཁན་གྱི་གནས་ཚུལ་དུས་ཐོག་ཏུ་འབྱོར་ཡུལ་གྱི་ལས་མི་བཀོལ་སྤྱོད་ཚན་པར་བརྡ་ཁྱབ་བཏང་ནས་གཏན་འབེབས་གཞིར་བཟུང་དུས་ཐོག་ཏུ་མཐུན་སྦྱོར་ངང་དང་ལེན་བྱ་རྒྱུ་བཀོད་སྒྲིག་བྱ་དགོས།

གཡང་སྐྱིད་ཀྱིས་བསྒྱུར།