ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་འཚོགས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ལིན་ཧུའུ་ཡིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུར་གཙོ་སྐྱོང་གནང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལག་བསྟར་བྱ་བ་བཀོད་སྒྲིག་བྱས་ནས་ཚོགས་ཞུགས་ཨུ་ཡོན་ཚོ་དང་མཉམ་དུ་གཏམ་བཤད་བརྗེ་རེས་བྱས་པ་རེད། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཀྲ་ཆིན་ཅུག་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་སྟེང་《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་དྲིལ་སྒྲོག་དང་ལག་བསྟར་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཕྱོགས་བཅུའི་ཐད་ཀྱི་ཞིབ་ཕྲའི་བྱེད་ཐབས་བཏོན་ནས་སྔར་ལས་མཐོ་བའི་ཆུ་ཚད་ཀྱིས་བདེ་འཇགས་མཚོ་སྔོན་གྱི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་རེད། ད་ལོ་ཚུན་དུ་ཞིང་ཆེན་ཡོངས་ཀྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་བྱ་བར་ཕྱོགས་སྡོམ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གི་འབྲེལ་ཡོད་བྱ་བའི་བླང་བྱར་བརྒྱུད་བསྒྲགས་དང་ལག་བསྟར་བྱས་པ་རེད།

གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས། ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱིས་བཏོན་པའི“གོ་བ་གཏིང་ཟབ་ལེན་དགོས་པ་དགུ”བསྒྲུབ་དགོས་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བླང་བྱ་གལ་ཆེན་གཙོ་བོར་བཟུང་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་ལེ་ཚན་ལ་ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པར་འབད་བརྩོན་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། ད་སྔར་རིམས་ནད་དང་འབྲེལ་བ་ཡོད་པའི་སྔོན་འགོག་ཚོད་འཛིན་བྱ་བ་གཙོ་བོར་བཟུང་ནས་ལེགས་པར་བསྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི“བློ་བརྟན་འགྱུར་མེད་གསུམ”ལག་བསྟར་མཐའ་གཅིག་ཏུ་བྱས་ནས་རིམས་ནད་འགོག་ཟོན་གྱི་བྱེད་ཐབས་ཉི་ཤུ་དོན་འཁྱོལ་བྱས་ཏེ། རིམས་ནད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་དགོས་ལ་འདྲ་མཉམ་དྲང་བཞག་སྒོས་ཁྲིམས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ལ་བསམ་བློའི་ཐད་ནས་སློབ་གསོ་ཁྲིད་སྟོན་བྱ་བ་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། ལོ་ཧྲིལ་པོའི་དམིགས་ཚད་གཏན་འཁེལ་བྱེད་པ་དང་། གཙོ་བོར་དམིགས་པ། ཆད་ལུས་བྱུང་བ་ཞིབ་བཤེར་དང་ཁ་གསབ་བཅས་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡོང་བའི་འགན་སྲུང་བྱ་དགོས་ཟེར།

གཡང་སྐྱིད་ཀྱིས་བསྒྱུར།