ན་གོར་མོ་ནས་མང་ངེ་བར་གྱི་གཞུང་ལམ་རྒྱ་སྐྱེད་ལས་གཞིར་ལེགས་པར་གྲུབ་ནས་ཞིབ་བཤེར་རྩིས་ལེན་ཐོབ།

ལོ་ངོ3རིང་གི་འཛུགས་སྐྲུན་བརྒྱུད། ཟླ11ཚེས20ཉིན་རང་ཞིང་གི་དམིགས་བསལ་གཉེར་སྐྱོང་“ROT”རྣམ་པའི་ལས་གཞི་འཛུགས་སྐྲུན་བྱེད་ཐབས་སྤྱེད་པའི་ན་གོར་མོ་ནས་མང་ངེ་བར་གྱི་གཞུང་ལམ་རྒྱ་སྐྱེད་ལས་གཞི་བདེ་བླག་ངང་གྲུབ་ནས་ཞིབ་བཤེར་རྩིས་ལེན་ཐོབ། དེ་ནི་“ཞིན་ཅིང་དང་། མཚོ་སྔོན།སི་ཁྲོན་བཅས་བར་གྱི་བགྲོད་ལམ་ཆེན་པོ”སྟེ་མཚོ་སྔོན་ཁོངས་གཏོགས་ཀྱི་ལྷོ་ལམ་དེ་མི་འགྱང་བར་གཉེར་སྐྱོང་བྱ་རྒྱུ་ཡིན་པ་མཚོན།

ཐེངས་འདིའི་ཞིབ་བཤེར་རྩིས་ལེན་དེ་སྤྱི་བདེ་འགྲིམ་འགྲུལ་སྡེ་ཚན་དང་། ཞིང་ཆེན་འགྲིམ་འགྲུལ་བཟོ་སྐྲུན་ལག་རྩལ་ཞབས་ཞུ་ལྟེ་གནས། གཞུང་ལམ་ལམ་སྲིད་ཁྲིམས་བསྟར་སྡེ་ཚན། ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་མ་རྐང་སྡེ་ཤོག ན་གོར་མོ་གྲོང་ཁྱེར། མང་ངེ་གྲོང་ཁྱེར་སྲིད་གཞུང་སྡེ་ཚན་སོགས་འབྲེལ་ཡོད་ལས་ཁུངས་དང་ལས་རིགས་ཀྱི་ཆེད་མཁས་པས་ཕྱོགས་བསྡུས་དང་། ལམ་རྟིང་ཟམ་པ། ལམ་ངོས། འགྲིམ་འགྲུལ་བདེ་འཇགས། ནང་ཁུལ་རྒྱུ་ཆུ་སོགས་ཆེད་ལས་ཚན་ཆུང་ལྔ་དགོས་ཏེ། དྲ་ཐོག་ནས་སྙན་ཞུ་དང་སྤུས་ཚད་ཞིབ་བཤེར་གྱི་བསམ་འཆར་ལ་ཉན་པ་མ་ཟད། བརྙན་གཟུགས་སོགས་བསྟན་ནས་ཞིབ་བཤེར་རྩིས་ལེན་བྱས།

ལས་གཞི་དེ་ནི2019ལོའི་ཟླ10བར་ཞིང་ཆེན་སྲིད་གཞུང་གི་ཞིབ་མཆན་བཀོད་ཅིང་། སྤྱིའི་རིང་ཚད་ལ་ལེ་དབར343.143ཡོད་པ་དང་། རྩིས་དཔག་བྱས་ན་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར62.75བཏང་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།