༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་ཉེན་ཁ་ཅན་གྱི་རྫས་སྙིགས་ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་ནས་ཐག་གཅོད་བྱེད་པ་གཏན་འགོག་དང་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་སྔར་ལས་ ཤུགས་སྣོན་པའི་སྐོར་གྱི་བསམ་འཆར།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་ཉེན་ཁ་ཅན་གྱི་རྫས་སྙིགས་ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་ནས་ཐག་གཅོད་བྱེད་པ་གཏན་འགོག་དང་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་སྔར་ལས་

ཤུགས་སྣོན་པའི་སྐོར་གྱི་བསམ་འཆར།

མཚོ་སྲིད་གཞུང་ལས་ཐིན〔2022〕ཨང54བ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང། ཐིན། ཅུས་སོ་སོ་བཅས་ལ།

མཚོ་སྔོན་ནི་གཙང་བོ་གསུམ་གྱི་འབྱུང་ཡུལ་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན་པས། སྐྱེ་ཁམས་ཀྱི་གོ་གནས་གལ་ཆེ་ལ་དམིགས་བསལ་ལྡན་ཞིང། འགན་འཁྲི་ཆེ་ལ་དཀའ་ཚེགས་ལྡན་པ་ཞིག་ཡིན། ཉེན་ཁ་ཅན་གྱི་རྫས་སྙིགས་ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་བར་ཕན་ནུས་ལྡན་པའི་སྔོན་འགོག་ཧུར་ཐག་བྱེད་པ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་པ་དང། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་དོན་སྙིང་དང་བྱེད་ནུས་གལ་ཆེན་ལྡན། ཉེན་ཁ་ཅན་གྱི་རྫས་སྙིགས་ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་བར་ལྟ་སྐུལ་དོ་དམ་བྱེད་པར་ཁྱོན་ཡོངས་ནས་ཤུགས་བསྣན་ནས། ཁོར་ཡུག་གི་ཉེན་ཁ་འགོག་སྡོམ་དང་ཁོར་ཡུག་གི་བདེ་འཇགས་ལ་འགན་སྲུང་བྱ་ཆེད། ォཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲ་གཟུགས་རྫས་སྙིགས་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བཅའ་ཁྲིམསサདངォརྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་ཉེན་ཁ་ཅན་གྱི་རྫས་སྙིགས་ལ་ལྟ་སྐུལ་དོ་དམ་དང་བེད་སྤྱོད་ཐག་གཅོད་བྱེད་ནུས་ཇེ་དྲག་ཏུ་གཏོང་བའི་བཅོས་སྒྱུར་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོརサ(རྒྱལ་གཞུང་འཕྲིན〔2021〕ཨང47པ) གྱི་བླང་བྱ་ལྟར། རང་ཞིང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཤིང། ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་བ་བརྒྱུད། ཉེན་ཁ་ཅན་གྱི་རྫས་སྙིགས་ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་ནས་ཐག་གཅོད་བྱེད་པར་འགོག་སྡོམ་ནན་མོ་བྱེད་པ་དང་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་བསྣན་ནས། ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་སྦགས་བཙོག་འགོག་བཅོས་བྱ་བ་ཁྱོན་ཡོངས་ནས་ལེགས་པོར་སྒྲུབ་པར་གཤམ་གྱི་བསམ་འཆར་འདི་བཏོན་པ་ཡིན།

གཅིག སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བའི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ་དང། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལྗང་མདོག་གོང་སྤེལ་གྱི་འཛུགས་སྐྲུན་དང་སྐྱེ་ཁམས་ལེགས་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་དམིགས་འབེན་བརྟན་འཇགས་ཐོན་པའི་སྒོ་ནས། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འདེགས་ཐུབ་པར་བྱེད་པ་དང། སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་གཡུལ་འཐབ་གཏིང་ཟབ་པའི་ངང་ལེགས་པོར་རྒྱག་དགོས། ཉེན་ཁ་ཅན་གྱི་རྫས་སྙིགས་ཁོར་ཡུག་དང་བདེ་འཇགས་ཉམས་ཉེན་ཀྱི་དམིགས་འབེན་ལ་འགོག་སྡོམ་ནུས་པ་ཐོན་པར་བྱས་ནས། ཉེན་ཁ་ཅན་གྱི་རྫས་སྙིགས་ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་བའི་ལྟ་སྐུལ་དོ་དམ་བྱེད་པར་ཁྱོན་ཡོངས་ནས་ཤུགས་བསྣན་དགོས་ཤིང། ཉེན་ཁ་ཅན་གྱི་རྫས་སྙིགས་ནང་དུ་ཐོན་པ་གཏན་འགོག་དང་ནན་སྲུང་བྱེད་པ་དང། གཉེར་སྐྱོང་ཐག་གཅོད་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཉེན་ཁ་ཅན་གྱི་རྫས་སྙིགས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་དང་བེད་སྤྱོད་ཐད་གཅོད། ཉེན་ཁ་འགོག་སྲུང་གི་ནུས་ཤུགས་བཅས་རིམ་གྱིས་མཐོར་འདེགས་གཏང་དགོས། གྲོང་རྡལ་གྱི་སྲ་གཟུགས་རྫས་སྙིགས་ཀྱི་གསོག་ཚད་གཙང་སེལ་འགུལ་སྐྱོད་ལག་བསྟར་བྱས་ཏེ། སྲ་གཟུགས་རྫས་སྙིགས་རེས་འཁོར་བེད་སྤྱོད་གཏོང་བའི་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས། ལྗང་མདོག་ཐཱན་དམའ་ངང་འཕེལ་རྒྱས་འགྲོ་བར་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས། 2022ལོའི་ལོ་མཇུག་ལ་སླེབས་དུས། ཞིང་ཆེན་ཡོངས་ཀྱི་ཉེན་ཁ་ཅན་གྱི་རྫས་སྙིགས་ཐག་གཅོད་ནུས་ཤུགས་གཞི་རྩའི་ཆ་ནས་མངའ་ཁོངས་ནང་དུ་ཐག་གཅོད་ཐུབ་པའི་དགོས་མཁོ་དང། ཐག་གཅོད་ནུས་ཤུགས་དང་ཐོན་ལས་རྫས་སྙིགས་ཀྱི་གནས་ཚུལ་སྤྱིའི་ཆ་ནས་དོ་མཉམ་ཡོང་བ། རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་སྨན་བཅོས་རྫས་སྙིགས་གནོད་མེད་ཅན་དུ་ཐག་གཅོད་བྱེད་ཚད99%ཡན་ལ་སླེབས་པའི་དམིགས་འབེན་མངོན་འགྱུར་ཐུབ་དགོས་ཤིང། 2025ལོར་སླེབས་དུས། གཞི་རྩའི་ཆ་ནས་བཀོད་སྒྲིག་ལུགས་མཐུན་དང་དོ་དམ་ཚད་ལྡན། ལག་རྩལ་སྔོན་ཐོན། ནུས་ཤུགས་འཛོམས་པོ། བསྡུ་རུབ་ཡོངས་ཁྱབ་བཅས་ཀྱི་ཉེན་ཁ་ཅན་གྱི་རྫས་སྙིགས་བསྡུ་རུབ་གཞན་འདྲེན་དང་བེད་སྤྱོད་ཐག་གཅོད་ཀྱི་མ་ལག་གྲུབ་པར་བྱས་ཏེ། མགོ་ཁུངས་ནས་ནན་འགོག་དང་གོ་རིམ་ཁྲོད་ནན་སྡོམ། མཇུག་འབྲས་ལ་ཆད་གཅོད་ནན་མོ། ཉེན་ཁ་འགོག་སྡོམ་གྱི་ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་ལྟ་བཤེར་དོ་དམ་མ་ལག་བསྐྲུན་དགོས།

གཉིས། ནང་དུ་འཁྱེར་ཡོང་བར་གཏན་འགོག་དང་ཚོད་འཛིན་ནན་མོ་བྱ་དགོས།

(གཅིག) ནང་དུ་འཁྱེར་ཡོང་བ་གཏན་འགོག་བྱེད་པའི་ཁྱབ་ཁོངས། ཡིག་ཆ་དཔར་འགྲེམ་བྱས་ཉིན་ནས་བཟུང། གཤམ་གྱི་གནས་ཚུལ་ལྡན་པའི་ཉེན་ཁ་ཅན་གྱི་རྫས་སྙིགས་ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་བ་གཏན་འགོག་བྱ་དགོས། གཅིག་ནི་སླར་སྐྱེས་བེད་སྤྱོད་བཏང་མི་ཆོག་པ་སྟེ། མེ་ལ་སྲེག་པ་དང་ས་འོག་ཏུ་འཇུག་པ་སོགས་ཐབས་སྣ་རྐྱང་གིས་ཐག་གཅོད་བྱ་དགོས་པའི་ཉེན་ཁ་ཅན་གྱི་རྫས་སྙིགས། གཉིས་ནི་གནོད་འཚེ་ཆེ་བ་དང་གནོད་འཚེའི་ཁྱད་གཤིས་ཅི་ཡོད་མི་གསལ་བའི་ཉེན་ཁ་ཅན་གྱི་རྫས་སྙིགས་ཏེ། སྐྱེ་མེད་ཆིང་འགྱུར་རྫས་ཀྱི་སྙིགས་རོ་དང་ཞིང་སྨན་གྱི་རྫས་སྙིགས། སྐྱེ་ལྡན་ཞུ་བྱེད་རྫས་ཀྱི་སྙིགས་མ་དང་སྐྱེ་ལྡན་ཞུ་བྱེད་རྫས་འདུས་པའི་རྫས་སྙིགས། ཞིབ(རླངས)བསྲོས་སྙིགས་རོ་སོགས་འདུས་ཡོད། གསུམ་ནི་ཁོར་ཡུག་ལ་ཉེན་ཁ་ཆེ་བ་དང་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་ཆུང་བ། སྤྱད་རྗེས་བྱུང་བའི་ཉིས་ཐོན་སྙིགས་རོ་ཐག་གཅོད་འོས་འཚམ་བྱེད་པའི་ཇུས་གཞི་མེད་པའི་ཉེན་ཁ་ཅན་གྱི་རྫས་སྙིགས་ཏེ། ཕྱི་ངོས་ཐག་གཅོད་ཀྱི་རྫས་སྙིགས་དང་ཟངས་འདུས་པའི་འདམ་སྦགས། སྐྱུར་སྙིགས། དོར་སྙིགས། འོ་སྒྱུར་གཤེར་སྙིགས་སོགས་འདུས་ཡོད། བཞི་ནི་ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་ལྕགས་རིགས་ལྗིད་གྲས(དངུལ་ཆུ་དང་སྭེན། ཞ་ཉེ། ཁིར། ཁད)འདུས་ཚད་དེ་བསྡུ་ལེན་སྡེ་ཚན་གྱི་ཁོར་ཡུག་དཔྱད་འཇོག་གི་སྙན་ཞུའི་ནང་ཡོད་པའི་མ་བཅོས་རྒྱུ་ཆ་དང་ཧ་ཅང་མི་འཚམ་པ་སྟེ། མདོག་ལྡན་ལྕགས་རིགས་བསྡུ་འདེམས་དང་བཙོ་སྦྱངས་རྫས་སྙིགས། འགྱུར་སྐུལ་རྫས་སྙིགས་སོགས་འདུས་ཡོད།

(གཉིས) བེད་སྤྱོད་ཀྱི་གཞི་རྒྱ་ཚོད་འཛིན་ནན་མོ་བྱ་དགོས། ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་བཟོ་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ཀྱི་ནུས་པ་ལྡན་པ་དང་འཁོར་སྐྱོད་དཔལ་འབྱོར་ཐོན་ལས་སྦྲེལ་ཕྲེང་ཁྲོད་ཐོབ་སྐལ་གལ་ཆེན་བཟུང་ཡོད་པ། བཟོ་ལས་ཐོན་སྐྱེད་འཁོར་སྐྱོད་ཀྱི་གསབ་ཕྲེང་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་པའི་སྨད་རྒྱུད་ཀྱི་ཉེན་ཁ་ཅན་གྱི་རྫས་སྙིགས་བེད་སྤྱོད་ཁེ་ལས་ཀྱིས། ཞིང་ཆེན་ནང་ཁུལ་གྱི་ཉེན་ཁ་ཅན་གྱི་རྫས་སྙིགས་ཐག་གཅོད་པ་གཙོ་བོར་བྱེད་པ་དང། ཐོན་སྐྱེད་དགོས་མཁོར་འགན་སྲུང་བྱས་པའི་རྨང་གཞིའི་སྟེང་དུ། ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་བའི་ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་གཞི་རྒྱ་ལ་ཚོད་འཛིན་ནན་མོ་བྱ་དགོས། ཕྱོགས་བསྡུས་བེད་སྤྱོད་རིགས་ཀྱི་བཟོ་ལས་རྫས་སྙིགས་ཉེན་ཁ་ཅན(ཞ་ཉེའི་གློག་གསོག་ཆས་སྙིགས་མ་ཕུད)ནང་དུ་འཁྱེར་ཡོང་དགོས་པའི་ཁེ་ལས་ཀྱིས། ངེས་པར་དུ་འབྲེལ་ཡོད་འོས་ཐོབ་ལྡན་པའི་ཕྱོགས་གསུམ་པའི་ཞིབ་བཤེར་ལས་ཁུངས་ཀྱིས་གྲུབ་ཆ་ཡོངས་ལ་དབྱེ་ཞིབ་བྱས་པའི་སྙན་ཞུ་སྤྲད་དགོས། ཚོད་འཛིན་གྱི་གཞི་རྒྱ་ནི་སྐྱེ་ཁམས་ཁོར་ཡུག་སྲིད་འཛིན་གྱི་ཞིབ་མཆན་གཙོ་སྐྱོང་སྡེ་ཁག་གིས་ལོགས་སུ་གཏན་ལ་དབབ་དགོས།

(གསུམ) དང་ལེན་བྱེད་པར་ཞིབ་བཤེར་ནན་མོ་བྱ་དགོས། གྲོང་ཁྱེར་དང་ཁུལ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཉེན་ཁ་ཅན་གྱི་རྫས་སྙིགས་ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་བར་ལྟ་སྐུལ་དོ་དམ་བྱེད་པར་ཁྱོན་ཡོངས་ནས་ཤུགས་བསྣན་ནས། དོ་དམ་རྩིས་ཐོ་འཐུས་ཚང་དུ་འཛུགས་དགོས་ཤིང། ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་དགོས་ངེས་ཀྱི་བེད་སྤྱོད་བྱས་ཆོག་པའི་ཉེན་ཁ་ཅན་གྱི་རྫས་སྙིགས་གཉེར་སྐྱོང་ཐག་གཅོད་སྡེ་ཚན་ལ། སྔོན་ལ་གྲོང་ཁྱེར་དང་ཁུལ་གནས་སའི་རིམ་པ་དེ་གའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཐོག་བཤེར་བསམ་འཆར་ཡི་གེ་སྤྲད་རྗེས། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཞིབ་བཤེར་ནན་མོ་བྱ་དགོས། གཤམ་གྱི་གནས་ཚུལ་ལྡན་ན། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་དང་ལེན་བྱེད་པར་འཐད་པའི་བསམ་འཆར་ཡི་གེ་བྱིན་མི་ཆོག་ལ། འབྲེལ་ཡོད་ཁེ་ལས་ཀྱིས་ལོ་གཅིག་གི་ནང་དུ་ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་བའི་དང་ལེན་གྱི་ལས་སྒོ་རེ་ཞུ་བྱེད་མི་ཆོག་སྟེ། གཅིག་ནི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཡོད་པ། གཉིས་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་སྡེ་ཁག(ཆུ་བེད་དང་རང་བྱུང་ཐོན་ཁུངས། ནགས་རྩྭ། རྒྱལ་ཁབ་སྤྱི་གླིང་དོ་དམ་སྡེ་ཁག་བཅས་འདུ)གིས་སྲིད་འཛིན་ཆད་གཅོད་བྱས་པ། གསུམ་ནི་རེ་ཞུའི་རྒྱུ་ཆ་རྫུན་བཟོ་བྱས་པ། བཞི་ནི་ལོ་འཁོར་སྔོན་མ་དང་ལོ་འདིར་དང་ལེན་བྱས་པའི་ཉེན་ཁ་ཅན་གྱི་རྫས་སྙིགས་བེད་སྤྱོད་དང་ཐག་གཅོད་བྱས་པའི་གནས་ཚུལ་གསལ་བཤད་མི་ཐུབ་པ། ལྔ་ནི་དང་ལེན་བྱ་ཡུལ་གྱི་ཁེ་ལས་ལ་བེད་སྤྱོད་ནུས་ཤུགས་མི་འདང་བའམ་ཉེན་ཁ་ཅན་གྱི་རྫས་སྙིགས་གཉེར་སྐྱོང་གི་ཁྱབ་ཁོངས་ལས་བརྒལ་བ། དྲུག་ནི་དང་ལེན་བྱ་ཡུལ་གྱི་ཁེ་ལས་ལ་བཀའ་ཕབ་ནས་དུས་བཀག་ནང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་བཞིན་པ་དང། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཕྱོགས་བསྡུས་བཅོས་སྐྱོང་གི་བླང་བྱ་ལྟར་ཡོངས་འགྲུབ་བྱས་མེད་པ། བདུན་ནི་ཉེན་ཁ་ཅན་གྱི་རྫས་སྙིགས་གསར་བ་ཐོན་པའི་རིགས་དང་གྲངས་ཚད་གར་སོང་མི་གསལ་བ་བཅས་ཡིན། ཉེན་ཁ་ཅན་གྱི་རྫས་སྙིགས་གཉེར་སྐྱོང་ཐག་གཅོད་སྡེ་ཚན་ཡོངས་ཀྱིས། ངེས་པར་དུ་རང་ཞིང་གི་ཉེན་ཁ་ཅན་གྱི་རྫས་སྙིགས་ཐག་གཅོད་བྱེད་པ་གཙོར་འཛིན་པ་དང། ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་བའི་ཉེན་ཁ་ཅན་གྱི་རྫས་སྙིགས་དང་ལེན་བྱེད་པའི་གྲངས་ཚད་ལ་ཚོད་འཛིན་ནན་མོ་བྱ་དགོས།

གསུམ། མགོ་ཁུངས་ཀྱི་དམ་སྡོམ་ལ་ཤུགས་བསྣན་དགོས།

(བཞི) ལས་གཞི་ཆོག་འཐུས་ལ་ཚོད་འཛིན་ནན་མོ་བྱ་དགོས། “མགོ་ཁུངས་ནས་ནན་འགོག”གི་ཉེན་ཁ་ཅན་གྱི་རྫས་སྙིགས་གཉེར་སྐྱོང་དང་ཐག་གཅོད་ལས་གཞིའི་ཆོག་འཐུས་ལམ་ལུགས་འཐུས་ཚང་དུ་བཙུགས་ནས། གསར་སྒྱུར་དང་རྒྱས་བསྐྲུན་བྱས་པའི་ལས་གཞི་ལ་ངེས་པར་དུ་ཁོར་སྲུང་དང་བདེ་འཇགས། འཆར་འགོད། སྡོད་ཁང་འཛུགས་སྐྲུན། མེ་འགོག ནུས་སྲི་བཅས་ཀྱི་ཞིབ་བཤེར་སོགས་འབྲེལ་ཡོད་འགྲོ་ལུགས་ནན་སྒྲུབ་བྱེད་པ་དང། ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་སྦགས་བཙོག་འགོག་བཅོས་སྒྲིག་ཆས་ལ་ངེས་པར་དུ་ལས་གྲྭ་གཙོ་བོ་དང་མཉམ་དུ་འཆར་འགོད་དང་མཉམ་དུ་ལས་སྒྲུབ། མཉམ་དུ་ཐོན་སྐྱེད་བེད་སྤྱོད་བཅས་བྱེད་པའི“མཉམ་དུ་གསུམ”ལམ་ལུགས་ལག་བསྟར་ནན་མོ་བྱས་ནས་དགོས་མཁོ་ཐག་གཅོད་ལ་ཚན་རིག་གིས་དཔྱད་དཔོག་བྱ་དགོས། གྲོང་ཁྱེར་དང་ཁུལ་སོ་སོས་ལས་གཞི་འཛུགས་པར་ཞིབ་མཆན་འགོད་སྐབས། ད་ཡོད་ཀྱི་ལས་གཞིའི་ཐོན་ཁུངས་མཉམ་སྦྱོར་བྱེད་པ་དང་བེད་སྤྱོད་ཐག་གཅོད་ནུས་ཤུགས་དོ་མཉམ་པར་ཆ་འགྲིག་བྱ་དགོས་ཤིང། ཉེན་ཁ་ཅན་གྱི་རྫས་སྙིགས་ཐོན་ཚད་མང་བ་དང་ཉེ་ས་ནས་ཐག་གཅོད་དཀའ་ལ་ཕྱིར་འགྲོ་ས་དཀའ་བའི་ལས་གཞིར་ཆོག་འཐུས་སྟེར་བར་ གཟབ་ནན་བྱ་དགོས། བཟོ་ལས་གླིང་ཁུལ་ལས་གཞན་གྱིས་མེ་ལ་སྲེག་པ་དང་ས་འོག་ཏུ་འཇུག་པ་གཙོ་བོར་བྱེད་པའི་བཟོ་ལས་ཀྱི་ཉེན་ཁ་ཅན་གྱི་རྫས་སྙིགས་ཐག་གཅོད་དང་ཞིང་ཆེན་ནང་གི་ཕྱོགས་བསྡུས་བེད་སྤྱོད་ནུས་ཤུགས་ལྷག་མའི་ལས་གཞིར་ཞིབ་མཆན་བཀོད་མི་ཆོག ཉེན་ཁ་ཅན་གྱི་རྫས་སྙིགས་གཉེར་སྐྱོང་གི་ཆོག་འཐུས་རིགས་དེ་ཁོར་ཡུག་དཔྱད་འཇོག་གི་མཆན་ལན་ཁྱབ་ཁོངས་ཀྱི་ནང་དུ་ཚོད་འཛིན་ནན་མོ་བྱ་དགོས། མཆན་ལན་སྤྲད་པའི་གཙོ་གནད་ལས་རིགས་ཀྱི་ཉེན་ཁ་ཅན་གྱི་རྫས་སྙིགས་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་དཔྱད་འཇོག་གི་ཡིག་ཆར་ཁྲིམས་སྲོལ་ལྟར་བསྐྱར་ཞིབ་བྱ་དགོས། མཐུད་སྦྲེལ་ཚད་དྲག་པ་དང་ཉེན་ཁ་ཅན་གྱི་རྫས་སྙིགས་ཕྱོགས་བསྡུས་བེད་སྤྱོད་རིན་ཐང་མཐོ་བ། ཞིང་ཆེན་ནང་གི་ཐག་གཅོད་བྱེད་པ་གཙོ་བོ་ཡིན་པ། ཐེངས་གཉིས་སྦགས་བཙོག་ཚོད་འཛིན་ཐུབ་པ་བཅས་ཀྱི་ཕྱོགས་བསྡུས་བེད་སྤྱོད་ལས་གཞི་འཛུགས་སྐྲུན་གྱི་ཐོན་ལས་གོང་སྤེལ་ལ་རྒྱབ་སྐྱོར་བྱས་ཏེ། གཉེར་སྐྱོང་ཚད་ལྡན་དང་ཆེད་ལས་ཀྱི་དོ་དམ་ལྡན་པའི་ཉེན་ཁ་ཅན་གྱི་རྫས་སྙིགས་བེད་སྤྱོད་ཐག་གཅོད་བྱེད་པའི་ཁེ་ལས་གཞི་ཁྱོན་ཅན་དུ་གོང་སྤེལ་དུ་གཏོང་བར་སྐུལ་མ་གཏང་དགོས།

(ལྔ) མགོ་ཁུངས་ནས་ཚད་འཕྲི་བྱེད་པར་སྐུལ་སྤེལ་གཏང་དགོས། ཉེན་ཁ་ཅན་གྱི་རྫས་སྙིགས་ཐོན་ཚད་མང་བའི་ཁེ་ལས་ཀྱིས་དྭངས་གཙང་གི་ཐོན་སྐྱེད་བྱེད་པའི་བཟོ་རྩལ་གྱི་ལག་རྩལ་སྒྱུར་བཀོད་ལ་ཤུགས་བསྣན་ནས། ཉེན་ཁ་ཅན་གྱི་རྫས་སྙིགས་ནང་ཁུལ་ནས་ཐོན་ཁུངས་ཅན་དུ་བེད་སྤྱོད་གཏོང་བ་མངོན་འགྱུར་བྱ་དགོས། རྡོ་སྣུམ་སྔོག་འདོན་དང་རྡོ་རྫས། རྫས་འགྱུར་བཟོ་ལས། མདོག་ལྡན་སོགས་ཐོན་ལས་ཀྱི་རྟེན་གཞི་དང་ཁེ་ལས་ཚོགས་པ་ཆེ་གྲས་ཀྱིས། དགོས་མཁོ་གཞིར་བཟུང་ནས་རང་བདག་སྒོས་སྤུས་ཚད་མཐོ་བའི་བེད་སྤྱོད་ཐག་གཅོད་སྒྲིག་ཆས་ཆ་འགྲིག་བསྐྲུན་པར་སྐུལ་མ་གཏང་དགོས། གླིང་ཁུལ་དུ་ཉེན་ཁ་ཅན་གྱི་རྫས་སྙིགས་ཕྱོགས་བསྡུས་གསོག་ཉར་དང་སྔོན་དཔག་ཐག་གཅོད་དང་ཐག་གཅོད་སྒྲིག་ཆས་ཆ་འགྲིག་བསྐྲུན་པར་སྐུལ་འདེད་བཏང་ནས། ཕྱོགས་བསྡུས་བེད་སྤྱོད་ཁེ་ལས་ཀྱི་རྗེས་ལུས་ཀྱི་ཐོན་ནུས་འདོར་དགོས་ལ། ཉེན་ཁ་ཅན་གྱི་རྫས་སྙིགས་བེད་སྤྱོད་ཐད་གཅོད་སྒྲིག་ཆས་ཀྱི་ལག་རྩལ་དང་བཟོ་རྩལ་གྱི་གདང་རིམ་སྤར་བར་སྐུལ་སྤེལ་གཏང་དགོས། དྭངས་གཙང་ཐོན་སྐྱེད་ལ་སྐུལ་འདེད་བཏང་སྟེ། ཉེན་ཁ་ཅན་གྱི་རྫས་སྙིགས་ཐོན་པའི་ཁེ་ལས་ལ་དྲག་བཙན་རང་བཞིན་གྱི་དྭངས་གཙང་ཐོན་སྐྱེད་ཞིབ་དཔྱད་དོན་འཁྱོལ་བྱ་དགོས། ཉེན་ཁ་ཅན་གྱི་རྫས་སྙིགས་ཐོན་ཚད་ཉུང་བ་དང་གནོད་འཚེ་རང་བཞིན་ཇེ་དམའ་རུ་གཏོང་ཐུབ་པའི་ཐོན་སྐྱེད་བཟོ་རྩལ་གྱི་སྒྲིག་ཆས་གསར་སྤེལ་དང་ཁྱབ་བརྡལ་དུ་བཏང་ནས། ཉེན་ཁ་ཅན་གྱི་རྫས་སྙིགས་ཐོན་ཚད་མགོ་ཁུངས་ནས་ཉུང་དུ་གཏོང་བ་དང་བཟོ་ལས་ཀྱི་རེས་འཁོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏང་དགོས།

བཞི། བེད་སྤྱོད་དང་ཐག་གཅོད་ལ་གཅིག་གྱུར་བཀོད་འདོམས་བྱ་དགོས།

(དྲུག) འཛུགས་སྐྲུན་གྱི་བཀོད་སྒྲིག་ལེགས་སྒྱུར་གཏང་དགོས། ཚན་རིག་གིས་དཔྱད་དཔོག་དང་བཀོད་སྒྲིག་ལུགས་མཐུན། སྒྲིག་གཞི་ལེགས་སྒྱུར་བཅས་བརྒྱུད་ནས། ལས་རིགས་དགར་བ་དང་མངའ་ཁོངས་དགར་ནས་ཉེན་ཁ་ཅན་གྱི་རྫས་སྙིགས་དང་སྨན་བཅོས་ཀྱི་རྫས་སྙིགས་བསྡུ་རུབ་ཐག་གཅོད་བྱེད་པའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱ་དགོས། གྲོང་ཁྱེར་དང་ཁུལ་སོ་སོས་ཉེན་ཁ་ཅན་གྱི་རྫས་སྙིགས་ཐོན་ཚད་དང་ཐག་གཅོད་ནུས་ཤུགས་དོ་མཉམ། སྒྲིག་བཀོད་འཁོར་སྐྱོད་གནས་ཚུལ་གྱི་དཔྱད་དཔོག་བཅས་འཆར་གཞི་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་ནས། ཉེན་ཁ་ཅན་གྱི་རྫས་སྙིགས་བེད་སྤྱོད་ཐག་གཅོད་སྒྲིག་བཀོད་ཀྱི་འཛུགས་སྐྲུན་འཆར་འགོད་གཏན་འབེབས་བྱས་ནས་ལག་བསྟར་བྱེད་པ་དང། ཐག་གཅོད་ནུས་ཤུགས་འཛུགས་སྐྲུན་གྱི་བཀོད་སྒྲིག་འཐུས་ཚང་དུ་གཏང་དགོས། ཉེན་ཁ་ཅན་གྱི་རྫས་སྙིགས་བེད་སྤྱོད་ཐག་གཅོད་ནུས་ཤུགས་ཀྱི་སྒྲིག་གཞི་རང་བཞིན་གྱི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱས་ནས། “ཞིང་ཆེན་ནང་ཁུལ་གྱི་ནུས་ཤུགས་སྤྱིའི་ཆ་ནས་སྡེབ་འགྲིག་པ་དང་གྲོང་ཁྱེར་དང་ཁུལ་བར་དུ་མཐུན་སྦྱོར་མཉམ་ལས་བྱེད་པའི”ཐག་གཅོད་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ། ཐག་གཅོད་ནུས་ཤུགས་འཛུགས་སྐྲུན་དེ་ཞིང་ཆེན་ནང་ནས་ཐོན་པའི་རྫས་སྙིགས་ཀྱི་གཞི་ཁྱོན་དང་གྲངས་ཚད་ལ་གཞི་རྩའི་ཆ་ནས་སྡེབ་འགྲིག་མངོན་འགྱུར་བྱ་དགོས། གྲོང་ཁྱེར་རམ་ཁུལ་དང་རྫོང་རིམ་པའི་སྨན་བཅོས་རྫས་སྙིགས་བསྡུ་རུབ་སྒྱུར་འདྲེན་གྱི་ཐག་གཅོད་མ་ལག་མགྱོགས་མྱུར་ངང་བསྐྲུན་པ་དང། སྤོ་འགུལ་རྣམ་པའི་སྨན་བཅོས་རྫས་སྙིགས་ཀྱི་ཐག་གཅོད་སྒྲིག་བཀོད་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་བཏང་ནས། མགོ་ཁུངས་ནས་རིགས་དབྱེ་ལེགས་པོར་བྱེད་པ་དང་ཚད་ལྡན་ངང་ཐག་གཅོད་བྱེད་པར་སྐུལ་སྤེལ་གཏང་དགོས།

(བདུན) འཚུབ་ཟློག་བརྡ་ལན་འཐུས་ཚང་དུ་གཏང་དགོས། ཉེན་ཁ་ཅན་གྱི་རྫས་སྙིགས་དང་འབྲེལ་བའི་ཐོལ་བྱུང་ཁོར་ཡུག་གི་དོན་རྐྱེན་གྱི་འཚུབ་ཟློག་ཐག་གཅོད་བྱ་བ་དེ་སྲིད་གཞུང་གི་འཚུབ་ཟློག་བརྡ་ལན་མ་ལག་ནང་ལེན་པ་དང། ཁོར་ཡུག་གི་འཚུབ་ཟློག་བརྡ་ལན་གྱི་སྔོན་ཇུས་འཐུས་ཚང་དུ་བཏང་ནས། འཚུབ་ཟློག་ཐག་གཅོད་ཀྱི་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་འཚུབ་ཟློག་དམ་སྡོམ་ལ་ཤུགས་བསྣན་ནས། ォམཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་གྱི་འཚུབ་ཟློག་སྔོན་ཇུསサནང་གཏན་འཁེལ་བྱས་པའི་སྤྱོད་འཐུས་ཁྱབ་ཁོངས་གཞིར་བཟུང་ནས་འཚུབ་ཟློག་ཐག་གཅོད་ནན་མོ་སྤེལ་བ་དང། ཉེན་ཁ་ཅན་གྱི་རྫས་སྙིགས་འཚུབ་ཟློག་ཐག་གཅོད་ཀྱི་འཆར་གཞི་ཚན་རིག་ལྟར་གཏན་འབེབས་བྱེད་དགོས་པར་མ་ཟད་ཁོངས་གཏོགས་སྲིད་གཞུང་དུ་ཞུ་ཚགས་འགོད་དགོས་ཤིང། སྨན་བཅོས་རྫས་སྙིགས་བསྡུ་རུབ་དང་གསོག་ཉར། སྐྱེལ་འདྲེན། ཐག་གཅོད་སོགས་གྲོང་ཁྱེར་དང་ཁུལ་དང་རྫོང་རིམ་པའི་སྲིད་གཞུང་གི་འགོས་ནད་ཚབས་ཆེན་གྱི་རིམས་བབ་འགོག་སྡོམ་གྱི་མགོ་ཁྲིད་བཀོད་འདོམས་མ་ལག་ནང་དུ་བླངས་ནས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་དགོས་མཁོ་ཡོད་པའི་རླངས་འཁོར་དང་གནས་ཡུལ། ཐག་གཅོད་སྒྲིག་བཀོད་དང་འགོག་སྲུང་རྒྱུ་དངོས་བཅས་ལ་འགན་སྲུང་བྱ་དགོས།

(བརྒྱད) མཐུན་སྦྱོར་ཐག་གཅོད་ལ་ཤུགས་བསྣན་དགོས། གསར་དུ་བསྐྲུན་པ་དང་སྐྲུན་བཞིན་པ་དང་ད་ཡོད་ཀྱི་ཉེན་ཁ་ཅན་གྱི་རྫས་སྙིགས་སྲེག་བྱེད་ཀྱི་ཐག་གཅོད་སྒྲིག་བཀོད་དང་མཐུན་སྦྱོར་ཐག་གཅོད་བྱེད་པའི་སྲ་གཟུགས་རྫས་སྙིགས་ཀྱི་ཨར་འདམ་ཕུག་དོང་དང་འཚོ་བའི་གད་སྙིགས་སྲེག་བྱེད་ཀྱི་སྒྲིག་བཀོད་སོགས་ཐོན་ཁུངས་ལ་གྲོང་ཁྱེར་དང་ཁུལ་སོ་སོས་གཅིག་གྱུར་བཀོད་འདོམས་བྱས་ནས། མངའ་ཁོངས་མཐུན་སྦྱོར་གྱི་འཚུབ་ཟློག་ཐག་གཅོད་སྒྲིག་བཀོད་ཀྱི་གསལ་ཐོ་གཟུག་དགོས། གྲོང་ཁྱེར་དང་ཁུལ་སྲིད་གཞུང་དང་བཟོ་ལས་གླིང་ཁུལ་དང་ད་ཡོད་ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་མཐུན་སྦྱོར་ཐག་གཅོད་ཁེ་ལས་ཀྱིས། ངེས་པར་དུ་རྒྱལ་ཁབ་ཀྱི་བླང་བྱར་གསལ་ཐག་ཆོད་པར་བྱས་པའི་མཐུན་སྦྱོར་འཚུབ་ཟློག་ཐག་གཅོད་སྒྲིག་བཀོད་གཞིར་བཟུང་སྟེ། གཏན་འཁེལ་ལྟར་མངའ་ཁོངས་ནང་གི་ཉེན་ཁ་ཅན་གྱི་རྫས་སྙིགས་མཐུན་སྦྱོར་ཐག་གཅོད་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། མཐུན་སྦྱོར་འཚུབ་ཟློག་ཐག་གཅོད་གསལ་ཐོའི་ནང་བཀོད་ཡོད་པའི་སྒྲིག་བཀོད་ལ། སྨན་བཅོས་རྫས་སྙིགས་འཚུབ་ཟློག་ཐག་གཅོད་ཀྱི་སྤྱོད་གྲབས་རྒྱུ་ཆ་ནང་འདྲེན་གྱི་སྒྲིག་ལྷུ་སྒྲིག་འཇོག་གི་དངོས་ཡོད་གཞིར་བཟུང་ནས། བསྡུ་འདྲེན་ཐག་གཅོད་ཀྱི་འཕྲོད་བསྟེན་སྔོན་འགོག་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ། མི་ལུས་བདེ་ཐང་དང་བདེ་འཇགས་ལ་འགན་སྲུང་བྱ་དགོས།

ལྔ། ཉེན་ཁའི་འགོག་སྡོམ་ལ་ཤུགས་བསྣན་དགོས།

(དགུ) བརྒྱུད་རིམ་ཧྲིལ་བོར་རྗེས་འདེད་ཀྱིས་ལྟ་སྐུལ་དོ་དམ་བྱ་དགོས། ཉེན་ཁའི་འགོག་སྡོམ་དང་ཉེན་ཁ་བཤེར་འབུད་ལ་ཤུགས་བསྣན་ནས། ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་ཉེན་ཁ་དཔྱད་དཔོག་དང་རིམ་དབྱེ་རིགས་དགར་གྱི་དོ་དམ་ལག་བསྟར་བྱས་ཏེ། གཙོ་གནད་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང། ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་ཞུ་འབུལ་ཐོ་འགོད་དང་དོ་དམ་འཆར་གཞི། སྤོ་སྒྱུར་སྦྲེལ་ཐོ། འཚུབ་ཟློག་སྔོན་ཇུས་ཞུ་ཚགས། ཉེན་ཁ་ཅན་གྱི་རྫས་སྙིགས་གཉེར་སྐྱོང་ཆོག་འཐུས་དང་སྦགས་བཙོག་ཕྱིར་འབུད་ཆོག་འཐུས་སོགས་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་དེ“སྐབས་བསྟུན་གཉིས་དང་གསལ་བསྒྲགས་གཅིག”གི་ཁྲིམས་བསྟར་ལྟ་རྟོག་ནང་ལེན་དགོས། ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་གློག་རྡུལ་འདྲེན་ཐོ་དང་སྤོ་སྒྱུར་སྦྲེལ་ཐོའི་དོ་དམ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། སྤོ་སྒྱུར་གོ་རིམ་དུ་མཉམ་འགོག་མཉམ་འགུལ་གྱི་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས། ཉེན་ཁ་ཅན་གྱི་རྫས་སྙིགས་དང་སྨན་བཅོས་རྫས་སྙིགས་ཀྱི་སྐྱེལ་འདྲེན་རླངས་འཁོར་ཚད་ལྡན་དང་གོ་རིམ་ཡོད་པ་དང་བདེ་འཇགས་བདེ་མྱུར་ངང་བགྲོད་པ་མངོན་འགྱུར་བྱ་དགོས། སྲིད་གཞུང་གི་ཞབས་ཕྱི་ཉོ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཕྱོགས་གསུམ་པའི་བསྡོམས་རྩིས་ལས་ཁུངས་ལ་མངགས་བཅོལ་བྱས་ཤིང། གཙོ་གནད་སྡེ་ཚན་གྱི་ཉེན་ཁ་ཅན་ལས་རྫས་སྙིགས་ཐོན་པ་དང་སྤོ་པ། བེད་སྤྱོད་ཐག་གཅོད་བྱེད་པ་དང་འབྲེལ་འོས་ཀྱི་མ་དངུལ་འཁོར་རྒྱུག་བཅས་ལ་དཔེ་འདེམས་རྩིས་བཤེར་བྱས་ནས། ཚད་ལྡན་གྱི་དོ་དམ་སྐུལ་སྤེལ་གཏང་དགོས། རྒྱལ་ཁོངས་ནང་འཛུལ་བའི་ཐོན་ཁུངས་རང་བཞིན་གྱི་ཚོང་རྫས་འབོར་ཆེན་དང་གློག་ཆས་རྙིང་བ། དོས་སྒམ་བཅས་ལ་ལྟ་བཤེར་བྱས་ཏེ་རྙེད་པའི་ཉེན་ཁ་ཅན་གྱི་རྫས་སྙིགས་ལ། མཚོ་འགག་དང་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་རྒྱལ་ཁབ་ཀྱི་བླང་བྱ་ལྟར་མཉམ་འབྲེལ་ཐག་གཅོད་བྱ་དགོས།

(བཅུ) ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་ལ་ཆད་པ་ནན་མོ་གཅད་དགོས། གཉེར་སྐྱོང་ཐག་གཅོད་སྡེ་ཚན་གྱིས་ཁྲིམས་འགལ་བྱ་སྤྱོད་ལ“བཟོད་སྒོམ་མེད་པ”ལག་བསྟར་བྱེད་པ་དང། ཉེན་ཁ་ཅན་གྱི་རྫས་སྙིགས་ལ་ཁོར་ཡུག་ཁྲིམས་བསྟར་བྱེད་པ་དེ་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱི་ནང་དོན་གལ་ཆེན་དུ་བཟུང་ནས། ཁྲིམས་འགལ་ངང་ཉེན་ཁ་ཅན་གྱི་རྫས་སྙིགས་སྒྱུར་འདྲེན་དང་བྱོ་ལྡུག སར་སྦས། བེད་སྤྱོད། ཐག་གཅོད་སོགས་བྱེད་པའི་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་གྱི་ཉེས་བསགས་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏང་དགོས། ཉེན་ཁ་ཅན་གྱི་རྫས་སྙིགས་གཉེར་སྐྱོང་ཐག་གཅོད་བྱེད་པའི་སྡེ་ཚན་གྱི་ཁོར་ཡུག་སྦགས་བཙོག་གི་འགན་འཁྲི་འགན་བཅོལ་ལ་ཤུགས་བསྣན་ནས། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་སྐྱིན་ཚབ་འཇལ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་མཉམ་སྡེབ་མཉམ་འགུལ་བཅས་ལ་ཤུགས་བསྣན་དགོས། ཁྲིམས་མིན་ངང་ཉེན་ཁ་ཅན་གྱི་རྫས་སྙིགས་བྱོ་ནས་ཁོར་ཡུག་སྦགས་བཙོག་བཟོས་པའི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་དང། དེ་ཁེ་ལས་ཀྱི་སྤྱི་ཚོགས་ཡིད་རྟོན་ཟིན་ཐོ་རུ་འཇུག་པར་མ་ཟད་ཁྲིམས་ལྟར་ཆད་པ་གཅད་དགོས། ཉེན་ཁ་ཅན་གྱི་རྫས་སྙིགས་ལ“ཚེ་སྲོག་གི་འཁོར་ཡུན་ཡོངས”སུ་ལྟ་སྐུལ་དོ་དམ་བྱེད་པར་སྐུལ་འདེད་བཏང་ནས། རིག་ནུས་གདུབ་ཟུམ་གྱི་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ་དང། ལྟ་སྐུལ་དོ་དམ་མི་ཐུབ་པའི་གནས་ཚུལ་འབྱུང་བར་སྔོན་འགོག་བྱས་ནས། ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་བརླག་གི་དོན་རྐྱེན་འབྱུང་བ་གཏན་འགོག་བྱ་དགོས།

(བཅུ་གཅིག) དཔུག་ཁག་གི་ནུས་ཤུགས་མཐོར་འདེགས་གཏང་དགོས། ཁོར་ཡུག་གི་ཉེན་ཁ་འགོག་སྡོམ་བྱེད་པའི་དགོས་མཁོ་དང་འཚམ་པའི་ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་ལྟ་སྐུལ་དོ་དམ་མ་ལག་མགྱོགས་མྱུར་ངང་བཙུགས་ནས། ཞིང་ཆེན་དང་གྲོང་ཁྱེར་རམ་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་ཁོར་ཡུག་དོ་དམ་ལག་རྩལ་གྱི་འདེགས་སྐྱོར་མ་ལག་འཐུས་ཚང་བར་བསྐྲུན་པ་དང། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་བསྡུས་ཁྲིམས་བསྟར་དཔུག་ཁག་དང་ཆེད་ལས་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་དགོས་ཤིང། ཉེན་ཁ་ཅན་གྱི་རྫས་སྙིགས་གཉེར་སྐྱོང་ཐག་གཅོད་དང་སྦགས་བཙོག་འགོག་བཅོས་ཀྱི་ལས་བྱེད་མི་སྣའི་གསོ་སྦྱོང་མཛུབ་སྟོན་ལ་ཤུགས་ཆེན་པོ་བཏོན་ནས། ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་ཁོར་ཡུག་ལྟ་སྐུལ་དོ་དམ་དང་ཉེན་ཁ་འགོག་སྡོམ་གྱི་ནུས་ཤུགས་མཐོར་འདེགས་སུ་གཏང་དགོས། ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་ཉེན་ཁའི་འགོག་སྡོམ་དང་བེད་སྤྱོད་ཐག་གཅོད་ཀྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། ད་ཡོད་ཀྱི་བརྒྱུད་ལམ་ལས་འབྲེལ་ཡོད་ཀྱི་ཚན་ཞིབ་བྱ་འགུལ་ལ་རྒྱབ་སྐྱོར་བྱ་དགོས། མངའ་ཁོངས་རང་བཞིན་གྱི་ཉེན་ཁ་ཅན་གྱི་རྫས་སྙིགས་ལ་ཚད་ལེན་ཚོད་ལྟའི་དབྱེ་ཞིབ་དང་ཁོར་ཡུག་གི་ཉེན་ཁ་འགོག་སྡོམ་ལག་རྩལ་གྱི་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་ཁོར་ཡུག་ཉེན་ཁའི་སྔོན་བརྡ་དང་དོ་དམ་ཇུས་ཆོད་ཀྱི་འདེགས་སྐྱོར་ལ་ཤུགས་བསྣན་དགོས།

དྲུག རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་དགོས།

(བཅུ་གཉིས) ཕྱོགས་སོ་སོའི་འགན་འཁྲི་ནན་དཀྲི་བྱ་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ཉེན་ཁ་ཅན་གྱི་རྫས་སྙིགས་ཐག་གཅོད་ཀྱི་ལྟ་སྐུལ་དོ་དམ་རྩ་འཛུགས་མགོ་ཁྲིད་བྱེད་པར་དངོས་གནས་ཤུགས་བརྒྱབ་སྟེ། ォམཚོ་སྔོན་ཞིང་ཆེན་གྱི“ལྔ་ཚན་བཅུ་བཞི་བའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་འགོདサ(མཚོ་སྲིད་གཞུང་ལས་ཐིན〔2021〕ཨང88པ)ལས“ཉེན་ཁ་ཅན་གྱི་རྫས་སྙིགས་ཀྱི་ཉེན་ཁ་ནན་འགོག་བྱེད་པ”ཞེས་པའི་ཆེད་དོན་ལེའུ་དང་ས་བཅད་ཀྱི་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། ཉེན་ཁ་ཅན་གྱི་རྫས་སྙིགས་ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་ནས་ཐག་གཅོད་པ་གཏན་འགོག་དང་ཚོད་འཛིན་ནན་མོ་བྱེད་པའི་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ནས། ཁྲིམས་སྐྱོང་བསམ་གཞིགས་གཙིགས་སུ་བཟུང་སྟེ་ཁྲོམ་རའི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང། “གཅིག་དཔེ་བརྒྱ་འགེབས”ནན་འགོག་བྱས་ནས་བྱེད་པོའི་འགན་འཁྲི་དངོས་གནས་ནན་དཀྲི་བྱ་དགོས། འཕེལ་རྒྱས་བཅོས་སྒྱུར་དང་བཟོ་ལས་དང་ཆ་འཕྲིན་ཅན། སྐྱེ་ཁམས་ཁོར་ཡུག འཚུབ་ཟློག་དོ་དམ། སྤྱི་བདེ། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲོད་བསྟེན་བདེ་ཐང། སྡོད་ཁང་མཁར་གྲོང་འཛུགས་སྐྲུན། མཚོ་འགག་སོགས་འབྲེལ་ཡོད་སྡེ་ཁག་གིས། ཉེན་ཁ་ཅན་གྱི་རྫས་སྙིགས་བེད་སྤྱོད་ཐག་གཅོད་དང་སྦགས་བཙོག་འགོག་བཅོས། བདེ་འཇགས་ཐོན་སྐྱེད། སྐྱེལ་འདྲེན་བདེ་འཇགས་དང་འཕྲོད་བསྟེན་རིམས་འགོག་སོགས་ཐད་ཀྱི་ལྟ་སྐུལ་དོ་དམ་གྱི་ལས་འགན་ངེས་པར་དུ་ནན་ཏན་སྒོས་དོན་འཁྱོལ་བྱེད་པ་དང། མཐུན་སྦྱོར་འབྲེལ་འདྲིས་ལ་ཤུགས་བསྣན་ནས་བྱ་བའི་མཉམ་ཤུགས་གྲུབ་པར་བྱ་དགོས། སྐྱེ་ཁམས་ཁོར་ཡུག་དང་འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་ལས་དང་ཆ་འཕྲིན་ཅན། འཕྲོད་བསྟེན་བདེ་ཐང། སྤྱི་བདེ་བཅས་སྡེ་ཁག་གིས་མཉམ་འགུལ་མཉམ་ལས་ཀྱི་རྐྱེན་སྲོལ་བཙུགས་ནས། ཉེན་ཁ་ཅན་གྱི་རྫས་སྙིགས་སྤོ་སྒྱུར་སྦྲེལ་ཐོ་དང་སྐྱེལ་འདྲེན་རླངས་འཁོར་བགྲོད་པའི་ལམ་ཐིག་དང་བགྲོད་སྐྱོད་ཚོད་འཛིན་མངའ་ཁོངས་ཀྱི་ཆ་འཕྲིན་བཅས་མཉམ་སྤྱོད་བྱས་ཐོག མཉམ་འབྲེལ་ངང་ཁྲིམས་བསྟར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས། དུས་གཏན་སྒོས་གྲོས་མོལ་མངགས་གཏོང་དང་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་སྟེ། ཉེན་ཁ་ཅན་གྱི་རྫས་སྙིགས་ཐོན་པ་དང་བསྡུ་རུབ། གསོག་ཉར། སྐྱེལ་འདྲེན། བེད་སྤྱོད་ཐག་གཅོད་སོགས་ཀྱི་གོ་རིམ་ཡོངས་དང་སྦྲེལ་ཐག་ཧྲིལ་བོར་ཁེབས་པའི་ལྟ་སྐུལ་དོ་དམ་མ་ལག་མགྱོགས་མྱུར་ངང་གཟུག་དགོས།

(བཅུ་གསུམ) རྟོག་བཤེར་འགན་འདྲི་ལ་ཤུགས་བསྣན་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་རྟོག་བཤེར་གྱི་འབྲེལ་ཡོད་ཉེན་ཁ་ཅན་གྱི་རྫས་སྙིགས་གནད་དོན་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་གྱོད་གཞི་མང་དུ་འབྱུང་བ་དང་ཐག་གཅོད་ནུས་ཤུགས་ཧ་ཅང་མི་འདང་བ། ཁོར་ཡུག་སྦགས་བཙོག་བཟོས་པའམ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པའི་ས་ཆ་དང་སྡེ་ཚན་ལ། གནས་ཚུལ་ལ་གཞིགས་ནས་ཆེད་དོན་རྟོག་བཤེར་དང་སྐོང་མོལ་ཆད་གཅོད་བྱ་དགོས། རྟོག་བཤེར་ལས་སྲོལ་འགལ་ལམ་ལས་གནས་ཁྲིམས་འགལ། ལས་གནས་ཉེས་གསོག་བཅས་དང་འབྲེལ་བའི་གནད་དོན་གྱི་ཁུངས་སྣེ་རྙེད་ན། འབྲེལ་ཡོད་གཏན་འཁེལ་ལྟར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་སྤྲད་དགོས། གནད་དོན་གཞན་དག་ལ། གོ་རིམ་ལྟར་རྟོག་བཤེར་བྱ་ཡུལ་ལམ་འབྲེལ་ཡོད་སྡེ་ཚན་ལ་སྤྲད་ནས་ཐག་གཅོད་བྱ་དགོས། ཉེན་ཁ་ཅན་གྱི་རྫས་སྙིགས་ཐག་གཅོད་བཤེར་ཞིབ་དང་ཉིན་རྒྱུན་གྱི་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་ལ་དམ་པོར་དམིགས་ནས། གསལ་ཐོ་དང་སྟེགས་ཐོ་འཛུགས་པ་དང་འགན་འཁྲི་སྡེ་ཚན་གསལ་ཐག་ཆོད་པ། ཆེད་མིའི་འགན་འཁུར་གཏན་འཁེལ་བྱས་ནས། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོའི་སྒོ་ནས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་དུས་ཐོག་ཏུ་གཙང་སེལ་བྱ་དགོས། དུས་མཉམ་དུ། རོགས་སྐྱོར་མཛུབ་སྟོན་ལ་ཤུགས་བསྣན་ནས“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གི་རྒྱུན་རིང་འཆར་གཞི་གཏན་འབེབས་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྐུལ་འདེད་གཏང་དགོས།

(བཅུ་བཞི) སྣང་ཚུལ་ལེགས་པོ་བསྐྲུན་དགོས། རྒྱུ་མང་མཉམ་སྐྱོང་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རྩ་འཛུགས་དང་མང་ཚོགས་ཀྱི་ལྟ་སྐུལ་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང། མཉམ་འགོག་མཉམ་སྡོམ་མཉམ་བཅོས་ལག་བསྟར་བྱས་ནས། ཉེན་ཁ་ཅན་གྱི་རྫས་སྙིགས་ལས་བྱུང་བའི་ཁོར་ཡུག་དང་བདེ་འཇགས་ཀྱི་ཉེན་ཁའི་ཐ་ཐིག་ནན་སྲུང་བྱ་དགོས། ཁེ་ལས་ཀྱི་ཁོར་ཡུག་ཡིད་རྟོན་ཟིན་ཐོ་དང་ཁོར་ཡུག་གི་ཉེན་ཁ་ཚོད་འཛིན་ཐུབ་པའི་ཚད་ཐིག་ལ་གཞིགས་ནས། ཞིབ་བཤེར་ནན་མོ་བྱས་པའི་རྨང་གཞིའི་སྟེང་དུ། “མིང་ཐོ་དཀར་པོའི”རྣམ་པས་ཉེན་ཁ་ཅན་གྱི་རྫས་སྙིགས་ཞིང་ཆེན་ཕྱི་ནས་ནང་དུ་འཁྱེར་ཡོང་བའི་ཞིབ་མཆན་གོ་རིམ་ལེགས་སྒྱུར་གཏོང་བ་དང། ཉེན་ཁ་ཅན་གྱི་རྫས་སྙིགས་མངའ་ཁོངས་བརྒལ་ནས་སྤོ་སྒྱུར་བྱེད་པའི་འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། སྲིད་ཇུས་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སློབ་གསོ་ལ་ཤུགས་བསྣན་ནས། ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལམ་ལུགས་འཛུགས་པ་དང། ཉེན་ཁ་ཅན་གྱི་རྫས་སྙིགས་བེད་སྤྱོད་ཐག་གཅོད་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལ་སྐུལ་འདེད་བཏང་སྟེ། སྒྲིག་བཀོད་མང་ཚོགས་ལ་སྒོ་འབྱེད་པ་དང“ཉེ་ཡོལ་ནུས་སྣང”ཕན་ནུས་ལྡན་པའི་ངང་སེལ་དགོས། བྱ་དགའ་ཡོད་པའི་ཞུ་གཏུག་ལམ་ལུགས་བཙུགས་ནས། ཉེན་ཁ་ཅན་གྱི་རྫས་སྙིགས་ཁྲིམས་མིན་ངང་སྤོ་སྒྱུར་དང་འབྱོ་བ་སོགས་ཞུ་གཏུག་བྱེད་པ་གཙོ་གནད་དུ་བཟུང་ནས་བྱ་དགའ་སྟེར་བའི་ཁྱབ་ཁོངས་སུ་བླངས་ནས། དཔེ་མཚོན་གྱོད་དོན་ཡོངས་བསྒྲགས་དང་མཐོ་གནོན་གྱི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ནས་སྟོབས་དང་ལྡན་པའི་ཟིལ་ཤུགས་བསྐྱེད་ཐུབ་པར་བྱས་སྟེ། དམངས་ཡོངས་ཟབ་ཞུགས་སྒོས་ལྟ་རྟོག་བྱེད་ཐུབ་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཧུར་ཐག་གིས་བསྐྲུན་དགོས།

བསམ་འཆར་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2022ལོའི་ཟླ7པའི་ཚེས12ཉིན།

◎འབྲུག་བྱམས་རྒྱལ་གྱིས་བསྒྱུར། འབྲུག་བྱམས་ཚེ་རིང་གིས་ཞུས།