༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་ལ་དམ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་བསམ་འཆར།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་ལ་དམ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་བསམ་འཆར།

མཚོ་སྲིད་གཞུང་ལས་ཐིན〔2022〕ཨང20བ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང། ཐིན། ཅུས་སོ་སོ་བཅས་ལ།

རང་བྱུང་གི་ཆུ་རྒྱུན་དང་མཚེའུ། མིས་བཟོས་ཆུ་ལམ། ཆུ་མཛོད(གཤམ་དུ་ཆུ་མཚོ་ཞེས་བསྡུ་རྒྱུ)བཅས་ཀྱི་ཉེ་འཁོར་གྱི་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་གི་ས་ཆུ་འདྲེས་མཚམས་ཀྱི་མངའ་ཁོངས་ནི། ཆུ་མཚོའི་སྐྱེ་ཁམས་བར་སྟོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཆུ་མཚོ་བདེ་ཐང་ཡོང་བའི་སྲོག་རྩའང་ཡིན། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་ལ་དམ་སྡོམ་ནན་མོ་བྱེད་པ་དེ། ཆུ་ལམ་གྱི་བཞུར་རྒྱུན་བདེ་འཇགས་འགན་སྲུང་དང། ཆུ་མཚོའི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར། བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཞིག་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་དོ་དམ་དང་སྲུང་སྐྱོབ་ལ་སྔར་ལས་ཤུགས་བསྣན་ནས། ཆུ་མཚོ་སོར་ཆུད་སྐྱེ་འཕེལ་འབྱུང་བར་སྐུལ་འདེད་དང་ཆུ་མཚོའི་སྐྱེ་ཁམས་བྱེད་ནུས་ལ་སྲུང་སྐྱོང་བྱེད་པ་དང། སྐྱེ་ཁམས་ཀྱི་མཐོ་སའི་འཐབ་ཇུས་ལག་བསྟར་བྱེད་པར་རོགས་འདེགས་བྱ་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་བ་བརྒྱུད། ད་ལྟ་ཞིང་ཆེན་ཡོངས་ཀྱི་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་ལ་དམ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བར་གཤམ་གསལ་གྱི་བསམ་འཆར་བཏོན་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང། ཏང་གི་འཐུས་མི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཤིང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་སྲུང་སྐྱོབ་ཆེན་མོ་དང་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “སྔོན་ལ་ཆུ་སྲི་དང་བར་སྟོང་དོ་མཉམ། མ་ལག་བཅོས་སྐྱོང། ཕྱོགས་གཉིས་ཤུགས་འདོན”གྱི་ཆུ་བཅོས་རིག་ལམ་ལག་ལེན་བྱེད་པ་དང། ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་དམ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང། སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་པའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོར་འཛུགས་པ་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་འགན་སྲུང་བྱེད་པའི་ཆབ་སྲིད་འགན་འཁུར་དང་འགན་འཁྲི་གལ་ཆེན་དངོས་གནས་ཕྲག་ཏུ་ལེན་དགོས།

(གཉིས) གཞི་རྩའི་རྩ་དོན།

覧ཁྲིམས་སྲོལ་སྒྲིག་སྲོལ་རྒྱུན་འཁྱོངས་བྱས་ཏེ། དམ་སྡོམ་ནན་མོ་བྱ་དགོས། ォཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ཁྲིམསサདངォཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ལོག་སྔོན་འགོག་བཅའ་ཁྲིམསサォཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ལམ་དོ་དམ་སྲོལ་ཡིགサォམཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་ལག་བསྟར་བྱེད་པའི་སྲོལ་ཡིགサསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་དང་འབྲེལ་བའི་སྲིད་འཛིན་ཞིབ་མཆན་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས། སྐྱེ་ཁམས་བར་སྟོང་ལ་དམ་སྡོམ་བྱེད་ཤུགས་ཆེ་རུ་གཏང་དགོས།

覧སྲུང་སྐྱོབ་སྔོན་ལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ལུགས་མཐུན་སྒོས་བེད་སྤྱོད་བྱ་དགོས། གྲོན་ཆུང་སྔོན་ལ་བྱེད་པ་དང་སྲུང་སྐྱོབ་སྔོན་ལ་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པའི་འདུ་ཤེས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཆུ་མཚོའི་སྐྱེ་ཁམས་ཁོར་ཡུག་དེ་སྔོན་མའི་གོ་གནས་སུ་འཇོག་པ་དང། སྲུང་སྐྱོང་ཆེས་ནན་མོ་ལག་བསྟར་བྱེད་པའི་སྔོན་འགྲོ་འོག་ཏུ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་རྒྱུ་རྐྱེན་ལ་གཅིག་འདོམས་བྱས་ནས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་ལ་གྲོན་ཆུང་དང་ལེགས་བསྡུས་སྒོས་ཆུ་ཁོངས་འགྲམ་རྒྱུད་ཀྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱ་དགོས།

覧གཅིག་འདོམས་སྙོམས་གཟིགས་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱ་དགོས། ཆུ་མཚོའི་རང་བྱུང་ཆོས་ཉིད་དང་འགྲམ་རྒྱུད་ཀྱི་རང་བྱུང་ཆ་རྐྱེན་ལ་བརྩི་འཇོག་བྱས་ཏེ། ཆུ་ལོག་སྔོན་འགོག་གི་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས། ཆུ་བབ་བརྟན་འཇགས། བར་སྟོང་ཆ་ཚང། བྱེད་ནུས་ལེགས་འཛོམས་སོགས་ཀྱི་བླང་བྱ་ཕྱོགས་བསྡུས་བྱས་ཏེ། ཚན་རིག་དང་མཐུན་པར་འགྲམ་རྒྱུད་ཀྱི་བྱེད་ནུས་ཁུལ་བགོ་བྱེད་པ་དང། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ནུས་ཕྱོད་ཚད་མཐོན་པོའི་སྒོ་ནས་འདོན་སྤེལ་བྱ་དགོས།

覧ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱས་ཏེ། ཇུས་བསྟར་གནད་འཁེལ་བྱ་དགོས། གཙང་གསུམ་འབྱུང་ཡུལ་དང་ཚྭ་འདམ་གཞུང། མཚོ་སྔོན་པོའི་མཐའ་སྐོར། རྨ་ཙོང། མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་མངའ་ཁོངས་སོགས་ཀྱི་ས་ཁོངས་ཁྱད་ཆོས་གཞིར་བཟུང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དགོས་མཁོ་བརྟག་ཆོད་ཐོན་པར་བྱེད་པ་དང། དངོས་ཐོག་བདེན་འཚོལ་གྱི་སྟེང་ནས་ཡུལ་བབ་དང་བསྟུན་ཞིང་ཆུ་མཚོ་གང་འཚམ་གྱིས་ཇུས་བསྟར་གནད་འཁེལ་བྱ་དགོས།

(གསུམ) དམ་སྡོམ་དམིགས་འབེན། 2025ལོར་སླེབས་དུས། ས་ཁུལ་སོ་སོས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འཚམ་པའི་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་གི་དམ་སྡོམ་འགན་འཁྲི་མ་ལག་དང་འཆར་འགོད་མ་ལག ལམ་ལུགས་མ་ལག་དང་ལྟ་སྐུལ་དོ་དམ་མ་ལག་ཁྱོན་ཡོངས་ནས་གཟུག་དགོས་པ་དང། ཞིང་ཆེན་ཡོངས་ཀྱི་ཆུ་མཚོ་གལ་ཆེན་གྱི་ཆུ་ཁོངས་འགྲམ་རྒྱུད་ཀྱི་ལྟ་སྐུལ་དོ་དམ་བྱེད་ཚད90%ཡན་ལ་བསླེབ་དགོས། 2035ལོར་སླེབས་དུས། ཞིང་ཆེན་ཡོངས་ཀྱི་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་དམ་སྡོམ་གྱི་རྒྱུན་རིང་རྐྱེན་སྲོལ་སྔར་ལས་འཐུས་ཚང་བར་བྱེད་པ་དང། དམ་སྡོམ་བྱ་བ་སྔར་ལས་ཚད་ལྡན་དང་སྒྲིག་ལམ་ཡོད་པར་བྱས་ཏེ། མི་ཆུ་འཆམ་འཐུན་མཉམ་གནས་ཀྱི་སྒྲིག་གཞི་གསར་པ་འགྲུབ་པར་བྱ་དགོས།

གཉིས། ཁུལ་དབྱེ་དོ་དམ་དང་སྤྱོད་སྒོ་བཀག་སྡོམ་ལག་བསྟར་བྱ་དགོས།

(གསུམ) འཆར་འགོད་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏང་དགོས། འཆར་འགོད་སྔོན་ལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིསォཆུ་མཚོའི་འགྲམ་རྒྱུད་སྲུང་སྐྱོབ་དང་བེད་སྤྱོད་འཆར་འགོདサསྒྲིག་བཟོ་དང་བཟོ་བཅོས་སོགས་ཀྱི་བྱ་བར་གཅིག་གྱུར་རྩ་འཛུགས་བྱེད་པ་དང། འཆར་འགོད་ཀྱིས་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྲུང་སྐྱོབ་ཁུལ་དང་སོར་འཇོག་ཁུལ། ཚོད་འཛིན་བེད་སྤྱོད་ཁུལ། གསལ་སྤེལ་བེད་སྤྱོད་ཁུལ་སོགས་ཀྱི་བྱེད་ནུས་ཁུལ་དབྱེ་དོ་དམ་གྱི་བླང་བྱ་ལག་བསྟར་ནན་མོ་བྱ་དགོས། དུས་བཅད་དང་དུས་ངེས་མེད་སྒོས་རྩ་འཛུགས་བྱས་ཏེ་འཆར་འགོད་ལག་བསྟར་གྱི་གནས་ཚུལ་ལ་ཕྱོགས་བསྡུས་དཔྱད་དཔོག་བྱ་དགོས། འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་པ་དེ་ས་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད། རྒྱལ་དབང་ས་ཁོངས་ཀྱི་འཆར་འགོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི“ཐིག་གསུམ་ཐོ་གཅིག”སོགས་ལ་སྦྲེལ་མཐུད་དང་མཐུན་སྦྱོར་ཡོང་བར་བྱ་དགོས།

(ལྔ) ཆུ་ཁུངས་ལ་སྲུང་སྐྱོབ་ནན་མོ་བྱ་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཡུག་ལེབ་སོགས་མངའ་ཁོངས་ཀྱི་དོ་དམ་སྒྲིག་སྲོལ་རྐྱེན་སྲོལ་གཅིག་འདོམས་སྒོས་འཐུས་ཚང་དུ་འཛུགས་པ་དང། འབྲི་ཆུ་དང་རྨ་ཆུ། རྫ་ཆུ། ཉག་ཆུ། འཇུ་ལག་ཆུ་བོ། ཆུ་ནག ཙོང་ཆུ་སོགས་ཆུ་རྒྱུན་གྱི་འགོ་ཁུངས་གཙོ་བོ་དག་ལ། ཆུ་འགོ་ས་ཁོངས་ནི་དམ་སྡོམ་སྡེ་ཚན་དུ་བྱས་ཏེ། བཞུར་ཁོངས་གཅིག་འདོམས་ལ་ཤུགས་སྣོན་པ་དང། གཙོ་གནད་དུ་ལྟ་སྐུལ་དོ་དམ་བྱས་ནས། འཁྱགས་ཀླུང་གངས་རི་དང་ཆུ་རྒྱུན་མཚོ་མཚེའུ་ལ་མ་ལག་ལྡན་པར་སྲུང་སྐྱོབ་ལེགས་པོ་བྱ་དགོས་པ་དང། འགྲམ་རྒྱུད་ཀྱི་རང་བྱུང་རྣམ་པ་སྲུང་འཛིན་བྱས་ཏེ། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་གི་ཆ་ཚང་རང་བཞིན་དང་གདོད་མའི་རང་བཞིན་ལ་སྲུང་སྐྱོབ་བྱས་ནས་ཆུ་ཁུངས་ཀྱི་གསོ་འཁྱོངས་བྱེད་ནུས་ཇེ་མཐོར་གཏང་དགོས།

(དྲུག) ཁུལ་དབྱེ་དོ་དམ་ལག་བསྟར་བྱ་དགོས། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་བྱེད་ནུས་བགོས་ཁུལ་དམ་སྡོམ་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རིམ་པ་གཅིག་པའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། ནགས་ལས་རྩྭ་ཐང་སོགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་གྲོས་མོལ་བྱས་ནས། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་ལས་གཞིར་བེད་སྤྱོད་ཆོག་པ་དང་ཚོད་འཛིན་བེད་སྤྱོད། བེད་སྤྱོད་གཏན་འགོག་བཅས་ཀྱི་མངའ་ཁོངས་གཏན་འཁེལ་བྱ་དགོས། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ། རང་བྱུང་སྤྱི་གླིང་སོགས་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་གནས་དང་ཆུ་ཐོན་ལེགས་སོན་ཐོན་ཁུངས་སྲུང་སྐྱོབ་ཁུལ། ཆུ་བེད་མཛེས་ལྗོངས་ཁུལ། འཐུང་ཆུའི་ཆུ་ཁུངས་སོགས་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། དོ་དམ་དང་སྲུང་སྐྱོབ་སྔར་ལས་ནན་མོ་ལག་བསྟར་བྱ་དགོས།

(བདུན) སྤྱོད་སྒོ་བཀག་སྡོམ་ཤུགས་ཆེར་བྱ་དགོས། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྤྱོད་སྒོར་ཆོག་མཆན་བཀོད་ཟིན་ན། རང་འདོད་དུ་བསྒྱུར་བཅོས་བྱེད་མི་ཆོག ངེས་པར་བསྒྱུར་བཅོས་བྱ་དགོས་བྱུང་ན། སྔར་གྱི་ཞུ་འབུལ་བྱེད་ལུགས་ལྟར་ཡང་བསྐྱར་རེ་ཞུ་བྱས་ཏེ་ཆོག་མཆན་ལེན་པའི་འགྲོ་ལུགས་གཟབ་ནན་ངང་བསྒྲུབ་དགོས། ཆུ་མཚོའི་འགྲམ་རྒྱུད་ཀྱི་ས་ཆ་གསར་སྤེལ་བེད་སྤྱོད་དང་ཐོན་ལས་བཀོད་སྒྲིག་བྱ་དགོས་ན། ཆུ་མཚོ་ཆུ་ཁོངས་འགྲམ་རྒྱུད་ཀྱི་ཁུལ་དབྱེ་དམ་སྡོམ་བླང་བྱར་མཐུད་སྦྲེལ་གཏང་དགོས། རིམ་པ་སོ་སོའི་ཆུ་མཚོ་དོ་དམ་གྱི་ཁྲིམས་སྲོལ་འཐུས་ཚང་དུ་བཏང་སྟེ། གང་འདོད་དུ་སྤྱོད་བཟུང་དང་མང་བཟུང་ཉུང་བཀོལ། བཟུང་ཡང་མི་བཀོལ་བ་སོགས་ཀྱི་ཁྲིམས་འགལ་སྲོལ་འགལ་གྱི་གནད་དོན་ལ། ཆུ་མཚོའི“གཙང་སེལ་བཞིའི”བྱ་བའི་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་བསྟུད་མར་ཟབ་སྤེལ་བྱེད་པའི་འབྲེལ་ཡོད་བླང་བྱ་ལྟར་བཅོས་སྐྱོང་ནན་ཏན་བྱ་དགོས།

གསུམ། འགྲམ་རྒྱུད་བེད་སྤྱོད་ལས་གཞིའི་ཞིབ་བཤེར་ཚད་ལྡན་བྱ་དགོས།

(བརྒྱད) ཞིབ་བཤེར་ཁྱབ་ཁོངས་གསལ་ཐག་ཆོད་པར་བྱ་དགོས། ཆུ་མཚོའི་དོ་དམ་ཁྱབ་ཁོངས་ནང་གི་ཆུ་བོར་བརྒལ་བ་དང་ཆུ་བོར་བརྒྱུད་པ། ཆུ་རགས་བརྒྱུད་པ། ཆུ་བོ་ཉེ་བ་བཅས་ཀྱི་ཟམ་པ་དང། གྲུ་ཁ། བགྲོད་ལམ། རབ་ཁ། སྦུག་ལམ། གློག་སྐུད་སོགས་ཆུ་མཚོ་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞི་ལ་ངེས་པར་དུ་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་འཛུགས་སྐྲུན་ལས་གཞིའི་ཞིབ་མཆན་འགྲོ་ལུགས་བསྒྲུབ་དགོས། ཆུ་མཚོ་དང་འབྲེལ་བའི་འཛུགས་སྐྲུན་གྱི་ལས་གཞིའི་མིང་གཡར་ནས་གཏེར་སྙིགས་མཛོད་དང་གཏན་ཆགས་སྙིགས་གནས་ལ་ཆོག་མཆན་འགོད་མི་ཆོག ཆུ་མཚོ་དང་འབྲེལ་བའི་ཟམ་པ་དང་བགྲོད་ལམ། གྲུ་ཁ་སོགས་ལ་ཁ་གཡར་ནས་ཁང་པ་བཟོ་བཀོད་དང་ཆར་སྐྱིབས་ཟམ་པ། ལྗོངས་རྒྱུ་ལས་གྲྭ། བྱེས་བྲང་སོགས་འཛུགས་སྐྲུན་ལས་གཞི་ཞིབ་བཤེར་མཆན་འགོད་བྱེད་མི་ཆོག མཚེའུ་བསྣུབས་ནས་ཞིང་རྨོ་དང་ཆུ་ལམ་བསྣུབས་ནས་ཞིང་རྨོ་བ་གཏན་འགོག་བྱ་དགོས།

(དགུ) ཞིབ་བཤེར་དབང་ཚད་ཁ་གསལ་བཟོ་དགོས། ཞིང་ཆེན་མངའ་ཁོངས་ཀྱི་རྨ་ཆུ་དང་ཙོང་ཆུ། འཇུ་ལག་ཆུ་བོ་བཅས་ཀྱི་ཆུ་རྒྱུན་གཙོ་བོ་ནས་འཛུགས་སྐྲུན་ལས་གཞི་ཆེ་འབྲིང་དང། རྨ་ཆུའི་བཞུར་ཁོངས་ལས་ཞིང་ཆེན་མཚམས་ཀྱི་ཆུ་རྒྱུན་གྱི་ས་མཚམས་ཆུ་དུམ་ལས་ཞིང་ཆེན་མཚམས་ཀྱི་ཆུ་བོའི་སྟོད་རྒྱུད་སྨད་རྒྱུད་ཀྱི་སྤྱི་ལེ10རེའི་ནང་ཚུན་ཆུ་དུམ་གྱི་འཛུགས་སྐྲུན་ལས་གཞི་ཡོད་ཚད་བཅས་ལ། ཆུ་བེད་པུའུ་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱ་དགོས། འབྲི་ཆུའི་ཆུ་རྒྱུན་གཙོ་བོའི་འཛུགས་སྐྲུན་ལས་གཞི་ཆེ་གྲས་དང། འབྲི་ཆུའི་བཞུར་ཁོངས་དང་རྫ་ཆུའི་ནུབ་ཁོངས(རྫ་ཆུ་འདུས)ཀྱི་ཞིང་ཆེན་མཚམས་ཀྱི་མཚེའུ་ཡི་འཛུགས་སྐྲུན་ལས་གཞི་ཆེ་འབྲིང་དང། ཞིང་ཆེན་མཚམས་ཀྱི་ཆུ་རྒྱུན་གཞན་དག་གི་ས་མཚམས་ཆུ་དུམ་ལས་ཞིང་ཆེན་མཚམས་ཀྱི་ཆུ་བོའི་སྟོད་རྒྱུད་སྨད་རྒྱུད་ཀྱི་སྤྱི་ལེ10རེའི་ནང་ཚུན་ཆུ་དུམ་གྱི་འཛུགས་སྐྲུན་ལས་གཞི་ཡོད་ཚད་བཅས་ལ། ཆུ་བེད་པུའུ་འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱ་དགོས།

རྨ་ཆུ་དང་ཙོང་ཆུ། འཇུ་ལག་ཆུ་བོ་བཅས་ཀྱི་ཆུ་རྒྱུན་གཙོ་བོའི་འཛུགས་སྐྲུན་ལས་གཞི་ཆུང་གྲས་དང། འབྲི་ཆུའི་ཆུ་རྒྱུན་གཙོ་བོའི་འཛུགས་སྐྲུན་ལས་གཞི་འབྲིང་ཆུང། རྫ་ཆུ་དང། ཆུ་ནག དགུ་ཆུ། ཚྭ་འདམ་ཆུ། ན་ལིང་ཀོ་ལི་ཆུ་བོ། ན་གོར་མོ་ཆུ་བོ། དཔལ་ཡོན་ཆུ་བོ། བེའུ་ཧ་ཆུ་བོ་བཅས་ཀྱི་ཆུ་རྒྱུན་གཙོ་བོ་དང་མཚོ་སྔོན་པོ། མཚོ་སྐྱ་རེངས། མཚོ་སྔོ་རེངས། སུའུ་ཀན་མཚོ། གྲོང་ཁྱེར་དང་ཁུལ་མཚམས་ཀྱི་ཆུ་རྒྱུན་གྱི་ས་མཚམས་ཀྱི་ཆུ་དུམ་བཅས་དང། གྲོང་ཁྱེར་དང་ཁུལ་མཚམས་ཀྱི་ཆུ་བོའི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་སྤྱི་ལེ10རེའི་ནང་ཚུན་གྱི་ཆུ་དུམ། གྲོང་ཁྱེར་དང་ཁུལ་མཚམས་ཀྱི་མཚེའུ་སྟེང་བཅས་ཀྱི་འཛུགས་སྐྲུན་ལས་གཞི་ཡོད་ཚད་ལ། ཞིང་ཆེན་རིམ་པའི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་ཁུར་ནས་ཞིབ་བཤེར་བྱ་དགོས།

གྲོང་ཁྱེར་དང་ཁུལ་གྱིས་དོ་དམ་བྱེད་པའི་ཆུ་མཚོ་དང། རྫོང་དང་གྲོང་ཁྱེར་མཚམས་ཀྱི་ཆུ་རྒྱུན་གྱི་ས་མཚམས་ཆུ་དུམ། རྫོང་དང་གྲོང་ཁྱེར་མཚམས་ཀྱི་ཆུ་བོའི་སྟོད་རྒྱུད་སྨད་རྒྱུད་ཀྱི་སྤྱི་ལེ10རེའི་ནང་ཚུན་གྱི་ཆུ་དུམ། རྫོང་དང་གྲོང་ཁྱེར་མཚམས་ཀྱི་མཚེའུ་སྟེང་བཅས་ཀྱི་འཛུགས་སྐྲུན་ལས་གཞི་ཡོད་ཚད་ལ། རྫོང་དང་གྲོང་ཁྱེར་གྱི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་ཁུར་ནས་ཞིབ་བཤེར་བྱ་དགོས།

ཆུ་རྒྱུན་དང་མཚེའུ་ཡི་དོ་དམ་ཁྱབ་ཁོངས་གཞན་དག་ནང་གི་འཛུགས་སྐྲུན་ལས་གཞི་ལ། རྫོང་རིམ་པའི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་ཁུར་ནས་ཞིབ་བཤེར་བྱ་དགོས།

(བཅུ) བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཞིབ་བཤེར་བྱ་དགོས། ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་བེད་སྤྱོད་ཀྱི་ལས་གཞིའི་ལས་གྲྭ་འཛུགས་སྐྲུན་གྱི་ཇུས་གཞི་དང་ཆུ་ལོག་འགོག་བྱེད་མིན་པའི་ལས་གྲྭའི་ཆུ་ལོག་ཤུགས་རྐྱེན་གདེང་འཇོག་སྙན་ཞུ་སོགས་ཆུ་ལོག་གི་ཤུགས་རྐྱེན་གདེང་འཇོག་རིགས་ཀྱི་ཞིབ་བཤེར་འགྲོ་ལུགས་ནན་མོར་བསྒྲུབ་དགོས། རིམ་པ་གོང་མའི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་བེད་སྤྱོད་ལས་གཞི་ལ་ཞིབ་བཤེར་བྱེད་སྐབས། རིམ་པ་འོག་མའི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱ་དགོས། རིམ་པ་འོག་མའི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་བེད་སྤྱོད་ལས་གཞི་ལ་ཞིབ་བཤེར་བྱེད་ན། རིམ་པ་གོང་མའི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཞུ་ཚགས་དགོད་དགོས། ནགས་དང་སྤང། བརླན་ས་བཟུང་བ་དང་འབྲེལ་བའི་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་བེད་སྤྱོད་ལས་གཞི་ཡིན་ན། ནགས་ལས་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་བྱ་དགོས།

(བཅུ་གཅིག) ཞིབ་བཤེར་གྱི་ལས་ཕྱོད་ཇེ་མཐོར་གཏང་དགོས། ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁུ་བསྡུ་དམངས་བདེ་ནུས་མཐོའི་རྩ་དོན་ལྟར། ཆུ་མཚོའི་འགྲམ་རྒྱུད་བེད་སྤྱོད་ལས་གཞིའི་ཞིབ་བཤེར་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས། བྱ་བའི་ལས་ཕྱོད་དངོས་གནས་ཇེ་མཐོར་གཏང་དགོས་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཞིབ་བཤེར་བྱས་པའི་གནས་ཚུལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། རིམ་པ་སོ་སོའི་འཕེལ་རྒྱས་བཅོས་སྒྱུར་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཁག་དང། ལས་གཞི་འཛུགས་སྐྲུན་སྡེ་ཚན་གྱིས་ཟམ་པ་དང་གྲུ་ཁ། ལྕགས་ལམ། གཞུང་ལམ་སོགས་ཆུ་མཚོ་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞི་གལ་ཆེན་གྱི་འཆར་འགོད་ཇུས་འགོད་བྱེད་པ་དང་ལས་གཞི་འཛུགས་པར་ཞིབ་མཆན་འགོད་པ་སོགས་ལྷུ་ཚིགས་སུ་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་དམ་སྡོམ་སྐོར་གྱི་གཏན་འབེབས་དག་ངེས་པར་དུས་མཉམ་དུ་དོན་འཁྱོལ་བྱ་དགོས།

བཞི། འགྲམ་རྒྱུད་བེད་སྤྱོད་ལས་གཞིའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་དགོས།

(བཅུ་གཉིས) ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང། ཆུ་མཚོ་དཔོན། ཆུ་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང། ཆུའི་སྲིད་འཛིན་གཙོ་འགན་སྡེ་ཁག་བཅས་དང་རང་བྱུང་ཐོན་ཁུངས་དང། སྐྱེ་ཁམས་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་འགན་འཁྲི་ནན་དཀྲི་བྱས་ཏེ། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་ལྟ་སྐུལ་དོ་དམ་བྱ་བ་ཐུན་མོང་གིས་ལེགས་པོར་བསྒྲུབ་དགོས། ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས“སུས་ཞིབ་བཤེར་བྱས་ན་དེས་ལྟ་སྐུལ་དོ་དམ་བྱེད་པ”དང་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་ཕན་ཚུན་འབྲེལ་བའི་རྩ་དོན་ལྟར། ཞིབ་བཤེར་བྱེད་སྐབས། འཛུགས་སྐྲུན་ལས་གཞིའི་ལྟ་སྐུལ་དོ་དམ་འགན་འཁྲི་སྡེ་ཚན་གསལ་ཐག་གཅོད་དགོས་པར་མ་ཟད། ལྟ་སྐུལ་དོ་དམ་གྱི་བླང་བྱའང་གདོན་དགོས།

(བཅུ་གསུམ) བརྒྱུད་རིམ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་དགོས། ཆུ་མཚོའི་འགྲམ་རྒྱུད་བེད་སྤྱོད་ལས་གཞིའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྡེ་ཚན་དང་འགན་འཁུར་བས་དོན་གྱི་སྔ་རྗེས་བར་གསུམ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང། ལས་གཞི་འཛུགས་སྐྲུན་སྡེ་ཚན་ལ་ཆོག་མཆན་བཀོད་པའི་ལས་གྲྭའི་འཛུགས་སྐྲུན་འཆར་གཞི་དང་གནས་སའི་དབྱེ་མཚམས། ཆུ་ལོག་འགོག་པའི་འཚུབ་ཟློག་གཏན་འབེབས་སོགས་གཞིར་བཟུང་ནས་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་དང་མཛུབ་སྟོན་བྱ་དགོས། ཆུ་ལོག་སྔོན་འགོག་གི་གསབ་སྐྱོབ་བྱེད་ཐབས་སྤྱོད་དགོས་པའི་འཛུགས་སྐྲུན་ལས་གཞི་ལ་རྗེས་འདེད་ལྟ་སྐུལ་དོ་དམ་བྱས་ནས། ཆུ་ལོག་སྔོན་འགོག་གི་གསབ་སྐྱོབ་བྱེད་ཐབས་དང་ལས་གྲྭའི་གཙོ་གཟུགས་གཉིས་དུས་མཉམ་དུ་ལག་བསྟར་དང་དུས་མཉམ་དུ་རྩིས་ལེན། དུས་མཉམ་དུ་བཀོལ་སྤྱོད་བཅས་ཐུབ་པར་ཁག་ཐེག་བྱ་དགོས། རྫོང་དང་ཤང་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་ཉེན་ཁ་ཡོད་པའི་ཆུ་ཁོངས་ཀྱི་དོ་དམ་ལ་ཤུགས་སྣོན་པ་དང། ཤང་གྲོང་དང་གྲོང་ཚོ་ལ་ཉེ་བའི་ཆུ་དུམ་གྱི་སར་ཉེན་ཁའི་བརྡ་རྟགས་བྱང་བུ་སྒྲིག་འཇོག་དང་བདེ་འཇགས་འགོག་སྲུང་བྱེད་ཐབས་འཐུས་ཚང་དུ་གཏང་དགོས།

(བཅུ་བཞི) ཉིན་རྒྱུན་གྱི་སྐོར་ཞིབ་ལ་ཤུགས་བསྣན་དགོས། ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་བྱ་བའི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་བེད་སྤྱོད་ལས་གཞིར་སྐོར་ཞིབ་བྱེད་པར་ཤུགས་བསྣན་ནས། ཁྲིམས་འགལ་སྲོལ་འགལ་ངང་ཆུ་མཚོའི་འགྲམ་རྒྱུད་སོགས་བེད་སྤྱོད་གཏོང་བའི་གནད་དོན་ལ་སྐུལ་འདེད་དང་མཐུན་སྦྱོར་ངང་ཐག་གཅོད་གཏང་དགོས། རིམ་པ་སོ་སོའི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཆུ་བེད་ལས་གྲྭའི་ཉིན་རྒྱུན་གྱི་སྐོར་ཞིབ་སྐོར་སྲུང་དང་ཆུ་ལོག་སྔོན་འགོག་ཞིབ་བཤེར་སོགས་ཀྱི་བྱ་བར་ཟུང་འབྲེལ་བྱས་ཏེ། ཆུ་མཚོའི་འགྲམ་རྒྱུད་བེད་སྤྱོད་ལས་གཞིར་ཞིབ་བཤེར་བྱེད་པར་ཤུགས་བསྣན་དགོས།

(བཅོ་ལྔ) ཁྲིམས་བསྟར་ཞིབ་བཤེར་བྱེད་པར་ཤུགས་བསྣན་དགོས། ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་བེད་སྤྱོད་ལས་གཞིའི་ཞིབ་བཤེར་དང་འཛུགས་སྐྲུན། བཀོལ་སྤྱོད་སོགས་ལྷུ་ཚིགས་ཀྱི་ཁྲིམས་བསྟར་ལྟ་སྐུལ་ལ་ཤུགས་བསྣན་ནས། ཆུ་མཚོ་དང་འབྲེལ་བའི་ཁྲིམས་འགལ་སྲོལ་འགལ་གྱི་བྱ་སྤྱོད་གཏན་འགོག་བྱ་དགོས། ཆུ་བེད་དང་སྤྱི་བདེ། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་ཞིང་སྡེ། ནགས་ལས་རྩྭ་ཐང་སོགས་སྡེ་ཁག་གིས་བྱ་བའི་དགོས་མཁོ་ལྟར། མཉམ་འབྲེལ་གྱི་ཁྲིམས་བསྟར་ཞིབ་བཤེར་སྤེལ་ནས། ཆུ་མཚོའི་ཆུ་ཁུངས་འགྲམ་རྒྱུད་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ཀྱི་སྒྲིག་ལམ་མཐུན་སྦྱོར་ངང་ཚད་ལྡན་དུ་གཏང་དགོས།

ལྔ། ལོ་རྒྱུས་ཀྱིས་བཞག་པའི་ཆུ་མཚོ་འགྲམ་རྒྱུད་བེད་སྤྱོད་ལས་གཞིའི་བཅོས་སྐྱོང་དང་ཞིག་གསོ་ལ་སྐུལ་འདེད་གཏང་དགོས།

(བཅུ་དྲུག) རིགས་དབྱེ་ནས་བཅོས་སྐྱོང་དང་ཞིག་གསོ་བྱ་དགོས། ས་ཁུལ་སོ་སོསォཆུ་མཚོ་འགྲམ་རྒྱུད་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་འཆར་འགོདサདཔར་འགྲེམ་ལག་བསྟར་མ་བྱས་པའི་སྔོན་དང་ཆུ་མཚོ་དོ་དམ་ཁྱབ་ཁོངས་དབྱེ་གཅོད་ཀྱི་གྲུབ་འབྲས་གཏན་འཁེལ་མ་བྱས་པའི་སྔོན་ལ། བསྐྲུན་ཟིན་པའི་ཆུ་མཚོ་འགྲམ་རྒྱུད་ཀྱི་བེད་སྤྱོད་ལས་གཞི་དེ། ཆུ་མཚོའི“གཙང་སེལ་བཞིའི”རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་སོགས་ཀྱི་བྱ་བར་ཟུང་འབྲེལ་བྱས་ནས། ཚན་རིག་དང་མཐུན་པར་དཔྱད་དཔོག་བདེན་སྤྲོད་བྱེད་པ་དང། ཡུལ་བབ་དང་བསྟུན་ནས་བཅོས་སྐྱོང་དང་ཞིག་གསོ་བྱ་དགོས།

སྒྲིག་བཅོས་དང་ཚད་ལྡན་བྱེད་རིགས། ལག་རྩལ་གྱིས་བདེན་སྤྲོད་བྱས་པ་བརྒྱུད། རྩ་བའི་ཆ་ནས་ཆུ་ལམ་གྱི་ཆུ་ལོག་བཞུར་བའི་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས། ཆུ་བབ་བརྟན་འཇགས་བཅས་ལ་གནོད་པ་མེད་ཅིང། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་བར་སྟོང་ཆ་ཚང་ཞིང་དང་བྱེད་ནུས་ལེགས་འཛོམས་ཡིན་པའི་འཛུགས་སྐྲུན་ལས་གཞི་ལ། ལས་གཞིའི་འགན་འཁུར་སྡེ་ཚན་གྱིས་ལས་གཞི་བཀོལ་སྤྱོད་ཀྱི་ལོ་ཚད་དང་བྱེད་ནུས་གནས་གཏན། ཕན་འབྲས་འདོན་སྤེལ་སོགས་ཀྱི་གནས་ཚུལ་ཕྱོགས་བསྡུས་བྱས་ཏེ། ཆུ་ལམ་དོ་དམ་གྱི་དབང་ཚད་ལྟར། ཆུའི་སྲིད་འཛིན་གཙོ་འགན་སྡེ་ཁག་ལ་རེ་ཞུ་འདོན་དགོས་པར་མ་ཟད། བླང་བྱ་ལྟར་སྒྲིག་བཅོས་བྱས་ཚར་རྗེས་སོར་འཇོག་བྱེད་ཆོག

གསབ་སྐྱོབ་དང་སྐྱོན་སེལ་བྱེད་རིགས། ལག་རྩལ་གྱིས་བདེན་སྤྲོད་བྱས་པ་བརྒྱུད། ཆུ་ལམ་ནས་ཆུ་ལོག་བཞུར་བ་དང་སྐྱེ་ཁམས་བདེ་འཇགས་ལ་གནོད་པ་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་ལས་གྲྭའི་གསབ་སྐྱོབ་བྱེད་ཐབས་ཀྱིས་གནོད་པ་སེལ་ཐུབ་པའི་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་བེད་སྤྱོད་ལས་གཞི་ལ། ལས་གཞི་འགན་འཁུར་སྡེ་ཚན་གྱིས་ཆེད་དོན་གསབ་སྐྱོབ་འཆར་གཞི་རྩ་འཛུགས་བྱས་ནས་གཏན་འབེབས་བྱེད་དགོས་པ་དང། ལག་རྩལ་གྱིས་བདེན་སྤྲོད་བྱས་རྗེས། དུས་ཐོག་ཏུ་ལས་གྲྭའི་གསབ་སྐྱོབ་བྱེད་ཐབས་ལག་བསྟར་བྱས་ནས་གནོད་པ་སེལ་ཐབས་བྱ་དགོས། ཆུའི་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་ཡུལ་དངོས་ཞིབ་བཤེར་བྱས་ནས་ཆོག་མཆན་ཐོབ་རྗེས་སོར་འཇོག་བྱེད་ཆོག

བཤིག་འདོར་དང་སྤོ་འཐེན་བྱེད་རིགས། ォཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ལོག་སྔོན་འགོག་བཅའ་ཁྲིམསサདངォཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ལམ་དོ་དམ་སྲོལ་ཡིགサསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ནས། ཆོག་མཆན་མ་ཐོབ་སྔོན་ལ་འཛུགས་སྐྲུན་དང། ཆོག་མཆན་དང་འཛུགས་སྐྲུན་མི་འཚམ་པ། སྲོལ་འགལ་གྱིས་ཞིབ་མཆན་སྤྲད་པར་མ་ཟད། ཆུ་ལམ་གྱི་ཆུ་ལོག་བཞུར་བའི་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་ལ་གནོད་པ་ཚབས་ཆེན་ཡོད་པའི་ཆུ་མཚོ་ཆུ་ཁོངས་འགྲམ་རྒྱུད་བེད་སྤྱོད་ལས་གཞི་ལ། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་དང“སུས་བཀག་ན་དེས་སེལ་བའི”རྩ་དོན་ལྟར། ས་གནས་མི་དམངས་སྲིད་གཞུང་གིས་སྐུལ་ཁྲིད་བྱེད་པ་དང། འབྲེལ་ཡོད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ལས་གཞི་འགན་འཁུར་སྡེ་ཚན་ལ་མཐུན་སྦྱོར་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བའི་འཆར་གཞི་གཏན་འབེབས་བྱ་དགོས་ཤིང། བཤིག་འདོར་དང་སྤོ་འཐེན་འོས་ཤིང་འཚམ་པ་བྱས་ཏེ་ཆུ་མཚོ་འགྲམ་རྒྱུད་སླར་གསོ་བྱ་དགོས།

དྲུག འགན་སྲུང་བྱེད་ཐབས།

(བཅུ་བདུན) རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ལག་བསྟར་བྱས་ཏེ། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་དམ་སྡོམ་བྱ་བའི་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་དགོས། སྤྱི་ཁྱབ་ཆུ་དཔོན་མཚོ་དཔོན་གྱིས་འཆར་འགོད་སྐུལ་འདེད་དངོས་སུ་བྱས་ནས། གཙོ་གནད་དཀའ་གནད་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱ་དགོས། འགན་འཛིན་ཆུ་དཔོན་མཚོ་དཔོན་གྱིས་མདུན་སར་སོང་ནས་བཀོད་འདོམས་བྱེད་པ་དང་ལས་མཚམས་དང་པོ་ནས་སྐུལ་ཁྲིད་བྱ་དགོས། ཆུ་དཔོན་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གིས་བྱ་བའི་སྐུལ་ལྟ་དང་ཞིབ་བཤེར་གྱི་བྱ་བར་ཤུགས་སྣོན་པ་དང། ཆུ་བོའི་སྟོད་རྒྱུད་སྨད་རྒྱུད་དང་འགྲམ་གཡས་གཡོན། བཞུར་རྒྱུན་རྩ་ལག་བཅས་ཀྱི་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོའི་འགན་འཁྲི་ནན་དཀྲི་བྱེད་པར་མཐུན་སྦྱོར་དང་སྐུལ་འདེད་བཏང་ནས། བྱ་བའི་དོན་ཐོག་ཏུ་འཁྱོལ་བར་དངོས་གནས་དམ་འཛིན་བྱ་དགོས།

(བཅོ་བརྒྱད) སྡེ་ཁག་བར་གྱི་མཉམ་འགུལ་ལ་ཤུགས་བསྣན་དགོས། རིམ་པ་སོ་སོའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་ལས་རིགས་ཀྱི་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་བེད་སྤྱོད་ལས་གཞིའི་ལྟ་སྐུལ་དོ་དམ་མཛུབ་སྟོན་ལ་ཤུགས་བསྣན་ནས། ལས་གཞིའི་ཇུས་འགོད་ལེགས་སྒྱུར་དང་དམ་སྡོམ་བླང་བྱ་དོན་འཁྱོལ་ནན་མོ་བྱ་དགོས། སྡེ་ཁག་སོ་སོས་མཉམ་ལས་མཉམ་འགུལ་ལ་ཤུགས་བསྣན་ནས། ཆ་འཕྲིན་མཉམ་སྤྱོད་དང་མཉམ་འབྲེལ་མཐུན་སྦྱོར་བྱེད་པ་དང། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་སྦྲེལ་རིམ་ཡོངས་ཀྱི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་བཏང་སྟེ། བྱ་བའི་འགན་འཁྲི་དོན་འཁྱོལ་ལ་ཤུགས་བསྣན་དགོས།

(བཅུ་དགུ) འགུལ་རྣམ་དོ་དམ་ནན་མོ་བྱ་དགོས། ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཅད་ངང་མངའ་ཁུལ་གྱི་ཆུ་མཚོ་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞི་ལ་བརྟག་སེལ་རྩ་འཛུགས་བྱེད་པ་དང། ལས་གཞིའི་རྩིས་ཐོ་འཐུས་ཚང་དུ་བཙུགས་ནས། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་སྲུང་སྐྱོབ་དང་བེད་སྤྱོད་ཆ་འཕྲིན་འགུལ་རྣམ་ལྡན་པར་བསྡུ་ལེན་བྱས་ཏེ། རྒྱུན་རྣམ་ཅན་གྱི་རྗེས་འདེད་དོ་དམ་བྱ་དགོས། ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་ཕྱོགས་བསྡུས་དོ་དམ་ཆ་འཕྲིན་མ་ལག་ལ་གཞི་བཅོལ་ནས། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་བྱེད་ནུས་ཁུལ་དང་འགྲམ་རྒྱུད་བེད་སྤྱོད་ལས་གཞིའི་ཆ་འཕྲིན“ཆུ་བེད་པར་གཞི་གཅིག”གི་ནང་རིམ་བཞིན་བསྡུ་ལེན་བྱས་ནས། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་དོ་དམ་མངོན་འགྱུར་བྱ་དགོས།

(ཉི་ཤུ) ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་ནན་མོ་བྱ་དགོས། ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་དམ་སྡོམ་བྱ་བ་དེ་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་ལོ་འཁོར་ཞིབ་བཤེར་དམིགས་ཚད་མ་ལག་ནང་བསྡུ་ལེན་བྱས་ནས། ཞིབ་བཤེར་ནན་མོ་སྒོས་གྲུབ་འབྲས་འབུར་ཐོན་གྱི་འགན་འཁུར་སྡེ་ཚན་དང་འགན་འཁུར་མི་སྣར་བསྟོད་བསྔགས་བྱ་དགོས། ཁྲིམས་སྲོལ་དང་འགལ་བའི་ཞིབ་མཆན་སྤྲོད་པ་དང་ཆོག་མཆན་མ་ཐོབ་སྔོན་ལ་འཛུགས་སྐྲུན། ཆོག་མཆན་དང་འཛུགས་སྐྲུན་མི་འཚམ་པ། རྫུན་བཟོ་ཟོལ་བཅོས་བྱེད་པ་སོགས་ཀྱི་གནད་དོན་དེ། ཆུ་མཚོའི་རྒྱ་ཁྱོན་ཇེ་ཆུང་དང་ཆུ་ལོག་བཞུར་ལམ་བཀག་པ། ཆུ་སྤུས་ངན་འགྱུར། སྐྱེ་ཁམས་བྱེད་ནུས་ཞན་འགྱུར་བྱུང་བའི་སྲིད་འཛིན་སྡེ་ཁག་དང་ལས་གཞི་འཛུགས་སྐྲུན་སྡེ་ཁག འགན་འཁུར་མི་སྣ་བཅས་ལ་སྒྲིག་ཁྲིམས་ལྟར་འགན་འདེད་འགན་འདྲི་བྱ་དགོས།

(ཉེར་གཅིག) དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་གཏང་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང། ཆུ་དཔོན་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་རྒྱང་སྒྲོག་དང་བརྙན་འཕྲིན། ཚགས་དེབ། མཉམ་འབྲེལ་དྲ་བ་སོགས་སྨྱད་བྱད་བརྒྱུད་ནས་ཁེ་ལས་ལས་དོན་སྡེ་ཚན་དང་སྤྱི་ཚོགས་ཚོགས་པ། མང་ཚོགས་བཅས་ལ་ཆུ་མཚོའི་ཆུ་ཁོངས་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་དམ་སྡོམ་གྱི་བྱ་བ་དྲིལ་སྒྲོག་རྒྱ་ཆེར་སྤེལ་ནས། སྤྱི་ཚོགས་ཡོངས་ཧུར་ཐག་གིས་ཆུ་མཚོའི་འགྲམ་རྒྱུད་དམ་སྡོམ་བྱེད་པར་ཞུགས་པའི་སྣང་ཚུལ་ཟབ་མོ་གྲུབ་པར་ཁྲིད་སྟོན་དང་སྐུལ་འདེད་བྱ་དགོས།

བསམ་འཆར་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2022ལོའི་ཟླ3པའི་ཚེས25ཉིན།

◎འབྲུག་བྱམས་རྒྱལ་གྱིས་བསྒྱུར། འབྲུག་བྱམས་ཚེ་རིང་གིས་ཞུ་དག་བྱས།