【ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་གཞི་རིམ་དུ་སྒྲོག】 མང་ཚོགས་ཀྱིས“ཐོན་ལས་ཀྱི་ཟས“དང་“ཡུལ་སྐོར་གྱི་ཟས“སྐྱིད་པོར་རོལ།

ང་ནི་ཞིང་པ་ཡིན། ངས་ཏང་གི་སྲིད་ཇུས་བཟང་པོས་ཚུང་ཝན་གྲོང་ཚོར་འགྱུར་བ་ག་འདྲ་བཏང་ཡོད་པར་མྱོང་བ་ཟབ་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་སློབ་སྟོན་འོག ང་ཚོའི་འཚོ་བ་ཇེ་ལེགས་ཇེ་ལེགས་དང་། ང་ཚོའི་ཕ་ཡུལ་ཇེ་གཙང་ནས་ཇེ་ཡག་ཡོང་བར་ཡིད་ཆེས་ཡོད་ཅེས་ཟི་ལིང་གྲོང་ཁྱེར་ཧུང་ཀྲུང་ཆུས་གུང་ཧི་གྲོང་རྡལ་ཚུང་ཝན་གྲོང་ཚོ་ཕན་ཏའོ་ཧྭ་ཐིན་ཏང་ཡོན་སློབ་གསོ་སྐྱེད་སྲིང་རྟེན་གཞིའི་ནང་ཚུང་ཝན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆི་རུ་ཞིན་གྱིས་དེ་ལྟར་བཤད་བཞིན་འདུག


ཉིན་འདི་དག་རིང་ལ། ཆི་རུ་ཞིན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་བའི་སྟེང་བློ་རྩེ་གཅིག་ནས་སྒྲིམ་ནས་གྲོང་ཚོ་དེའི་འཕེལ་རྒྱས་གནས་ཚུལ་དངོས་ལ་གཞིགས་ནས་འཁྲིད་བྱ་རྣམས་གྲ་སྒྲིག་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་སྡེ་མི་ཡོངས་ཀྱི་སེམས་ལ་འཇགས་པར་བྱས།

ཉེ་བའི་ལོ་རིང་ལ། ཚུང་ཝན་གྲོང་ཚོས་མཛེས་པའི་གྲོང་རྡལ་འཛུགས་སྐྲུན་ཕྱོགས་ལ་ཤུགས་བརྒྱབ་ནས་ཞབས་ཞུ་རང་བཞིན་གྱི་ལས་སྟངས་ལ་གཞི་བཅོལ་ཏེ། ཆེད་ལས་མཉམ་ལས་ཁང་སྒྲིག་འཛུགས་བྱས་པ་དང་། “ཚུང་ཝན”ཞེས་པའི་སྔོ་ཚལ་གྱི་ཚོང་རྟགས་ཐོ་འགོད་བྱས་ནས་གྲོང་ཚོ་ཡོངས་ཀྱི་སྔོ་ཚལ་བཏབས་པ་དང་། དམངས་ཁང་བརྩིགས་ཤིང་དར་ཤུད་རྩེད་ས་སོགས་དགུན་དུས་ཀྱི་ཡུལ་སྐོར་བྱེད་ས་བཏོད། 2021ལོའི་ལོ་མཇུག་ལ། ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་ཤ་མོ་ལུག་གྲོད་འདེབས་འཛུགས་བྱས་ནས་ཐོན་ལས་སྒྲིག་གཞིར་སྙོམས་སྒྲིག་དང་། ཞིང་པའི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་ལ་སྙེག་པ་དང་། “ཀུང་སི་དང་། རྟེན་གཞི། ཞིང་ཁྱིམ་མཉམ་འབྲེལ”གྱི་ལམ་ནས་མང་ཚོགས་ཀྱི་ཡོང་འབབ་གཏན་འཇགས་སུ་བཏང་སྟེ། “ཐོན་ལས་ཀྱི་ཟ་མ”དང་“ཡུལ་སྐོར་གྱི་ཟ་མ”ལ་རོལ་བའི་འཚོ་བ་སྐྱིད་པོ་རོལ་དུ་བཅུག་ཡོད།

ཆི་རུའུ་ཞིན་གྱིས“ཏང་གི་ཚོགས་ཆེན་ཉི་ཤུ་བས‘ཞིང་གསུམ’བྱ་བ་ལེགས་པོ་སྒྲུབ་པར་ཁ་ཕྱོགས་གསལ་བོ་བརྟན་ནས་ང་ཚོར་གདེང་སེམས་མི་དམན་པ་སྐྱེད།” ང་ཚོས་ངེས་པར་དུ་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་བྱ་སྤྱོད་དངོས་སྟེང་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་ལས་འགན་ཁུར་དུ་བླངས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ཕ་ཡུལ་ནས་རྩ་བ་རྒྱས་ཤིང་ཡལ་ག་གྲོལ་བ། འབྲས་བུ་སྨིན་པ་ཞིག་བྱ་ངེས་ཞེས་བསྟན།

ལོ་ཙཱ་བ། ཁོན་ཐར་འཚོ།