རང་ཞིང་གི་ཚོཊ་ཆེན་ཐེངས20པའི་དགོངས་དོན་སྒྲོག་འགྲེལ་ལེ་ཚན་འདིར་དོ་སྣང་ཆེན་པོ་བྱུང་།

ཚོཊ་ཆེན་20དགོངས་དོན་སྒྲོག་འགྲེལ་ལེ་ཚན་འདིར་དོ་སྣང་ཆེན་པོ་བྱུང་།

— མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་ལེ་ཚན་ལ་དོ་སྣང་ཆེན་པོ་བྱུང་།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་མཚོ་སྔོན་ཞིང་ཆེན་མི་རིགས་ས་ཁུལ་གྱི་གཞི་རིམ་སྒྲོག་འགྲེལ་རྒྱ་ཆེར་གཏོང་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བ་བསོད་ནམས་དབང་རྒྱལ་ལགས་ཀྱིས་གདན་ཞུས་ལྟར་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་<375ཐད་གཏོང་ཁང་>བརྒྱུད་དེ་བོད་སྐད་ཀྱི་ལམ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་གསལ་འགྲེལ་གནང་ཡོད།

རླུང་འཕྲིན་བགྲོ་གླེང་ལེ་ཚན་ཁྲོད། བསོད་ནམས་དབང་རྒྱལ་ལགས་ཀྱིས་འདས་པའི་ལོ་ལྔའི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། ཀྲུང་གོའི་རྣམ་པའི་དེང་རབས་ཅན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན་གཙོ་བོ་སོགས་ལ་དམིགས་ཏེ། འབྱུང་ཁམས་དང་རིག་གནས། སྤྱི་ཚོགས། དེ་བཞིན་འཛམ་གླིང་གི་མཐོང་རྒྱ་སོགས་ཟུར་ཚད་མི་འདྲ་བའི་ཐོག་ནས་རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་དང་དཔེ་མཚོན་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྒྱུད་རིམ་ལྡན་ཞིང་། ཆ་ལག་ཚང་བ། གོ་བདེ་བ་བཅས་ཀྱི་སྒོ་ནས་སྒྲོག་འགྲེལ་དང་གསལ་འགྲེལ་གནང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རླུང་འཕྲིན་སྒྲོག་འགྲེལ་འདི་མཚོ་སྔོན་ཞིང་ཆེན་ཕུད་པའི་བོད་ལྗོངས་དང་སི་ཁྲོན། ཀན་སུའུ། ཡུན་ནན་སོགས་བོད་འབྲེལ་རྫོང་ཁག་ལ་ཁྱབ་པ་དང་རླུང་འཕྲིན་གསན་མཁན་ཁྲི་300ཙམ་ཟིན་ཞིང་། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་རྟགས་ཐོག་ནས་བགྲོ་གླེང་ལེ་ཚན་དེ་ཁྱབ་བསྒྲགས་བྱས་རྗེས་ཆུ་ཚོད་24མ་འགོར་བར་ལྟ་མཁན་ཁྲི་5ལས་བརྒལ་ཡོད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་“ལྷ་མཚོའི་ཆུ་འགོའི་སྒྲོག་འགྲེལ་རུ་ཁག”གི་རུ་དཔོན་གཞོན་པ་ཆོས་བཟང་ཐར་གྱིས། སྒྲོག་འགྲེལ་བྱེད་སྟངས་དེ་མང་ཚོགས་དང་ཐག་ཉེ་བས་ང་ཚོས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་ཡང་དག་ལེན་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད། ངས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ། སློབ་སྦྱོང་ཡག་པོ་དང་ཤེས་རྟོགས་ཐུབ་པ། ཁོང་དུ་ཆུད་པ། དོན་འཁྱོལ་བཅས་ཀྱི་ཐད་ལ་འབད་བརྩོན་བྱ་རྒྱུ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་དྲིལ་བསྒྲགས་དང་སྒྲོག་སྦྱང་རྒྱ་ཁྱབ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྲོང་ཚོ་དང་དུད་ཚང་དུ་ཁྱབ་ཅིང་། སེམས་ལ་ཟུག་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

རྒན་ཡོལ་ཞུས་པའི་ལས་བྱེད་པ་བཀྲ་ཤིས་ཚེ་རིང་གིས། སེམས་ལ་ཟུག་པའི་སྒྲོག་འགྲེལ་དེ་ལས་ངས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་གོ་བ་དེ་བས་གཏིང་ཟབ་ལེན་ཐུབ་པ་བྱུང་། རྒན་ཡོལ་ཞུས་ཀྱང་མདོག་མི་འགྱུར་བ་དང་ལས་གནས་ནས་བྲལ་ཡང་ཏང་དང་ཁ་མི་འབྲལ་བར། ཏང་ཡོན་རྒན་གྲས་ཤིག་ཡིན་པའི་ངོས་ནས་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་མུ་མཐུད་དུ་ནུས་པ་འདོན་སྤེལ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཅེས་གསུངས་པ་རེད།