རྒྱལ་ཡོངས་ལས་བཟོ་པའི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་དཔྱད་འདེམས་གཟེངས་བསྟོད་སྐབས་བཅུ་བདུན་པའི་སྟེང་མཚོ་སྔོན་གྱི་ལས་ཁུངས2དང་མི་སྒེར2གཟེངས་བསྟོད་མིང་ཐོར་ཚུད།

ཟླ11ཚེས18ཉིན་གསར་འགོད་པས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་རྒྱུས་ལོན་པ་ལྟར་ན།2022ལོར་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་འགྱུར་པུའུ། ཚོང་དོན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གྲུབ་པའི་རྒྱལ་ཡོངས་ལས་བཟོ་པའི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་སློབ་སྟོན་མཐུན་སྦྱོར་བྱེད་སྒོ་ཚན་ཆུང་གིས་སྐབས་བཅུ་བདུན་པའི་རྒྱལ་ཡོངས་ལས་བཟོ་པའི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་དཔྱད་འདེབས་གཟེངས་བསྟོད་བྱེད་སྒོ་སྤེལ། རྒྱལ་ཡོངས་ཀྱི་ལས་ཁུངས20དང་། མི་སྒེར20ལ་རྒྱལ་ཡོངས་ལས་བཟོ་པའི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་དཔེ་མཚོན་ལས་ཁུངས་དང་། དཔེ་མཚོན་མི་སྒེར་གྱི་མཚན་སྙན་གནང་བ་དང་། ལས་ཁུངས50དང་མི་སྒེར50ལ་རྒྱལ་ཡོངས་ལས་བཟོ་པའི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་སྔོན་ཐོན་ལས་ཁུངས་དང་། སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་།

ཤེས་གསལ་ལྟར་ན། རང་ཞིང་གིས་འོས་སྦྱོར་བྱས་པའི་མཚོ་སྔོན་ཞིང་ཆེན་ཟི་ལིང་མཐོ་རིམ་གཞུང་ལམ་ལམ་སྲིད་ཁྲིམས་བསྟར་ཡན་ལག་རུ་ཁག་ལ“སྐབས་བཅུ་བདུན་པའི་རྒྱལ་ཡོངས་ལས་བཟོ་པའི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་དཔེ་མཚོན་ལས་ཁུངས”ཀྱི་མཚན་སྙན་ཐོབ་པ་དང་། མཚོ་སྔོན་རྒྱུ་དངོས་བཟོ་ལས་མ་འཇོག་ཚད་ཡོད་ཀུང་སིར“སྐབས་བཅུ་བདུན་པའི་རྒྱལ་ཡོངས་ལས་བཟོ་པའི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་སྔོན་ཐོན་ལས་ཁུངས”ཀྱི་མཚན་སྙན་ཐོབ། ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རྩལ་ཞིབ་འཇུག་ཁང་གི་འགོ་གཙོ་ཀྲང་ཅིན་མའེ་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་ལུའུ་པོ་གཉིས་ལ“སྐབས་བཅུ་བདུན་པའི་རྒྱལ་ཡོངས་ལས་བཟོ་པའི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་དར་སྤེལ་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ།

ལོ་ཙཱ་བ། ཁོན་ཐར་འཚོ།