ཚེ་རིང་ཐར་གྱིས་མང་རྫོང་དང་ཁྲི་ཀ་རུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་གྱི་སྣེ་ཁྲིད་ལ་བརྟེན་ནས་ཞིང་ལས་ཞིང་སྡེའི་དེང་རབས་ཅན་གྱི་གོམ་སྟབས་མུ་མཐུད་ཇེ་མགྱོགས་སུ་གཏོང་དགོས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས15ཉིན་ནས་ཚེས16ཉིན་བར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མང་རྫོང་དང་ཁྲི་ཀ་རྫོང་གཉིས་སུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས་ནས་གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་གོ་དོན་ལ་གོ་བ་ཟབ་མོ་ལེན་པ། ཁྱོན་ཡོངས་ནས་ཚོགས་ཆེན་ཉི་ཤུ་བའི་སྐོར་གྱི་ཞིང་གསུམ་བྱ་བའི་གལ་ཆེན་རང་བཞིན་གྱི་བཀོད་སྒྲིག་བླང་བྱ་ཁོང་དུ་ཆུད་པར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ད་ལྟའི་བྱ་བ་གཙོ་བོ། མུ་མཐུད་དུ་སྟོབས་ཤུགས་གང་ཡོད་བཏོན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཐད་ལ་ཞིང་གསུམ་གྱི་སྟོབས་ཤུགས་བཏོན་ནས་བྱས་རྗེས་འཇོག་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

མང་རྫོང་བྱ་མདོ་ཡུལ་ཚོའི་སྡེ་མང་སྡེ་བ་དང་ཁྲི་ཀའི་ཀ་རིང་ཡུལ་ཚོའི་སུམ་པ་སྡེ་བ་གཉིས་སུ་ཚེ་རིང་ཐར་གྱིས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློ་བརྗེ་རེས་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་དྲིལ་སྒྲོག་གཏིང་ཟབ་དུ་སྤེལ། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཏང་དང་རྒྱལ་ཁབ་ཀྱི་མ་འོངས་འཕེལ་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་སྐྱ་རིས་འབྲི་བཞེངས་བྱས་ཏེ། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བཟོས་ཤིང་འགུལ་སྐྱོད་ཀྱི་ཁ་ཕྱོགས་གཏན་ཁེལ་ངང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཡོད། མི་རིགས་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་དུས་ནམ་ཡང་ཏང་གི་ཁ་ལ་ཉན་པ་དང་ཏང་གི་དྲིན་ཚོར་བ། ཏང་གི་རྗེས་འབྲང་ནས། རང་རྟོག་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་དང་སྤྱི་ཚོགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་དཔེ་སྟོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གྱི་དཔེར་སྟོན་མངོན་འགྱུར་བྱ་དགོས། དེ་མིན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ཞིང་གསུམ་བྱ་བའི་ཕྱོགས་སོ་སོར་དངོས་འབེབས་གང་ལེགས་བྱ་དགོས། ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ས་གནས་ཀྱི་རི་མཐོ་ཆུ་གཙང་ལ་སོ་སྲུང་ལེགས་པོ་དང་མཛེས་སྡུག་གི་གནས་སྡོད། འཆམ་མཐུན་ཤེས་དཔལ་གྱི་སྡེ་གསར་ཞིག་གསར་དུ་འཛུགས་དགོས་ལ། ས་བབ་ཡུལ་བསྟུན་གྱིས་འབྲུ་སྣུམ་སྲན་གསུམ་འདེབས་འཛུགས་དང་ནོར་ལུག་གསོ་སྤེལ་ཚད་ལྡན། རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། མུ་མཐུད་དུ་ཚད་ལྡན་ཞིང་རའི་འཛུགས་སྐྲུན་ལ་སྐུལ་འདེད་ཀྱིས་སྡེ་གྲོང་གི་རྣམ་པ་ལེགས་པོ་ཞིག་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ་རྒྱུ། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་གོམ་སྟབས་མུ་མཐུད་ཇེ་མགྱོགས་སུ་བཏང་ནས་རིགས་སོ་སོའི་མང་ཚོགས་ཀྱིས་སྔར་ལས་བདེ་སྐྱིད་མཛེས་སྡུག་གི་འཚོ་བ་གསར་བ་ཞིག་རོལ་རྒྱུར་ཧུར་བརྩོན་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།