ཐེམ་ཆེན་རྫོང་གིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཕྱུགས་ཟོག་གི་བཤས་འཚོང་ལ་སྐུལ་འདེད་བཏང་ཞིང་། རྫོང་ཡོངས་ནས་ཕྱུགས་ཟོག་ཁྲི23.94བཤས་འཚོང་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས14ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་ཞིང་ཕྱུགས་སྡེ་ཁག་ལས་རྒྱུས་ལོན་པ་ལྟར་ན། ད་ལྟའི་དུས་ནི་ཕྱུགས་ཟོག་བཤས་འཚོང་གི་དུས་ལ་སླེབས་པས། ཐེམ་ཆེན་རྫོང་གིས་སྲིད་ཇུས་དྲིལ་སྒྲོག་དང་ཆེད་ལས་ཚོང་གཉེར་རུ་དཔུང་རྩ་འཛུགས་སྒོས། ལྷད་མེད་རྒྱུ་ལམ་གསར་དུ་བསྐྲུན་ལ། བཤས་འཚོང་ལ་ཁ་གསབ་སྤྲོད་པའི་བྱེད་ཐབས་སོགས་ལ་བརྟེན་ནས། འབྲོག་དམངས་ཀྱིས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ནས་ཕྱུགས་ཟོག་བཤས་འཚོང་གི་འཆར་གཞི་ལ་འགན་སྲུང་བྱས། ད་ལྟའི་བར་རྫོང་ཡོངས་ནས་ཕྱུགས་ཟོག་ཁྲི23.94བཤས་འཚོང་བྱས་ཟིན།

ད་ལྟའི་རིམས་ནད་འགོག་ཟོན་གྱི་གནས་སྟངས་ལ་ཁ་གཏད་དེ། ཕྱུགས་ཟོག་བཤད་འཚོང་གི་བདེ་འཇགས་དང་གོ་རིམ། དམངས་ཚིས་བཅས་ལ་འགན་སྲུང་བྱ་ཆེད། ཐེམ་ཆེན་རྫོང་གིས《ཐེམ་ཆེན་རྫོང་གི་པྲོག་གསར་རིམས་ནད་འགོག་ཟོན་སྐབས་ཀྱི་ཕྱུགས་ཟོག་གི་བཤས་འཚོང་ལ་འགན་སྲུང་བྱེད་པའི་སྐོར་གྱི་བྱ་བའི་བྱེད་ཐབས་སྐོར་ཞིག》ཞེས་པ་གཏན་འབེབས་བྱས་ཤིང་། ཕྱུགས་ཟོག་གི་བསྡོམས་རྩིས་གཞི་གྲངས་མཛོད་གསར་འཛུགས་ཀྱིས་ནོར་ལུག་གི་བཤས་འཚོང་སྲིད་ཇུས་ཐད་ལ་སྲིད་གཞུང་གིས་ཆེད་སྤྱོད་ཞབས་ཞུ་སྒྲུབ་ནས། འབྲོག་པ་མང་ཚོགས་ལ་རོགས་རམ་བྱས་ཏེ་བཤས་འཚོང་ཁྲོད་ཀྱི་དཀའ་ཁག་དང་ཕྱུགས་ཟོག་བཤས་འཚོང་གི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་བཏང་ཡོད། ད་ལྟ་ཡིག་ཚགས་དང་བྱང་བུ་བཟོས་པའི་མི22ཡོད་ལ། ཁེ་ལས་སོ་སོར་གྲོས་ཆོད་བཞག་ནས་ནོར་ལུག་གི་ཚོང་གཉེར་མཁན་དང་འབྲོག་པ་སོགས་འཕྲད་པའི་དཀའ་ཁག་དང་གནད་དོན21ཐག་གཅོད་བྱས།

ལྷད་མེད་རྒྱུ་ལམ་གྱི་སྒྲིག་སྲོལ་གསར་འཛུགས་ཀྱིས་རོང་འབྲོག་པའི་ཐོན་རྫས་སྐྱེལ་འདྲེན་རླངས་འཁོར་གྱི་མཐུད་སྦྲེལ་བྱ་བའི་ཆེད་སྤྱོད་རླངས་འཁོར་རྩ་འཛུགས་ཀྱིས་ཕྱུགས་ལས་ཐོན་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་གྱི་ཤར་གཏོང་ཐད་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ཡོད། དེའི་སྐབས་སུ་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱིས་རྒྱང་སྐྱོད་བདག་དོམ་ཚོད་འཛིན་དང་ལམ་ཧྲིལ་བོར་བཀག་རྒྱའི་དོ་དམ་བྱེད་པ། ཆེད་དུ་མི་མངགས་ནས་ལམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱེད་པ། སྐྱེལ་འདྲེན་རླངས་འཁོར་གྱི་ལམ་ཐིག་གཏན་ཁེལ་དང་ཁྱོན་ཡོངས་ནས་དུག་སེལ་བྱ་བ་ལེགས་པོ་སྒྲུབ་པ། རྫོང་ཡོངས་ཀྱི་སྒོ་ཕྱུགས་སྐྱེལ་འདྲེན་ཞབས་ཞུའི་དགོས་མཁོ་ཡོངས་སུ་བསྐངས་ཡོད། ད་ལྟ་ཁྱོན་བསྡོམས་པས་རླངས་འཁོར121བཀོད་སྒྲིག་བྱས་ཏེ། མང་ཚོགས་ལ་རོགས་བྱས་ཏེ་ནོར240དང་ལུག27360སྐྱེལ་འདྲེན་བྱ་རྒྱུར་རོགས་རམ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།