གཏེར་ལེན་ཁ་ཡིས་གསར་གཏོད་སྒྲོག་འགྲེལ་གྱི་རྣམ་པར་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་དམངས་ཁྲོད་དུ་བསྒྲགས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དམངས་སེམས་སུ་ཟུག་པ་དང་རྩེ་མོ་རྒྱས་པར་སྐུལ་འདེད་བྱ་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྣེ་ཁྲིད་དེ། གྲོང་ཁྱེར་རིག་དངོས་ཡུལ་སྐོར་ཅུའུ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སོགས་ལ་མཉམ་འབྲེལ་བྱས་ནས། རིག་རྩལ་འཁྲབ་སྦྱོང་དང་རོལ་དབྱངས་སྒྱུ་རྩལ་ལེ་ཚན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དེ་བཞད་གར་དང་མཛའ་གཞས་སོགས་ཀྱི་ཁྲོད་བཅུག་སྟེ་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་ལེ་ཚན་གྱི་བར་གསེང་དུ་ཡང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་ཤེས་བྱའི་འགྲན་སྡུར་གྱི་བྱ་འགུལ་ཡང་སྤེལ་བས། མང་ཚོགས་ཀྱིས་སྤྲོ་སྣང་ལྡན་པའི་ངང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལ་རྒྱུས་ལོན་དང་གོ་བ་ཟབ་མོ་བླངས་ནས་གོ་དོན་གསར་པ་དང་འདུ་ཤེས་གསར་པ། བསམ་ཕྱོགས་གསར་པ་ཞིག་རྙེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།