མཚོ་སྔོན་ཞིང་ཆེན་མི་དོན་ཡིག་རྒྱུགས་ལྟེ་གནས་ཀྱི་བྲེལ་མྱུར་བརྡ་ཐོ།

བྲེལ་མྱུར་བརྡ་ཐོ།

རྒྱུགས་སྤྲོད་སློབ་མ་རྣམས། 

ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྡེ་ཁག་གིས2023ལོ་འཁོར་གྱི་གཞུང་ཞབས་པ་བསྡུ་བའི་མཚོ་སྔོན་རྒྱུགས་ཁུལ་གྱི་རྒྱུགས་སྤྲོད་སློབ་མའི་རིམས་ནད་འགོན་ཟོན་སྐོར་གྱི་ཐོ་འགོད་ཀྱི་བྱ་བ་དོ་དགོང་གི་དུས་ཚོད24པའི་སྟེང་མཇུག་འགྲིལ་རྒྱུ་ཡིན་པ་དང་། ཐོ་འགོད་བྱས་མེད་པའི་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་མྱུར་དུ་ཐོ་འགོད་མ་ལག་ལ་ཞུགས་ནས་ཆ་འཕྲིན་རེའུ་མིག་བསྐངས་ནས་ཡར་སྤྲོད་དགོས། གཏན་འཁེལ་གྱི་དུས་ཚོད་ནང་དུ་རེའུ་མིག་མ་བསྐངས་ན་རྒྱུན་ལྡན་ལྟར་ཡིག་རྒྱུགས་ལ་ཞུགས་མི་ཐུབ། ཐོ་འགོད་ཀྱི་བརྒྱུད་རིམ་ཞིབ་ཕྲ《ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྡེ་ཁག་གི2023ལོའི་ལོ་འཁོར་གྱི་གཞུང་ཞབས་པ་བསྡུ་བའི་མཚོ་སྔོན་རྒྱུགས་ཁུལ་གྱི་རྒྱུགས་སྤྲོད་སློབ་མའི་རིམས་ནད་འགོག་ཟོན་སྐོར་གྱི་ཐོ་འགོད་བྱ་བའི་སྐོར་གྱི་བྲེལ་མྱུར་བརྡ་ཐོའི》ནང་དུ་གསལ།


མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས།

2022ལོའི་ཟླ11ཚེས17ཉིན།

གཡང་སྐྱིད་ཀྱིས་བསྒྱུར།