ཞི་ཅིན་ཕིང་གིས་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡཱའི་པཱ་ལི་གླིང་ཕྲན་ནས་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སེ་ནེ་ཀལ་ནི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱང་ཡིན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་སེ་ནེ་ཀལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་བ་དང་། དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གི་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། སེ་ནེ་ཀལ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ལག་རྡང་སྦྲེལ་ནས་དུས་རབས་གསར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་དང་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཀྱི་བགྲོད་ལམ་སྟེང་ལག་རྡང་སྦྲེལ་ནས་མདུན་བསྐྱོད་བྱེད་པ་དང་། ཕན་ཚུན་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་གནད་དོན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སེ་ནེ་ཀལ་གྱི་གཞུང་ལམ་དང་བཟོ་ལས་ར་བ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། སེ་ནེ་ཀལ་གྱི་ཞིང་ཞོར་ཐོན་རྫས་ཀྲུང་གོར་ནང་འདྲེན་བྱེད་ཚད་རྒྱ་བསྐྱེད་དེ་བ་དམ་གྱི་ཐོན་ལས་མུ་འབྲེལ་ཅན་དང་ཆུ་འབྲས་ཀྱི་འདེབས་འཛུགས་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་འདོད་ཡོད། ཀྲུང་གོ་དང་སེ་ནེ་ཀལ་གྱི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་པ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གནད་དོན་གལ་ཆེན་ཐད་ཀྱི་ལངས་ཕྱོགས་ཚད་མཐོའི་གཅིག་གྱུར་ཡིན། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་བར་མཐུན་སྒྲིལ་རོགས་ལས་བྱས་ཏེ། མཉམ་དུ་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་དང་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ནང་ཞུགས་པའི་གྲོས་གཞིར་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད།

སཱ་ལེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟུད་མར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཁུར་བར་ཡང་བསྐྱར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། ཀྲུང་གོ་གུང་ཁྲན་ཏང་ནི་འོད་སྟོང་འབར་བའི་ལོ་རྒྱུས་ལྡན་པའི་རླབས་ཆེ་བའི་ཏང་ཞིག་ཡིན་ཞིང་། ཀྲུང་གོ་ནི་རྩ་དོན་རྒྱུན་འཁྱོངས་དང་ཀུན་གྱི་བརྩི་འཇོག་ཐོབ་པའི་རླབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་བློ་བརྟན་འགྱུར་མེད་ཀྱི་གྲོགས་པོ་ཡིན། ཞིང་ལས་དང་ཆུ་བེད། རྨང་གཞིའི་སྒྲིག་ཆས། སློབ་གསོ། སྨན་བཅོས་སོགས་དང་། ཡང་ན་པྲོག་གསར་གློ་ཚད་རིམས་ནད་གང་ཡིན་ཡང་ཀྲུང་གོ་ཐོག་མཐའ་བར་གསུམ་དུ་སེ་ནེ་ཀལ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་དང་མཉམ་དུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ལ་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ནང་ཞུགས་པའི་གྲོས་གཞིར་མངོན་གསལ་གྱིས་རྒྱབ་སྐྱོར་བྱེད་མཁན་ཐོག་མ་ཡིན། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཞིན་ཅང་སོགས་ཀྱི་གནད་དོན་ཐད་ནས་ཀྲུང་གོར་རྒྱབ་སྐྱོར་གང་ལེགས་བྱེད་པ་དང་། དེ་ལས་ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་བར་གྱི་སྤུས་ཚད་མཐོ་བའི་ཡིད་ཆེས་དང་ཆུ་ཚད་མཐོ་བའི་འབྲེལ་བ་མངོན་པར་མཚོན་ཡོད། སེ་ནེ་ཀལ་ཕྱོགས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་ལ་ཡིད་ཚིམས་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་བསྟུད་མར་གླེང་སྟེགས་དེའི་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཏེན་ཞུའེ་ཞང་དང་ཝང་དབྱི། ཧི་ལི་ཧྥུན་སོགས་མཇལ་འཕྲད་ལ་ཞུགས།