མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།

རང་རེའི་དྲ་བའི་འཕྲིན།ཟླ11པའི་ཚེས13ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བརྒྱ་དང་བཅུ་གཅིག་པ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཟུར་པ་ཡུས་ཚོང་ལི་ཡིས་མགོ་འཛིན་བྱས། མཱ་ཝེ་དང་ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་རིམ་པ་བཞིན་མཚོ་སྔོན་ཞིང་ཆེན་སྔོན་རྩིས་གྲུབ་འབྲས་དོ་དམ་སྲོལ་ཡིག་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཉེན་རྟོག་ལས་རོགས་མི་སྣའི་དོ་དམ་སྲོལ་ཡིག་འཆར་ཟིན། མཚོ་སྔོན་ཞིང་ཆེན་དམངས་ཡོངས་ལུས་སྦྱོང་སྲོལ་ཡིག་འཆར་ཟིན་བཅས་ཀྱི་བཟོ་བཅོས་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གིས་གྲོས་ཞིབ་བྱེད་རྒྱུའི་རེ་བ་བཏོན་པའི་མཚོ་སྔོན་ཞིང་ཆེན་སྦྲགས་སྲིད་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལྔའི་བཟོ་བཅོས་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་སྔོན་རྩིས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་བཞི་མེད་པར་བཟོ་བའི་གྲོས་གཞི་གྲ་སྒྲིག་གནས་ཚུལ་དང་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་བྱ་བའི་ལྟ་སྐུལ་ལ་ཤུགས་སྣོན་པའི་ཆོད་དོན་གྱི་བཟོ་བཅོས་འཆར་ཟིན་སྐོར་གྱི་སྙན་ཞུ། ཟི་ལིང་གྲོང་ཁྱེར་འཚོ་བའི་གད་སྙིགས་རིགས་བགར་དོ་དམ་སྲོལ་ཡིག་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་ཡར་སྐུལ་སྲོལ་ཡིག མཚོ་ཤར་གྲོང་ཁྱེར་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཡར་སྐུལ་སྲོལ་ཡིག་བཅས་ཀྱི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

ཚོགས་ཐོག་ནས་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱལ་ཁོངས་བར་སྟོང་འཆར་གཞི་སྒྲིག་བཟོ་གནས་ཚུལ་སྐོར་གྱི་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་གྱི2021ལོ་ནས2035ལོའི་རྒྱལ་ཁོངས་བར་སྟོང་འཆར་གཞིའི་གྲོས་ཞིབ་གནས་ཚུལ་གྱི་སྙན་ཞུ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་དང་ཉེ་བའི་ལོ་ལྔའི་རིང་གི་འཐུས་མིའི་གྲོས་གཞི་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་དང་སྐབས་འདིའི་ཚུན་གྱི་འཐུས་མིའི་གྲོས་གཞི་ལྟ་སྒྲུབ་གནས་ཚུལ་ཡར་ཞུ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་གྲོས་གཞི་ལག་བསྟར་བྱ་བའི་སྔོན་ཐོན་སྡེ་ཁག་ལ་གཟེངས་བསྟོད་བྱེད་པའི་ཆོད་དོན་འཆར་ཟིན་སྐོར་གྱི་སྙན་ཞུ། མི་དོན་བསྐོ་གཞག་གྲོས་གཞི་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་བསྡུ་བའི་ཆོད་དོན་འཆར་ཟིན་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

ཀྲུའུ་རིན་གྲོས་ཚོགས་ཀྱིས་གོང་གསལ་གྱི་གྲོས་དོན་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་། ཚོགས་ཐོག་ཏུ་ད་དུང་འབྲེལ་ཡོད་བཅའ་ཁྲིམས་ལ་ཞིབ་བཤེར་བྱེད་པའི་དུས་ཚོད་རྗེས་སྣུར་བྱེད་པའི་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་སྐུལ་སྤེལ་དང་སྲུང་སྐྱོབ་སྲོལ་ཡིག་གི་ཁྲིམས་འཛུགས་རྗེས་ཀྱི་དཔྱད་འཇོག་གནས་ཚུལ་གྱི་སྙན་ཞུ། 2022ལོའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣའི་འགན་སྒྲུབ་གནས་ཚུལ་གྱི་སྙན་ཞུའི་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དྲུག་པའི་གྲོས་རིམ་འཆར་ཟིན་གྱི་སྙན་ཞུ་ལ་ཉན་པར་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།

ལོ་ཙཱ་བ།ཤ་མོ་འཚོ།