ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་ཟི་ལིང་དུ་བསྡུས།

ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ཟི་ལིང་དུ་སྙན་ཞུ་ཚོགས་འདུ་ཐོག་མ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་གཅིག་བསྡུས་སྒོས་སྒྲོག་འགྲེལ་བྱེད་པའི་བྱ་བ་དངོས་སུ་མགོ་བརྩམས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅི། མགོ་གཙོ་ཧུའུ་ཝེ་ཀྲུང་གིས་སྙན་ཞུ་སྒྲོག་འགྲེལ་བྱས། སྙན་ཞུ་ཚོགས་འདུ་དེ་དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་བྱེད་་པའི་རྣམ་པ་སྤྱད་ནས་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་བརྒྱ་དང་ཉི་ཤུ་སྙན་ཞུ་ཚོགས་འདུར་ཞུགས།

སྙན་ཞུ་ཚོགས་འདུའི་སྟེང་། ཧུའུ་ཝེ་ཀྲུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་སྙིང་དང་གྲུབ་འབྲས་གཙོ་བོ། འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་ཕྱོགས་ཡོངས་ནས་གོ་བ་ཟབ་མོ་ལེན་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་བ་གསར་འབྱེད་བྱེད་པའི་ལོ་རྒྱུས་འགན་འཁྲི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན། ཏང་དང་རྒྱལ་ཁབ་ལས་དོན་གྱི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་བཀོད་སྒྲིག་དང་རེ་བ། སྤོབས་པ་ཆེན་པོས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་འཐབ་རྩོད་བྱེད་པ་དང་ཁ་གཏད་འཇལ་བའི་རེ་བ་སོགས་ཕྱོགས་ལ་དམིགས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་བསམ་ཕྱོགས་གསར་བ་དང་བརྡར་གཅོད་གསར་བ། གཏན་འཁེལ་བྱས་པའི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བའི་ཐད་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པར་སྒྲོག་འགྲེལ་དང་འགྲེལ་ཀློག་བྱས།

སྙན་ཞུ་སྒྲོག་འགྲེལ་བྱེད་སྐབས། ཚོགས་ཞུགས་མི་སྣ་རྣམས་ཀྱིས་ཞིབ་མོར་ཉན་ཞོར་དུ་ཟིན་བྲིས་བཀོད། ཚང་མས་བཤད་རྒྱུར། སྙན་ཞུའི་ནང་དུ་ཕྱོགས་ཡོངས་དང་གོ་རིམ་ལྡན་པ་དང་གནད་ས་འབུར་དུ་ཐོན་པར་བྱས་ཡོད་ལ། ཆབ་སྲིད་ཀྱི་མཐོ་ཚད་དང་རིགས་གཞུང་གི་ཟབ་ཚད་དང་ལག་ལེན་གྱི་ངོས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པར་བློ་སྒོ་འབྱེད་པ་དང་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་ལྡན། ཚང་མས་བཤད་རྒྱུར། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་དགོས་ལ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་པ་དང་། གསར་གཏོད་བརྩོན་ལེན་དང་འབད་འབུངས་ལྷོད་མེད་བྱས་ནས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་པའི་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཞིང་ཆེན་དམངས་ཆེན་རྒྱུན་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཨུའི་ཆེད་འགན་འཁུར་བའི་ཧྲུའུ་ཅི་གཞོན་པ་ཝེ་ཧྥང་ཅུན་གྱིས་བཤད་རྒྱུར། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོ་བཞག་སྟེ། དཀྱིལ་སྙིང་ལ་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ་དང་། སློབ་སྦྱོང་བཟང་བོ་བྱེད་པ་དང་ངོས་འཛིན་མཐོར་འདེགས་སུ་གཏོང་བ། འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བར་མ་ཟད། ཏན་ཏིག་གི་བྱ་བའི་གྲུབ་འབྲས་ལས་སློབ་སྦྱོང་དང་ལག་བསྟར་གྱི་གྲུབ་འབྲས་མཚོན་པར་བྱེད་པ་དང་། འགན་འཁྲི་གསར་བ་ཕྲག་ཏུ་བླངས་ནས་ལེའུ་གསར་བ་འབྲི་བར་དམངས་ཆེན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།