བྱེད་ཕྱོགས5ཡི་ཐད་སློབ་གསོ་པུའུ་ཡིས་ཡིག་ཆ་བཀྲམ་ནས་བྱེད་ཐབས་བཏོན་ཡོད་པ།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་ཆེད་དུས་རབས་གསར་བའི་བསམ་བློ་དང་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གལ་ཆེན་གཞིར་བཟུང་སྟེ། ཉེ་ཆར་སློབ་གསོ་པུའུ་ཡིས《དུས་རབས་གསར་པའི་སློབ་གྲྭ་ཆུང་འབྲིང་གི་བསམ་བློ་དང་ཆབ་སྲིད་སློབ་ཁྲིད་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བྱེད་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ་བྱེད་ཕྱོགས་ལྔའི་ཐད་ཀྱི་བྱེད་ཐབས་བཏོན་ཡོད་པ་རེད།

《བསམ་འཆར》ནང་དུ“འགག་རྩའི་གནས་བབ་འབུར་དུ་ཐོན་པ་དང་། གཅིག་གྱུར་གྱིས་འཆར་འགོད་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ལ། གནད་དོན་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ། བཅོས་སྒྱུར་གསར་གཏོད་ཟབ་སྤེལ”བཅས་ཀྱི་བྱ་བའི་རྩ་དོན་བཞི་བཏོན་ཡོད། 2025ལོར་སླེབས་སྐབས་སློབ་གྲྭ་ཆུང་འབྲིང་གི་བསམ་བློ་དང་ཆབ་སྲིད་སློབ་ཁྲིད་ཀྱི་འགག་རྩའི་གནས་བབ་སྔར་ལས་ཤུགས་ཆེར་གཏོང་བ་དང་། འཛུགས་སྐྲུན་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ། སློབ་ཁྲིད་སྐབས་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། སྤུས་ལེགས་ཀྱི་སློབ་ཁྲིད་ཐོན་ཁུངས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལག་ལེན་སློབ་ཁྲིད་གཏིང་ཟབ་ཏུ་སྤེལ་བ། བསམ་བློ་དང་ཆབ་སྲིད་སློབ་ཁྲིད་ཀྱི་དགེ་རྒན་དཔུང་ཁག་གི་ཆེད་ལས་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་ཇེ་མཐོར་གཏོང་བ། “བསམ་བློ་དང་ཆབ་སྲིད་ཆེན་མོའི་སློབ་ཁྲིད”མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། གཞི་རྩའི་ཆ་ནས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

《བསམ་འཆར》ནང་བྱེད་ཕྱོགས་ལྔའི་ཐད་ཀྱི་བྱེད་ཐབས་བཏོན་ཡོད་པ་སྟེ།

དང་པོ། སློབ་ཁྲིད་དོ་དམ་གསར་གཏོད་ཇེ་ཟབ་ཏུ་བཏང་ནས་བསམ་བློ་དང་ཆབ་སྲིད་སློབ་ཁྲིད་ཀྱི་འགག་རྩའི་གནས་བབ་ནུས་ཤུགས་ཡོད་རྒུས་ཇེ་ཆེར་གཏོང་དགོས།

རྒྱལ་ཁབ་ཀྱི་སློབ་ཁྲིད་ཇུས་གཞི་གཞིར་བཟུང་སྟེ་གཟའ་རེའི་སློབ་ཁྲིད་དུས་ཚོད་གསལ་པོར་བཟོས་ནས། བསམ་བློ་དང་ཆབ་སྲིད་ཀྱི་སློབ་ཁྲིད་འདང་ངེས་ཞིག་བྱ་རྒྱུ་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སློབ་ཁྲིད་ཀྱི་སྒྲིག་ལམ་ནན་པོ་ཞིག་ཏུ་བརྩི་དགོས། སློབ་དེབ་ཀྱི་ནང་དོན་དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་སློབ་མའི་ཀློག་དེབ》ལག་བསྟར་བྱས་ནས་ཆབ་སྲིད་ཀྱི་སྐབས་དོན་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱ་རྒྱུར་དོ་སྣང་བྱ་དགོས། གནས་ལུགས་ལེགས་པོ་བཤད་པ་ནི་ངོ་བོའི་བླང་བྱར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་སློབ་ཁྲིད་བྱེད་པའི་ཕན་འབྲས་དངོས་ཇེ་ཆེར་གཏོང་དགོས།

གཉིས་པ། སློབ་ཁྲིད་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་སློབ་ཁྲིད་ཀྱི་གཞོགས་འདེགས་ཐོན་ཁུངས་མི་འདང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་དགོས། བསམ་བློ་དང་ཆབ་སྲིད་ཀྱི“སྤུས་ལེགས་སློབ་ཁྲིད”ཁག་གཅིག་བདམས་ཏེ་སྤུས་ལེགས་སློབ་ཁྲིད་ཀྱི་རམ་འདེགས་ཐོན་ཁུངས་དང་། ཁྲིད་དེབ་སོགས་ཐོན་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་བྱ་དགོས། བསམ་བློ་ཀུན་སྤྱོད་ཀྱི་ལག་ལེན་སློབ་ཁྲིད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལག་ལེན་སློབ་ཁྲིད་རྟེན་གཞི་ཁག་གཅིག་འཛུགས་དགོས། སློབ་གྲྭ་ཆུང་འབྲིང་གི་རིག་ལྡན་སློབ་གསོའི་སྟེགས་བུའི་ནུས་པ་ཇེ་ཆེར་གཏོང་བ་དང་། ཐོན་ཁུངས་སྤུས་དག་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས།

གསུམ་པ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་དགེ་རྒན་གྱི་ལས་འགན་གཅིག་ལྕོགས་ཀྱིས་སྡུར་ཚད་མཐོ་དྲགས་པ་དང་ཆེད་ལས་ཀྱི་ནུས་པ་ཆེན་པོ་མེད་པའི་གནད་དོན་མཐའ་དག་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་དགོས། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སྒྲིག་ཁོངས་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱས་ནས་ནུས་པ་ལྡན་པའི་སྒོ་ནས་བསམ་བློ་དང་ཆབ་སྲིད་སློབ་ཁྲིད་ཀྱི་ཆེད་ལས་དགེ་རྒན་བཀོད་སྒྲིག་ལ་འགན་སྲུང་བྱ་རྒྱུ་མ་ཟད། ད་དུང་ལས་འགན་གཅིག་ལྕོག་གིས་དགེ་རྒན་འདེམས་སྤྱོད་བྱ་བ་ཚད་ལྡན་དུ་གཏོང་དགོས། བསམ་བློ་དང་ཆབ་སྲིད་ཀྱི་དགེ་རྒན་རེས་སྐོར་གསོ་སྦྱོང་ལམ་ལུགས་དང་སློབ་གྲྭ་ཕྱི་ནས་ལག་ལེན་སློབ་གསོའི་ལམ་ལུགས་བཙུགས་ནས་དགེ་རྒན་གྱིས་བམས་བློ་དང་ཆབ་སྲིད་་ཀྱི་སློབ་གསོའི་ཆེད་ལས་གསབ་སྦྱོང་དང་། སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད་ཞིབ་འཇུག་བྱ་བར་སྐུལ་མ་བཏང་ནས་རྒྱབ་སྐྱོར་བྱེད་པ། རིགས་ཁག་གི་ཕུལ་བྱུང་དཔྱད་འདེམས་བྱ་བའི་ཁྲོད་བསམ་བློ་དང་ཆབ་སྲིད་སློབ་ཁྲིད་ཀྱི་དགེ་རྒན་ལ་གཟིགས་སྐྱོང་འོས་འཚམ་བྱས་ནས་སྔོན་ཐོན་དཔེ་བཟང་འདེམས་འཛུགས་ཤུགས་ཆེན་བྱ་དགོས།

བཞི་བ། སློབ་གསོའི་ཞིབ་འཇུག་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སློབ་གསོའི་ཞིབ་འཇུག་ཐད་ཀྱི་མི་འདང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་དགོས།

ཆེད་བསྐོས་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་སློབ་གསོ་ཞིབ་འཇུག་བྱེད་མཁན་བཀོད་སྒྲིག་གང་ལེགས་བྱས་ཏེ། བསམ་བློ་དང་ཆབ་སྲིད་སློབ་ཁྲིད་ཀྱི་སློབ་གསོ་ཞིབ་འཇུག་མཁན་གསོ་སྦྱོང་བྱ་རྒྱུ་དེ་དགེ་རྒན་གྱི“རྒྱལ་ཁབ་གསོ་སྦྱོང་འཆར་གཞིའི”ནང་འཇུག་དགོས། ཆེད་ལས་མཛུབ་ཁྲིད་དང་ཁྲིད་སྟོན་བྱེད་ཤུགས་ཇེ་ཆེར་བཏང་ནས་བསམ་བློ་དང་ཆབ་སྲིད་སློབ་ཁྲིད་དགེ་རྒན་གྱི་སློབ་གསོ་ཞིབ་འཇུག་གི་ཐུན་མོང་ཚོགས་པ་བཙུགས་ཏེ་དྲ་རྒྱའི་སློབ་གསོ་ཞིབ་འཇུག་དང་། རྒྱང་ཁྲིད་སློབ་གསོའི་ཞིབ་འཇུག ས་ཁོངས་ལས་བརྒལ་བའི་སློབ་གསོར་ཞིབ་འཇུག་བཅས་རྒྱ་ཁྱབ་ངང་སྤེལ་བ་དང་། ཆ་རྐྱེན་ཡོད་པའི་སློབ་གསོར་ཞིབ་འཇུག་སྒྲིག་གཞི་དང་། སློབ་གྲྭ་ཆུང་འབྲིང་དང་ཏང་གི་སློབ་གྲྭ། མཐོ་རིམ་སློབ་གྲྭ་སོགས་དང་མཉམ་ལས་བྱས་ཏེ་ཆབ་སྲིད་ཀྱི་སློབ་གསོའི་ཞིབ་འཇུག་བྱ་བ་སྤེལ་རྒྱུར་སྐུལ་མ་གཏོང་དགོས།

ལྔ་པ། བསམ་བློའི་ཀུན་སྤྱོད་སློབ་ཁྲིད་ཀྱི་མ་ལག་བཙུགས་ནས་བསམ་བློ་ཀུན་སྤྱོད་བྱ་བའི་མ་ལག་ཤིག་ཆགས་པར་བྱ་དགོས།

ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་སློབ་གྲྭ་ཆུང་འབྲིང་གི་རིག་ཚན་གྱི་ཀུན་སྤྱོད་སློབ་གསོའི་ཕྱོགས་སྟོན་ཞིབ་འཇུག་བྱས་ནས་བཟོས་ཏེ། རིག་ཚན་ཁག་གི་ཀུན་སྤྱོད་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན། ས་གནས་སོ་སོའི་སློབ་གྲྭ་ཁག་གིས“སློབ་གྲྭ་གཅིག་ལ་གྱོད་གཞི་གཅིག”གི་ཀུན་སྤྱོད་སློབ་གསོའི་བྱ་བའི་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྣ་ཚོགས་གཏིང་ཟབ་ངང་སྤེལ་བ། ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་བཅས་ཀྱིས་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོ་གཏིང་ཟབ་སྒོས་སྤེལ་དགོས། སློབ་སྲོལ་ལེགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཧུར་ཐག་སྒོས་ཁྱད་ཆོས་ལྡན་པའི་འཛིན་གྲྭར་བརྟེན་ནས་མིར་གསོ་སྐྱོང་བྱེད་པའི་རིག་གནས་གསར་འཛུགས་བྱས་ཏེ། དྭངས་གསལ་དཔལ་ཡོན་ལྡན་པའི་སློབ་གྲྭའི་དྲ་བའི་རིག་གནས་འཛུགས་སྐྱོང་བྱ་དགོས་ཟེར།

གཡང་སྐྱིད་ཀྱིས་བསྒྱུར།