ཀྲའོ་ཡུའེ་ཞ་ཡིས་མིན་ཡོན་རྫོང་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བྱ་བ་སོགས་ལ་རྟོག་ཞིབ་བྱས།

རང་རེའི་དྲ་བའི་འཕྲིན། ཟླ11པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་སོང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བྱ་བ་དང་། གཞི་རིམ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན། ཞིང་སྡེའི་ཏང་འཛུགས་དང་སྡེ་བའི་ཐུན་མོང་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་གཏོང་བའི་འབྲེལ་ཡོད་བྱ་བར་རྟོག་ཞིབ་བྱས།

ཀྲའོ་ཡུའེ་ཞ་མིན་ཡོན་རྫོང་ཏུང་ཁྲོན་གྲོང་རྡལ་གྱི་ཧྲི་ཨར་ཀུག་སྡེ་བར་སོང་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ལས་གཞི་ལ་ལྟ་ཞིབ་བྱས་པ་དང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པའི་མྱོང་ཚོར་ཐད་ནས་བསམ་བློ་བརྗེ་རེས་བྱས། ཞན་མུས་ཡུལ་ཚོ་ནས་ཁུལ་དང་རྫོང་གི་རྩ་འཛུགས་པུའུ་ཀྲང་དང་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འཐུས་མི་ཁ་ཤས་དང་མཉམ་དུ་གླེང་མོལ་བྱས་ཏེ། གཞི་རིམ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་གཏོང་བའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན། མོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་ནི་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་དང་པོ་ཡིན་པས། ཏང་གི་ཚན་རིག་རིགས་གཞུང་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་གཞི་རིམ་དུ་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། མོས་བསྟན་དོན། རིགས་གཞུང་གིས་དྲག་ཆས་སྤྲས་པའི་ཐད་ལ་ཤུགས་བསྣན་ཏེ། རིམ་པ་དང་རིགས་བགར་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཅིག་བསྡུས་སྒོས་སློབ་སྦྱོང་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ཐད་ལ་ཤུགས་བསྣན་ཏེ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ་དང་། འཐབ་འཛིང་བཙན་རྫོང་ཇེ་བརྟན་དུ་བཏང་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། རྟོག་ཞིབ་བྱེད་སྐབས། ཀྲའོ་ཡུའེ་ཞ་ཡིས་མཚོ་བྱང་ཁུལ་དུ་རིམས་ནད་འགོག་སྡོམ་གྱི་འཐབ་ཕྱོགས་དང་པོ་རུ་ལས་གནས་བརྟན་སྲུང་བྱེད་པའི་ཏང་ཡོན་ལས་བྱེད་པར་འཚམས་འདྲི་བྱས།

ལོ་ཙཱ་བ། ཤ་མོ་འཚོ།