གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་ལས་ཙོང་ཆུའི་ཟམ་ཆེན་གཉིས་པ་ཞིག་གསོ་བྱས་ཚར།

ཟླ11ཚེས11ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་དོ་དམ་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། ཙོང་ཆུའི་ཟམ་ཆེན་གཉིས་པའི་འབྲུབ་འགོག་ཞིག་གསོ་ལས་ཀར་རྩིས་ལེན་ཐོབ་པ་དང་། དེས་གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་གྱི་འབྲུབ་འགོག་ཞིག་གསོ་ལས་ཀ་གཞི་ནས་ལས་ཚར་བ་མཚོན།

གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་གྱི་འབྲུབ་འགོག་ཞིག་གསོ་ལས་གཞི་དེར་ལམ་རྒྱུད་ཀྱི་ཟམ་པ་བཅུ་གཅིག་འདུ་ལ།  སྔ་ཕྱི་དུས་རིམ་གཉིས་ཕྱེས་ནས་ཞིག་གསོ་བྱས་པར་ཞིབ་བཤེར་རྩིས་ལེན་ཐོབ། ལས་གཞི་དེར་རྨ་ཆུ་སྟོད་རྒྱུད་དང་བར་རྒྱུད་དོ་དམ་ཅུས་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཆེད་མཁས་པ་གདན་དྲངས་ནས་ཡུལ་དངོས་ལ་རྟོག་ཞིབ་སློབ་སྟོན་འོག ཞིག་གསོ་ཇུས་འགོད་བཟོས་ནས་བསྐྲུན་པ་ཡིན་པས། ཚད་ངེས་ཅན་ནས་ཆུ་ལོག་གི་ཉེན་ཁ་མི་འབྱུང་བར་འགན་ལེན་བྱས་ཡོདདེ། ཆུ་ལོག་རྒྱུག་ལམ་གྱི་ཞེང་གི་ཆེ་ཆུང་དེ་སྔའི་སྨི14 ནས་སྨི67བར་དང་། སྨི25ནས་སྨི100རུ་བསྐྱེད་ཡོད་ཅིང་། ཆུ་ངོས་ཀྱི་མཐོ་ཚད་མཐོ་ཤོས་ཆ་སྙོམས་སྨི1.66ཟིན་ནས་ཆུ་ལོག་གི་མཐོ་ཚད་དང་ཤོང་ཚད་ཚད་ངེས་ཅན་ནས་ཚོད་འཛིན་བྱས་ཡོད་པ་མ་ཟད། ཟམ་པ་དང་། དབོར་འདྲེན་ལམ་ཆེན་ལ་སོགས་སུ་འབྱུང་སྲིད་པའི་ཉེན་ཁ་སེལ་ཅི་ཐུབ་བྱས་ཡོད་པས། ལམ་རྒྱུད་ཀྱི་མི་དམངས་མང་ཚོགས་དང་ཟམ་པའི་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱས་ཡོད། 

ལོ་ཙཱ་བ། ཁོན་ཐར་འཚོ།