གྲངས་ཉུང་མི་རིགས་ལ་གསབ་སྦྱོང་བྱེད་པའི་འཆར་གཞི་དེས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་གནས་སྟངས་གསར་པ་སྦྱིན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་གནས་སྟངས་ཇེ་ལེགས་སུ་གཏོང་ཆེད། ཐིང་དེས2022ལོར་བོད་འབྲེལ་ཁུལ་དང་རྫོང་གི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་འཇོན་མིའི་དམིགས་གསལ་གསབ་སྦྱོང་བསྡུ་རྒྱུའི་འཆར་གཞི་འཐེན་པ་དང་། ལོ་རེར་བོད་འབྲེལ་ཁུལ་དྲུག་ནས་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་མི་སྣ40བདམས་ནས་ཞིང་ཆེན་གཞན་པར་ལོ་གཅིག་གི་རིང་ལ་གསབ་སྦྱོང་བྱེད་འཆར་ཡོད།

ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་གིས་མི་དོན་སྡེ་ཁག་གི་ཁྱད་ལྡན་གསབ་སྦྱོང་འཆར་གཞིའི་སྟེགས་བུ་ཡི་ལེགས་ཆ་བེད་སྤྱད་དེ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་དང་དོན་དངོས་གསབ་སྦྱོང་འཆར་གཞི་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཇོན་མི་གསབ་སྦྱོང་སྐྱེད་བསྲིངས་ཀྱི་ཆོད་སེམས་བླང་བྱ་ལྟར། དམིགས་གསལ་གསབ་སྦྱོང་ལམ་ལུགས་དང་ཐོན་ཁུངས། བྱེད་ནུས་ལེགས་ཆ་གཅིག་བསྡུས་བཅས་བོད་འབྲེལ་ཁུལ་དང་རྫོང་གི་འཇོན་མི་སྐྱེད་བསྲིངས་ཁྲོད་བཀོལ་རྒྱུ་ཡིན་པ་རེད། རང་ཞིང་གི་བོད་འབྲེལ་ཁུལ་དང་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཇོན་མིའི་དགོས་མཁོར་ཟུང་འབྲེལ་བྱས་ཏེ། སློབ་གསོ་འབུར་དུ་ཐོན་པ་དང་འཕྲོད་བསྟེན། བཟོ་སྐྲུན་ལག་རྩལ་ལས་རིགས་ཀྱི་འཇོན་མིའི་གསབ་སྦྱོང་གཙོ་གནད་གཞིར་བཟུང་ནས། རྒྱལ་ཁབ་ཀྱི་མཐུད་སྦྲེལ་ལ་རྒྱབ་སྐྱོར་དང་ས་ཁོངས་བརྒལ་བའི་མཉམ་སྤྱོད་ཐོན་ཁུངས་གསར་འཛུགས་བྱས་ཏེ། མཐུད་སྦྲེལ་རང་བཞིན་གྱི་གསབ་སྦྱོང་གིས་འཇོན་མིའི་གསབ་སྦྱོང་རྣམ་གཞག་བེད་སྤྱད་ནས། བོད་འབྲེལ་ཁུལ་དང་རྫོང་གི་འཇོན་མིའི་རང་བདག་གསབ་སྦྱོང་ཐད་ལ་གོ་དོན་དང་བསམ་གཞིག་གསར་པ་ཞིག་བྱུང་ཡོད། ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་གཙོ་གནད་དུ་བཟུང་ནས། ཞིང་ཆེན་གཞན་ནས་གསབ་སྦྱོང་སྤེལ་རྒྱུ་གནད་འགག་ཏུ་བཟུང་སྟེ། འཇོན་མིའི་མི་དོན་བྱ་བ་དང་མི་རིགས་མཐུན་སྒྲིལ་བྱ་བ་ཟུང་འབྲེལ་གྱིས་འཇོན་མིའི་གསབ་སྦྱོང་དང་མི་རིགས་མཐུན་སྒྲིལ་བྱ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།