མཚོ་སྔོན་ཞིང་ཆེན་གྱིས་ཐོག་མར་འོས་སྦྱོར་བྱས་པའི2022ལོའི་དུས་ཚིགས་བཞི་བའི“ཀྲུང་གོའི་མི་བཟང”གི་འོས་འདེམ་མིང་ཐོ་སྐོར་གྱི་སྤྱི་བསྒྲགས།

ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས“ངས་གམ་ན་ཡོད་པའི་མི་བཟང་གླེང་ནས་འོས་སྦྱོར་བྱེད”ཅེས་པའི་འབྲེལ་ཡོད་བྱེད་སྒོའི་བླང་བྱ་ལྟར། རིམ་ཁག་གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་དཔལ་ཡོན་གཞུང་སྒྲུབ་ཁང་གིས་སྐུལ་སློང་རྒྱ་ཆེར་དང་། དམ་འཛིན་ནན་མོ། རིམ་པ་ནས་འོས་སྦྱོར། ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གིས་དཔྱད་ཞིབ་བཅས་བརྒྱུད། ཐོག་མར་མི12ཞིང་ཆེན་གྱི2022ལོའི་དུས་ཚིགས་བཞི་བའི“ཀྲུང་གོའི་མི་བཟང”འོས་མིར་འོས་སྦྱོར་བྱས་ཡོད་པ་འདིར་དམིགས་སུ་བསྒྲགས་ནས་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་རྒྱ་ཆེའི་མང་ཚོགས་ཀྱིས་ལྟ་སྐུལ་ལ་དང་ལེན་བྱ་རྒྱུ་ཡིན་པས། བསམ་འཆར་དང་བསམ་ཚུལ་ཡོད་ན་སྤྱི་བསྒྲགས་ཀྱི་རིང་ལ་མིང་དངོས་བཀོད་དེ་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་ལ་གནས་ཚུལ་ཞུས་ཆོག

སྤྱི་བསྒྲགས་དུས་ཡུན། 2022ལོའི་ཟླ11ཚེས11ཉིན་ནས་ཟླ11ཚེས17ཉིན་བར་ཡིན།

ཁ་པར་ཨང་གྲངས། (བརྙན་སྐྱེལ་ཨང་གྲངས)0971-8482512ཡིན།

གློག་རྡུལ་ཡིག་ཟམ། qhswmb2074@163.com

ས་གནས། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་བདུན་གཅིག་ལམ་ཨང346བ་མཚོ་སྔོན་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་།

སྦྲགས་སྲིད་ཨང་གྲངས། 810000ཡིན།


མཚོ་སྔོན་ཞིང་ཆེན་བསམ་པའི་དཔལ་ཡོན་དར་སྤེལ་སློབ་སྟོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་།

2022ལོའི་ཟླ11ཚེས11ཉིན།

འོས་འདེམ་མིང་ཐོ།