མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་དུ་བསྡུས།

ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཡོངས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་རིས་ཁ་པར་གྲོས་ཚོགས་གྲོལ་རྗེས། རང་ཞིང་གིས་མྱུར་དུ་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱིས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་པར་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག ཡང་བསྐྱར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།

ཞིན་ཁྲང་ཞིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་མགོ་འཛིན་མཛད་དེ་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་ཡར་ཞུ་ལ་ཉན་པ་དང་། འགོག་སྡོམ་བྱ་བ་སྔར་ལས་ལེགས་སྒྱུར་བྱེད་པའི་བྱེད་ཐབས་ཉི་ཤུ་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དེ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་འགོག་སྡོམ་བྱ་བར་ཧ་ཅང་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་ཡོད་པ་དང་། རིམས་ནད་གནས་བབ་ལ་གསལ་རྟོགས་བྱས་པ་མཚོན་ཡོད་ལ། མི་དམངས་མང་ཚོགས་ལ་ཁག་ཁུར་ཆེན་པོ་གནང་བ་མཚོན་ཡོད་པར་མ་ཟད། ང་ཚོས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་པ་དང་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ལྡན་སྒོས་འཆར་འགོད་བྱེད་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་ཆབ་སྲིད་འགན་འཁྲི་དང་ལེན་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ལངས་གནས། ཆབ་སྲིད་ཀྱི་ཁག་ཁུར་ཐད་ནས་བློ་བརྟན་འགྱུར་མེད་སྒོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། བློ་བརྟན་འགྱུར་མེད་སྒོས་ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཇུས་གཞི་དངོས་འབེབས་བཟང་བོ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་ལག་བསྟར་བྱེད་པར་མ་ཟད། ནན་ཏན་སྒོས་སློབ་སྦྱོང་དང་གནད་ལ་འཁེལ་ཞིང་ཁོང་དུ་ཆུད་པར་བྱེད་པ་དང་། རིམ་པ་བཞིན་བྱེད་ཐབས་ཉི་ཤུ་དང་གཤིབ་སྡུར་བྱེད་དགོས་ལ། ཆོད་སེམས་བརྟན་པོ་དང་ཏན་ཏིག་སྒོས་བྱ་བ་སྒྲུབ་པ་དང་། དངོས་གཉེར་གྱི་བྱ་སྤྱོད་ལ་བརྟེན་ནས། རིམས་ནད་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་ཏན་ཏིག་དང་ཞིབ་ཕྲ་སྒོས་དམ་འཛིན་བྱེད་དགོས།

ཞིན་ཁྲང་ཞིང་གིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་མྱུར་དུ་གཅིག་གྱུར་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། གནད་ས་འབུར་དུ་ཐོན་པར་བྱེད་པ། གནད་དོན་ལ་གདོང་གཏད་དེ་སྟོབས་ཤུགས་གཅིག་སྒྲིལ་སྒོས་ཟི་ལིང་གི་རིམས་ནད་འགོག་སྡོམ་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པ་དང་། ཆེས་མགྱོགས་པའི་སྒོ་ནས་སྤྱི་ཚོགས་ངོས་གཙང་སེལ་བྱེད་དགོས། རིམས་ནད་གཏན་འགོག་བྱེད་པ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པའི་བླང་བྱ་གལ་ཆེན་ལྟར། སྔ་མོ་ནས་རྩད་གཅོད་དང་འགོག་སྲུང་གཙོར་འཛིན་པ་དང་། གནད་ལ་འཁེལ་བར་བྱེད་པ། ཞབས་ཞུ་བཟང་བོར་སྒྲུབ་ནས། རིམས་ནད་འཕྲལ་བསྟུན་ཐག་གཅོད་དང་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་ས་ཆ་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་སྒོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བརྟན་བརླིང་དང་གོ་རིམ་ལྡན་པར་འགན་སྲུང་བྱེད་དགོས་ལ། ཚད་མཐོན་པོས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། ཚད་མཐོན་པོས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བཟོས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་སྲིད་ལས་བྱེད་པ་དང་ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་ཕྲག་ཏུ་ལེན་པ་དང་ནུས་པ་ཇེ་ཆེར་གཏོང་བ། ཡུལ་དངོས་སུ་བཀོད་འདོམས་བྱེད་པ། སྔ་མོ་ནས་རྩད་གཅོད་པ་དང་མྱུར་དུ་ཐག་གཅོད་པ། ལས་རིམ་སོ་སོ་ནས་ཞིབ་ཕྲ་དང་ནན་ཏན་སྒོས་དངོས་འབེབས་བཟང་བོ་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཇུས་གཞི་རྒྱུན་འཁྱོངས་བྱེད་དགོས་ལ། བློ་བརྟན་འགྱུར་མེད་སྒོས་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་དགོས། འགོག་སྡོམ་བྱ་བ་ལེགས་སྒྱུར་བྱེད་པའི་བྱེད་ཐབས་ཉི་ཤུ་དང་གཤིབ་སྡུར་བྱེད་པ་དང་། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་སྐབས་དང་གནས་བབ། ས་གནས་བཅས་ལ་བསྟུན་ནས་འགོག་སྡོམ་བྱེད་ཐབས་ལེགས་སྒྱུར་བྱེད་པ་དང་། འགོག་སྡོམ་ཐག་གཅོད་ནུས་པ་མཐོར་འདེགས་སུ་གཏོང་བའི་ཚན་རིག་རང་བཞིན་དང་གནད་ཁེལ་རང་བཞིན། ཕན་འབྲས་རང་བཞིན་ཐད་ལ་ཤུགས་བསྣན་ནས། ཚད་མཐོན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། སྟོབས་ཤུགས་གཅིག་བསྡུས་སྒོས་ས་ཁུལ་གཙོ་བོའི་རིམས་ནད་ཚར་གཅོད་དམག་འཐབ་ཐད་ནས་རྒྱལ་ཁ་ལེན་པ་དང་། ཞིང་ཆེན་ཡོངས་ཀྱི་འགུལ་རྣམ་གཙང་སེལ་མངོན་འགྱུར་བྱེད་པ། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་དགོས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཕྱི་ནས་ནང་ལ་མཆེད་པ་འགོག་པའི་བྱ་བ་དམ་འཛིན་བྱས་ནས། དངོས་རྫས་འཁོར་སྐྱོད་དང་མཁོ་འདོན་ཕྲེང་འབྲེལ། ཐོན་ལས་ཕྲེང་འབྲེལ་བརྟན་འཇགས་གེགས་མེད་ཡོང་བར་འགན་སྲུང་བྱེད་དགོས། དུས་ཐོག་དང་དངོས་གཉེར། ཡང་དག་པ། ཕྱོགས་ཡོངས་ནས་རིམས་ནད་འགོག་སྡོམ་འགུལ་རྣམ་ཁྱབ་སྒྲོག་བྱེད་པ་དང་། རང་འགུལ་སྒོས་སྤྱི་ཚོགས་སྟེང་ཡིད་འཇོག་བྱེད་པའི་གནད་དོན་ཐག་གཅོད་པ། མཉམ་འགོག་མཉམ་འཛིན་གྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ལྡན་སྒོས་འཆར་འགོད་བྱས་ཏེ། གེགས་མེད་འགན་སྲུང་དང་ཐོན་སྐྱེད་འགན་སྲུང་། དམངས་ཚིས་འགན་སྲུང་། བདེ་འཇགས་འགན་སྲུང་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་། ཚད་མཐོན་པོས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཟོས་པའི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་སྟེ། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་གྱི་མགོ་ཁྲིད་པ་ཁྲིན་རོས་ཧྥིན་དང་ཝང་དབྱང་། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། ཀྲུའུ་ཞང་ཧྥིན། ཁོང་ཡུང་། དབྱང་ཀྲི་ཝུན། ལིས་ཧོང་ཡ་བཅས་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།