2023ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་སློབ་བསྡུ་ཨུ་ཡོན་ལྷན་ཁང་གི《2023ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་བྱ་བ་ལེགས་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་སློབ་བསྡུ་ཨུ་ལྷན〔2022〕ཡིག་ཆ་ཨང66པ)ཡི་བླང་བྱ་ལྟར། 2023ལོའི་མཐོ་རྒྱུགས་ཀྱི་ཐོ་འགོད་དང་འབྲེལ་བའི་དོན་ཚན་ཁག་ཡོངས་བསྒྲགས་བྱས་པ་གཤམ་གསལ།

གཅིག མིང་ཐོ་འགོད་པའི་དུས་ཚོད། 2022ལོའི་ཟླ11ཚེས10ཉིནནས་ཟླ12པའི་ཚེས10ཉིན་བར་ཡིན་ལ། དེ་ལས་སྒྱུ་རྩལ་རིགས་ཀྱི་སློབ་མས་ཟླ11ཚེས20ཉིན་གྱི་སྔུན་ལ་མིང་ཐོ་འགོད་ཚར་དགོས། བྱེ་བྲག་གི་ཐོ་འགོད་དུས་ཚོད་རྒྱུགས་ཁུལ་སོ་སོའི་རྒྱུགས་ཚན་དང་ས་གནས་ཀྱི་རིམས་ནད་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ་ཡིན་པས། རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་རྒྱུགས་ཁུལ་གྱི་སློབ་བསྡུ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་དུས་ལྟར་དོ་སྣང་བྱ་རྒྱུ་དང་ཡང་ན་ཁ་པར་བཏང་ནས་གནས་ཚུལ་གསལ་བོ་འདྲི་རྒྱུ་གལ་ཆེ།

གཉིས། མིང་ཐོ་འགོད་པའི་གོ་རིམ།

རིམས་ནད་ཀྱི་ཤུགས་རྐྱེན་འོག་གནས་སྐབས་སུ་ཐོ་འགོད་བྱེད་སར་བཅར་མི་ཐུབ་པས། རྒྱུགས་ཁུལ་གྱི་སློབ་བསྡུ་གཞུང་སྒྲུབ་ཁང་གིས་སློབ་མ་རེ་ལ་ཨང་རྟགས་རེ་དང་ཐོག་མའི་གསང་གྲངས་རེ་བཀོད་སྒྲིག་བྱས་ནས་བརྡ་གཏང་ངེས་ཡིན་ལ། སློབ་མ་རང་རང་གིས་སློབ་མའི་ཨང་རྟགས་དང་གསང་གྲངས་སྤྱད་ནས་དྲ་ཐོག་ནས་ཐོ་འགོད་དང་མི་སྒེར་གྱི་ཆ་འཕྲིན་བཀོད་ནས་གྲོན་དངུལ་འཇལ་དགོས། སློབ་མའི་ཐོབ་ཐང་ལག་འཁྱེར་དང་། པར་རིས། མཛུས་རིས་སོགས་ཐོ་འགོད་བྱེད་སས་ལོགས་སུ་བརྡ་བརྒྱབ་ནས་བསྡུ་རྒྱུ་ཡིན།

དམིགས་སུ་ཞུ་རྒྱུ་ཞིག་ལ་རྒྱུགས་ཞུགས་སློབ་མ་རྣམས་ཀྱིས་གློག་ཀླད་དང་ཡང་ན་ཁ་པར་ལམ་ནས་ཐོ་འགོད་བྱེད་དུས། ངེས་པར་དུ་མི་སྒེར་གྱི་ཆ་འཕྲིན་བྲིས་པ་ནོར་འཁྲུལ་བྱུང་ཡོད་མེད་ལ་ཞིབ་ཏུ་ཐོ་གཏུག་ནས་ཡང་དག་འགོད་དགོས།

སྒྱུ་རྩལ་རིགས་དང་ལུས་རྩལ་རིགས་ལ་རྒྱུགས་སྤྲོད་པའི་སློབ་མ་རྣམས་ཀྱིས་ངེས་པར་རྩོམ་རིག་ལོ་རྒྱུས་དང་དངོས་ལུགས་བཟོ་སྐྲུན་རིགས་ཀྱི་རིག་ཚན་འདེམས་པའི་ཞོར་ལ་སྒྱུ་རྩལ་རིགས་དང་ལུས་རྩལ་རིགས་ཀྱི་རིག་ཚན་འདེམ་ཆོག ཆེད་དུ་གསལ་འདེབས་ཞུ་རྒྱུ་ཞིག་ལ། སྒྱུ་རྩལ་རིགས་ལ་རྒྱུགས་སྤྲོད་པའི་སློབ་མ་རྣམས་ཀྱིས་འཕྲད་མར་རྒྱུགས་ཁུལ་གྱི་སློབ་བསྡུ་གཞུང་སྒྲུབ་ཁང་ལ་འབྲེལ་བ་བྱས་ཏེ། ཟླ11ཚེས20ཉིན་གྱི་སྔོན་ལ་དྲ་ཐོག་ནས་ཐོ་འགོད་བྱེད་ཚར་དགོས། གནས་ཚུལ་ཞིབ་ཕྲ་རྒྱུགས་ཁུལ་གྱི་སློབ་བསྡུ་གཞུང་སྒྲུབ་ཁང་ལ་འབྲེལ་བ་བྱས་ནས་ཞིབ་འདྲི་བྱ་རྒྱུ་གལ།

གསུམ། ཡིད་འཇོག་བྱ་དགོས་པའི་སྐོར།

1.སློབ་མས་ཞིང་ཆེན་བརྒལ་ནས་ཐོ་འགོད་ཉིས་བརྩེགས་བྱེད་མི་ཆོག

2.སློབ་མའི་རྒྱུགས་ཞུགས་ཆ་རྐྱེན་དང་། ལུས་ཕུང་བརྟག་བཤེར། ཐོབ་ཐང་ཞིབ་བཤེར་སོགས་འབྲེལ་ཡོད་ནང་དོན་ཟུར་བཀོད་ཡིག་ཆ་དང་པོ་ན་ཡོད། རྒྱུགས་ཞུགས་སློབ་མ་ཡོངས་ཀྱིས་སྔོན་ལ《རྒྱུགས་ཞུགས་སློབ་མའི་ལག་ལེན་ལག་དེབ》ལ་ཞིབ་ཏུ་བཀླག་དགོས་པ་མ་ཟད། རང་ཉིད་ཀྱི་སློབ་མའི་ཨང་རྟགས་དང་། ཐོ་འགོད་གསང་གྲངས་སོགས་ལ་བདག་སྐྱོང་བཟང་པོ་བྱས་ནས་ཕྱིར་ཤོར་མི་རུང་།

3. སློབ་མས་མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་གླིང་གི་དྲ་ཚིགས(www.qhjyks.com)དང་། སྐད་འཕྲིན་སྤྱི་སྟེགས“མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན”། དེ་མིན་རང་ཡོད་སའི་རྒྱུགས་ཁུལ་གྱི་སློབ་བསྡུ་གཞུང་སྒྲུབ་ཁང་གི་སྐད་འཕྲིན་སྤྱི་སྟེགས། QQཚོམས་སོགས་ལ་དོ་སྣང་བྱས་ནས་འབྲེལ་ཡོད་གནས་ཚུལ་དུས་ལྟར་ཤེས་རྟོགས་བྱ་དགོས།

4.རྒྱུགས་ཁུལ་སོ་སོའི་སློབ་བསྡུ་གཞུང་སྒྲུབ་ཁང་གི་རྩད་འདྲི་ཁ་པར(གྲོང་ཁྱེར་དང་ཁུལ་རིམ་པའི་སློབ་བསྡུ་གཞུང་སྒྲུབ་ཁང་ཚུད)ཨང་གྲངས་གཤམ་གསལ།

ནང་དོན་ཞིབ་ཕྲ་གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་ཤེས་ཐུབ།