མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི“མི་དམངས་ཀྱི་བློ་ཚིམ་པའི་གཞུང་ཞབས་པ་”དང་“མི་དམངས་ཀྱི་བློ་ཚིམ་པའི་གཞུང་ཞབས་ཐུན་མོང་”བདམས་པའི་ཐོག་མའི་མིང་ཐོ་སྐོར་གྱི་སྤྱི་བསྒྲགས།

སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱས་ནས་འབད་འབུངས་ཆེར་བསྐྱེད་ཀྱི་སྙིང་སྟོབས་དར་སྤེལ་གཏང་ཆེད་དང་། རྒྱ་ཆེའི་གཞུང་ཞབས་ཀྱི་དུས་རབས་གསར་པའི་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པར་ཡར་སྐུལ་བྱས་ནས་བློ་དཀར་ལ་ལས་འགན་ཁུར་དུ་འཁྱེར་ཕོད་པའི་བྱང་ཚད་ཅན་གྱི་གཞུང་ཞབས་པའི་དཔུང་སྡེ་གཟུག་ཆེད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིང་གཉིས་ཀྱིས《སྐབས་བཞི་བའི་མཚོ་སྔོན་ཞིང་ཆེན་གྱི“མི་དམངས་ཀྱི་བློ་ཚིམ་པའི་གཞུང་ཞབས་པ་དང་གཞུང་ཞབས་ཐུན་མོང”འདེམས་ནས་གཟེངས་བསྟོད་གནང་བའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་ཞིང་ཆེན་གཞུང་སྒྲུབ་ཐིང་གི(2022)ཡིག་ཆ་ཨང24)ཡི་དགོངས་དོན་གཞིར་བཟུང་། འོག་ནས་གོང་རིམ་བར་ཏེ་རིམ་པ་རེ་རེས་འོས་སྦྱོར་དང་འདེམས་གསེས། ཆབ་སྲིད་ཐད་ཞིབ་བཤེར། འབྲེལ་ཡོད་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་ལ་སོགས་བརྒྱུད་དེ། རྟོག་ཞིབ་ཟབ་མོ་བྱས་པའི་རྨང་གཞིའི་སྟེང་། རང་ཞིང་གི་གཞུང་ཞབས་པ་བཅུ་དང་གཞུང་ཞབས་ཐུན་མོང་དགུ་སྐབས་འདིའི་གཟེངས་བསྟོད་གནང་ཡུལ་གྱི་མིང་ཐོར་ཚུད་ཡོད། གོ་རིམ་ཧྲིལ་བོ་དམངས་གཙོ་ཡོང་བ་དང་ལྟ་སྐུལ་དོ་དམ་ལ་དང་ལེན་བྱ་ཆེད། ཐོག་མར་བདམས་པའི་གཟེངས་བསྟོད་བྱ་ཡུལ་གྱི་མིང་ཐོ་རྣམས་ཡོངས་བསྒྲགས་བྱས་པ་གཤམ་གསལ།

ཞིང་ཆེན་ཡོངས་ཀྱི“མི་དམངས་ཀྱི་བློ་ཚིམ་པའི་གཞུང་ཞབས་པ”བཅུ།





ཞིང་ཆེན་ཡོངས་ཀྱི“མི་དམངས་ཀྱི་བློ་ཚིམ་པའི་གཞུང་ཞབས་ཐུན་མོང”དགུ།

སྤྱི་བསྒྲགས་དུས་ཚོད2022ལོའི་ཟླ11ཚེས་8ཉིན་ནས་ཚེས14བར་ཡིན། ཡོངས་བསྒྲགས་ཀྱི་སྐབས་སུ་རྒྱ་ཆེ་ལས་བྱེད་མང་ཚོགས་ཀྱིས་ཁ་པར་དང་གློག་རྡུལ་ཡིག་ཟམ། ཡིག་རིགས། ཁ་ཐུག་ངོ་འཕྲད་སོགས་གང་རུང་ལམ་ནས་གོང་དུ་བདམས་ཡོད་པའི་མི་དེ་དག་གི་བྱ་སྤྱོད་དང་ནུས་པ། ལས་སྒྲུབ། ལས་ཕྱོད། ཆབ་སྲིད་ལ་སོགས་སུ་གནད་དོན་ཡོད་པ་དང་ཡང་ན་བསམ་འཆར་ཡོད་ན་དངོས་ཐོག་བདེན་འཚོལ་དང་། དྲང་བདེན་དྲང་བཞག་གི་ངང་ནས་ང་ཚོར་ཡར་ཞུ་བྱས་ཆོག དེ་ཡང་ལས་ཁུངས་ཀྱི་མིང་ཐོག་ནས་གནས་ཚུལ་ཞུ་ན་རྒྱུ་ཆའི་སྟེང་ལས་ཁུངས་ཀྱི་ཐམ་ག་རྒྱག་དགོས། མི་སྒེར་གྱི་མིང་ཐོག་ནས་གནས་ཚུལ་ཞུ་ན་རྒྱུ་ཆའི་སྟེང་རང་མིང་དངོས་འགོད་དགོས་པ་མ་ཟད་འབྲེལ་གཏུག་ཁ་པར་གྱི་ཨང་གྲངས་ཀྱང་གསལ་བོར་འབྲི་དགོས།

དང་ལེན་ལས་ཁུངས་ནི། ཞིང་ཆེན་དཔྱད་འདེམས་གཟེངས་བསྟོད་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ཡིན།

ཞུ་གཏུག་ཁ་པར། 8487512

ཡིག་བསྐུར་ས་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་བདུན་གཅིག་ལམ་ཨང346ཡིན།

སྦྲགས་སྲིད་ཨང་གྲངས། 810000ཞིང་ཆེན་དཔྱད་འདེམས་གཟེངས་བསྟོད་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་།


2022ལོའི་ཟླ11ཚེས8ཉིན།
ཁོན་ཐར་འཚོས་བསྒྱུར།