ཆེད་དོན་མ་དངུལ་ཁྲི110བཏང་སྟེ་མཚོ་སྔོན་གྱི་རིམས་འགོག་བྱ་བར་རམ་འདེགས་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རིམས་འགོག་གནས་སྟངས་ཛ་དྲག་ཆེ་ལ་རྙོག་འཛིང་ལྡན་པར་གཞིགས་ནས་བཟོ་ཚོགས་ཀྱི་རྩ་འཛུགས་ནུས་པ་གང་ལེགས་འདོན་ཆེད། འཕྲལ་དུ་ཆེད་དངུལ་ཁྲི110བཏང་སྟེ་ས་གནས་ཁག་གི་རིམས་ནད་འགོག་རྒོལ་དང་ཚར་གཅོད་ཐད་རམ་འདེགས་བྱས།

རེབ་འདིའི་རིམས་ནད་བྱུང་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་བཟོ་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་ལག་ལེན་དོན་འཁྱོལ་བྱེད་པ་དེ་དེང་གི་རིམས་འགོག་བྱ་བ་ཏན་ཏན་ཏིག་ཏིག་གིས་བསྒྲུབ་པར་ཟུང་དུ་སྦྲེལ་ཏེ། ཏང་གིས་ལས་བཟོ་མང་ཚོགས་བར་གྱི་འབྲེལ་ཟམ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ལྟེ་བའི་བཀོད་ཁྱབ་དཀྱིལ་སྙིང་བཟུང་སྟེ། ཁག་འགན་གཙོ་བོ་དང་ལས་འགན་གཙོ་བོར་དམིགས་ནས་ལས་བཟོ་མང་ཚོགས་ལ་བརྩེ་སེམས་ལྷད་མེད་ཀྱི་སྒོ་ནས་ཞབས་ཞུ་བསྒྲུབ་ནས་རིམས་འགོག་ལས་ཀ་གོ་རིམ་མ་འཆོལ་བར་ཤུགས་དང་ལྡན་པའི་སྒོ་ནས་ལེགས་པོར་བསྒྲུབས།

ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་མ་ལག་གིས་སྔ་གཞུག་ཏུ་རིམས་འགོག་ཐད་ཆེད་སྤྱོད་མ་དངུལ་ཁྲི3294.91བཏང་ཞིང་། དེ་ལས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མ་དངུལ་ཁྲི869བཏང་བ་དང་། རིམ་ཁག་གྲོང་ཁྱེར(ཁུལ)སྤྱི་ཁྱབ་བཟོ་ཚོགས་ཀྱིས་མ་དངུལ་སྒོར་ཁྲི738.45བཏང་། རྫོང་(ཆུས)རིམ་པའི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མ་དངུལ་ཁྲི650.87། ཞིང་ཆེན་རིམ་པའི་ཐོན་ལས་བཟོ་ཚོགས་དང་ཞིང་ཆེན་སྤྱི་ཁྱབ་ཐད་གཏོགས་བཟོ་ཚོགས་ཀྱིས་མ་དངུལ་ཁྲི1036.59བཅས་བཏང་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།