མཚོ་སྔོན་ཞིང་ཆེན་གྱི2022ལོའི་རྒྱལ་ཡོངས་ཀྱི་དར་མའི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་རྒྱུགས་ལེན་དུས་འགྱངས་བྱས་པའི་སྐོར་གྱི་བརྡ་ཐོ།

མིག་སྔར་རང་ཞིང་གི་རིམས་ནད་འགོག་ཟོན་གྱི་གནས་བབ་ཛ་དྲག་ཆེ་བར་དམིགས་ནས། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་སྤྲོད་ལས་དོན་པའི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མོས་མཐུན་ཐོབ་པ་དང་འབྲེལ་སློབ་གསོ་པུའུ་ལ་སྙན་སེང་ཞུས་ནས། 2022ལོའི་ཟླ11པའི་ཚེས5ཉིན་ནས་ཚེས6ཉིན་བར་རྒྱལ་ཡོངས་ཀྱི་དར་མའི་མཐོ་རྒྱུགས་དུས་འགྱངས་བྱས་པ་དང་། ཞིབ་ཕྲའི་དུས་ཚོད་ལོགས་སུ་བརྡ་ཐོ་གཏོང་རྒྱུ་རེད། 

ཐེངས་འདིའི་རྒྱུགས་ལེན་གྱི་མིང་ཐོ་མུ་མཐུད་དུ་འགོད་ཆོག་ལ། རྒྱུགས་སྤྲོད་སློབ་མས་མི་སྒེར་གྱི་འགོག་སྲུང་དང་བསྐྱར་སྦྱོང་ལ་མུ་མཐུད་དུ་གྲ་སྒྲིག་ཡག་པོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་སློབ་གསོའི་རྒྱུགས་ལེན་དྲ་བའི་གཞུང་ཕྱོགས་དྲ་ཚིགས་དང་སྐད་འཕྲིན་སྤྱི་རྟགས་སྟེང་ཁྱབ་སྒྲོག་བྱས་པའི་ཡིག་རྒྱུགས་ཆ་འཕྲིན་ལ་དོ་ཁུར་བྱས་ནས། ཡིག་རྒྱུགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱེད་དགོས། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་གྲོགས་པོ་ཚོས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུའི་རྒྱུགས་ལེན་གླིང་།

2022ལོའི་ཟླ11པའི་ཚེས2ཉིན།

ཟུར་བཀོད་ཡིག་ཆ།

མཚོ་སྔོན་ཞིང་ཆེན་གྱི2022ལོའི་དར་མའི་མཐོ་རྒྱུགས་ཀྱི་རྒྱུགས་ཁུལ་སོ་སོའི་འདྲི་རྩད་ཁ་པར་ཨང་གྲངས།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།